བྱང་ཀོ་རི་ཡཱའི་རྣམ་འགྱུར།

ཁ་སང་ཕྱི་ཚེས་ ༣༡ ཉིན་བྱང་ཀོ་རི་ཡཱ་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ལྷོ་བྱང་ཀོ་རི་ཡཱའི་བར་ཞི་འགྲིག་དང་དམག་འཁྲུག་གང་དགོས་ལྷོ་ཀོ་རི་ཡཱའི་ལག་ཏུ་ཡོད་སྐོར་བརྗོད་དེ། བསྐྱར་དུ་ཕྱོགས་གཉིས་བར་གྱི་འབྲེལ་བ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། ཐེངས་འདིའི་བྱང་ཀོ་རི་ཡཱའི་གཞུང་འབྲེལ་བསྒྲགས་གཏམ་དེ་ནི། སྔ་ལོའི་ཕྱི་ཟླ་ ༡༡ ནང་ལྷོ་བྱང་བར་འཐབ་འཁྲུག་བྱུང་རྗེས་ཀྱི་སྐད་ཆ་ཐོག་མ་དེ་ཆགས་ཡོད་པ་རེད།

འདས་ལོའི་ལྷོ་བྱང་གཉིས་ཀྱི་འཐབ་འཁྲུག་གི་དོན་རྐྱེན་ཞི་འགྲིག་ཡོང་ཐབས་བྱས་སྐབས། ལྷོ་ཀོ་རི་ཡཱའི་ཕྱོགས་ནས་ལོ་དེའི་ཕྱི་ཟླ་ པའི་ནང་ལྷོ་ཀོ་རི་ཡཱའི་དམག་གྲུ་ཞིག་རྒྱལ་མཚམས་མཚོ་གླིང་ནས་གས་གཏོར་བཏང་སྟེ། གྲུ་ཐོག་གི་མི་ ༤༦ ཙམ་གྱི་ཚེ་སྲོག་ཤོར་བའི་དོན་དེ་བྱང་ཀོ་རི་ཡཱར་འབྲེལ་བ་ཡོད་པ་མ་ཟད། ཕྱི་ཟླ་ ༡༡ པའི་ནང་གི་དོན་རྐྱེན་དེའི་འགན་ཡོངས་རྫོགས་ཀྱང་བྱང་ཀོ་རི་ཡཱས་འཁུར་དགོས་ཚུལ་བརྗོད་ཡོད་སྟབས། ལྷོ་བྱང་གཉིས་ཀྱི་དོན་རྐྱེན་ད་ལྟའི་བར་ཛ་དྲག་ངང་གནས་ཡོད།

བྱང་ཀོ་རི་ཡཱའི་བསྒྲགས་གཏམ་དེའི་ནང་། སྔ་ལོའི་ཕྱི་ཟླ་ པའི་ནང་ལྷོ་ཀོ་རི་ཡཱའི་དམག་གྲུ་གས་གཏོར་བྱུང་བ་དེར་ཀོ་རི་ཡཱ་བྱང་མར་འབྲེལ་བ་མེད་པ་མ་ཟད། ཕྱི་ཟླ་ ༡༡ ནང་ཀོ་རི་ཡཱ་བྱང་མས་ཕར་རྒོལ་བྱས་པ་དེའང་ལྷོ་ཀོ་རི་ཡཱའི་བྱ་སྤྱོད་ཀྱི་དབང་གིས་དོན་དག་དེ་ལྟར་མི་བསྒྲུབ་ཐབས་མེད་ཆགས་པ་དང་། ཕྱོགས་གཉིས་བར་ཞི་འགྲིག་གམ་དམག་འཐབ་ཅི་འབྱུང་གི་གདམ་ཀ་ལྷོ་རི་ཡཱའི་ལག་ཏུ་ཡོད་པ་རེད། ཅེས་བརྗོད་འདུག

བསྒྲགས་གཏམ་དེར་ཀོ་རི་ཡཱ་ལྷོ་མའི་བདེ་འཇགས་བློན་ཆེན་གྱིས་ལན་འདེབས་བྱས་དོན། ཀོ་རི་ཡཱ་བྱང་མའི་བསྐྱར་དུ་དམག་འཐབ་མགོ་འཛུགས་བྱས་ཚེ། ང་ཚོས་བྱང་ཀོ་རི་ཡཱ་ཕམ་ཉེས་ཀྱིས་མགོ་འདོགས་མ་བྱས་པར་དུ་དྲག་རྒོལ་བྱ་ངེས་ཡིན། ཞེས་བརྗོད་འདུག

གསར་འགོད་པ། བནྟེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply