གོམ་བགྲོད་ལས་འགུལ།

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་སྣེ་ཁྲིད་འོག ཨ་རིར་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༩ ཉིན་ནས་མགོ་འཛུགས་ཀྱིས་མེ་ལེ་ ༡༢༠ ཅན་གྱི་གོམ་བགྲོད་ལས་འགུལ་ཞིག་སྤེལ་འཆར་ཡོད་ཅིང་། དེ་ནི་བྱང་ཨ་རིའི་མངའ་སྡེ་མཱ་ས་ཅུ་སེཊ་ཀྱི་ས་གནས་ཁེབ་ཁོ་ཌེ་ནས་བྷོས་ཊོན་བར་ཡིན་འདུག

ད་རེབ་ཀྱི་གོམ་བགྲོད་དེ་ས་འདི་ནས་མགོ་འཛུགས་ཞུ་དོན། མངའ་སྡེ་འདི་བཞིན་ཨ་རིའི་རྒྱལ་རབས་ལོ་རྒྱུས་ནང་ཧ་ཅང་གལ་ཆེན་ཞིག་ཡིན་པ་དེ་ ཡང་། དུས་རབས་ ༡༧ པའི་ཕྱི་ལོ་ ༡༦༢༠ ལོ་མཇུག་ཏུ། དབྱིན་ཡུལ་ནང་གནས་སྐོར་བ་མང་དག་ཅིག་ལ་ཆོས་དད་རང་མོས་མེད་པར་སྐྱབས་བཅོལ་དུ་མི་འགྲོ་མཐུ་མེད་བྱུང་བར་ཐོག་མར་ས་གནས་ཁེབ་ཀོཊ་ནང་འབྱོར་ཏེ་མཐའ་མ་ཁོང་རྣམས་ས་གནས་དེ་གའི་ཕི་ལེ་མོའོ་ཐི་རོག (PLAYMOUTH ROCK) ཞེས་པར་གཞིས་ཆགས་བྱས། དེ་ནས་རིམ་པས་མི་མང་རྣམས་ནས་དབྱིན་ཇིའི་དབང་སྒྱུར་བར་གྱེན་ལོག་ངོ་རྒོལ་གྱི་མཐའ་མ་ཨ་རི་དབྱིན་འོག་ནས་རང་བཙན་ཐོབ་པའི་ལོ་རྒྱུས་ཡོད་ཟེར

ད་རེ་ཀྱི་གོམ་བགྲོད་འདི་ས་གནས་ཁེབ་ཁོ་ཌེ་ནང་གནས་བཞུགས་བོད་མི་ཁ་ཤས་དང་བྷོས་ཊོན་བོད་མིའི་སྤྱི་མཐུན་ཚོགས་པས་མཐུན་འགྱུར་རོགས་རམ་གྱིས་གོ་སྒྲིག་ཞུ་རྒྱུ་ཡིན་འདུག་ལ། ཐེངས་འདིའི་གོམ་བགྲོད་ཀྱི་དགོས་འདུན་ཁག་ནི། དང་པོ། ཉིན་ལྟར་རྒྱ་ནག་གི་སུན་གཙེར་འོག་དཀའ་སྡུག་མྱོང་བཞིན་པའི་བོད་རིགས་རྣམས་ལ་རང་དབང་འཐོབ་ཆེད་དང་། གཉིས་པ། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མི་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྣམ་གཉིས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཡོང་རྒྱུ། གསུམ་པ། རྒྱ་ནག་གི་ཅ་དངོས་ཉོ་སྤྱོད་མཚམས་འཇོག་བྱ་རྒྱུ། བཞི་བ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་དམངས་གཙོའི་ལམ་སྲོལ་ཐོག་འགྱུར་རྒྱུ། བོད་གཙོས་པའི་ཡུ་གུར་དང་ལྷོ་སོག་པོ། ཐེ་ཝན་བཅས་ལ་རང་བཙན་དགོས་རྒྱུ་བཅས་ཡིན་འདུག

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

2 thoughts on “གོམ་བགྲོད་ལས་འགུལ།

  1. ཁྱོད་རྣམས་ཀྱི་ལས་འགུལ་ལ་བླ་ན་མེད་པའི་རྒྱབ་བསྐྱོར་དང་། ཐོག་མའི་དམིགས་ཡུལ་ཇི་བཞིན་རླབས་ཆེན་གྱིས་གྲུབ་འབྲས་ཐོན་རྒྱུའི་བསྔོ་སྨོན་ཞུ་རྒྱུ།

  2. བོད་རང་བཙན་ལས་འགུལ་ཚོགས་པའི་གོམ་བགྲོད་བྱེད་པ་ལ་རྗེས་སུ་ཡིད་རང་དང་འབྲེལ། ས་གནས་དེ་ན་ཡོད་པའི་བོད་རིགས་རྣམས་ཡང་མཉམ་ཞུགས་བྱས་ན་གྲུབ་འབྲས་ཆེན་པོ་ཐོབ་པ་ཡིད་ཆེས་ཡོད།