རྒྱ་ཡིག་ཡིག་བསྒྱུར་སློབ་མ་གསར་བསྡུའི་གསལ་བསྒྲགས།

རྒྱ་ཡིག་ཡིག་བསྒྱུར་སློབ་མ་གསར་བསྡུའི་གསལ་བསྒྲགས།
 
༄༅།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་མཛད་འཕྲིན་ལས་རྒྱལ་བསྟན་སྤྱི་དང་དགོས་སུ་དཔལ་ནཱལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ།ཐེག་པ་ཆེན་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་བོད་བརྒྱུད་ནང་བསྟན་དེ་བཞིན་འཛམ་གླིང་ཡུལ་གྲུབ་ཀུན་ལ་ཕན་པ་དང།་དོན་གཉེར་ཅན་ཇེ་མང་དུ་འགྲོ་བཞིན་པའི་དུས་འདིར།ཐེ་ཝན་མི་མང་གཙོས་པའི་རྒྱ་རིགས་ནང་ལའང་དོན་གཉེར་ཅན་ཇེ་མང་དུ་འགྲོ་བཞིན་པ་ལྟར།བོད་ཀྱི་ནང་བསྟན་དེ་བཞིན་རྒྱ་ཡིག་ཏུ་བསྒྱུར་ཐུབ་ན་དེ་བས་ཕན་ཐོག་ཡོང་ངེས་སོང་།༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར།དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་སློབ་སྟོན་འོགཐེ་ཝན་ལུགས་བཟང་པཎྜིཏ་ཆོས་ཚོགས་ནས་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་རྒྱ་ཡིག་ནང་བསྟན་ལོ་ཙྭ་བའི་སློབ་གྲྭ་ཞིག་གསར་གཙུགས་བྱེད་རྒྱུ་ཡིན་པས་ཆོས་རྒྱུད་རིས་སུ་མ་ཕྱེ་པའི་དགེ་འདུན་པ་འདིར་ཞུགས་འདོད་ཡོད་པ་རྣམས།༢༠༡༡ལོའི་ཟླ་༣པའི་ཚེས་༡༩ལས་འགྱངས་མེད་གཤམ་གསལ་གློག་ཕྲིན་དང་ཁ་པར་བརྒྱུད་སྙན་ཞུ་འབུལ་དགོས་པ་དང་།ཆ་རྐྱེན་ཚང་བའི་རྣམས།༢༠༡༡ལོའི་ཟླ་པའི་ཚེ་༢༣ཉིན་ཡིག་ངག་གཉིས་ཀྱི་ཐོག་ནས་རྒྱ་ཡིག་ཚོད་རྒྱུགས་གཏོང་རྒྱུ་ཡིན་པས་ཟླ་པའི་ཚེས་༢༢ཉིན་འབྱོར་ཐོ་འགོད་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ་ཕྱི་ལོ་༢༠༡༡ཟླ་ཚེས་ཉིན།
 
ཐོན་རྐྱེན་ཡོད་པ།
 
༡༽ཡིག་རྒྱུགས་དུ་ཞུགས་མཁན་རྣམས་ཀྱི་འགྲིམ་འགྲུལ་གྱི་འགྲོ་སོང་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་རིམ་པ་གཉིས་པའི་འཛིན་གཞིར་བཟུང་དང་ཟས་དོད་འདང་ངེས་ཞིག་ཀྱང་འབུལ་རྒྱུ།
༢༽འདེམས་སྒྲུག་བྱུང་བ་རྣམས་ལ་སློབ་སྦྱོང་གི་མཐུན་རྐྱེན་ཡོངས་རྫོགས་དང་ལག་དངུལ་ཟླ་རེར་ ཧིན་སྒོར་ ༡༠༠༠ དང་སློབ་མ་ལེགས་གྲས་རྣམས་ལ་ཟླ་རའི་བྱ་དགའ་སོགས་ཀྱང་ཡོད།
 
 
དགོས་ངེས་ཆ་རྐྱེན།༼དགོས་ངེས་ཆ་རྐྱེན་རྣམས་ངོ་བཅར་ཚུད་རྒྱུགས་སྐབས་ལྷན་དུ་ངེས་འཁྱེར་དགོས།༽
 
༡༽མ་མཐར་དབུ་ཕར་སློབ་སྦྱོང་མཐར་ཕྱིན་གྱི་ལག་འཁྱེར་ཚད་ལྡན་ཡོད་པ།
༢༽རྒྱ་ཡིག་གནས་ཚད་གཞི་རིམ་འཛིན་གྲྭ་དྲུག་པ་ཐོན་པའམ་འདི་དང་ཤེས་ཚད་མཉམ་པ་ཡོད་པ།
༣༽སློབ་གྲྭའི་སྒྲིག་འཛུགས་ལྟར་ལོ་གསུམ་རིང་སློབ་སྦྱོང་རྒྱུན་འཁྱོངས་ཐུག་པའི་ཆོད་སེམས་བརྟན་པོ་ཡོད་པ།
༤༽གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པ་ཚད་ལྡན་གྱི་ངོ་སྤྲོད་ཡི་གེ་ཡོད་པ།
༥༽རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་དང་དཔྱ་ཁྲལ་ལག་འཁྱེར་ཡོད་པ།
 
གོང་གི་ཆ་རྐྱེན་མ་ཚང་བ་རྣམས་ནས་སྙན་ཞུ་སོགས་འབྱོར་ཀྱང་རྩིས་མེད་དུ་གཏོང་རྒྱུ་ཡིན་པས་དེ་དོན་ དགོངས་འཇགས་འཚལ།
འབྲེལ་གཏུགས་ཁ་པར་༩༨༡༦༦༧༦༣༨༣
གློག་ཕྲིན་ཁ་བྱང་[email protected]

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply