བསྐྱར་དུ་སྲིད་འཛིན་འོས་མིར་ལངས་རྒྱུ་ཡིན།

ལོ་རྗེས་མར་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྲིད་འཛིན་གྱི་དུས་ཡུན་རྫོགས་ཀྱི་ཡོད་སྟབས། ཁ་སང་ཕྱི་ཚེས་ ༤ ཉིན་སྲིད་འཛིན་ཨོ་བྷ་མས་གཉིས་སྟོང་བཅུ་གཉིས་ལོའི་སྲིད་འཛིན་འོས་འདེམས་ནང་བསྐྱར་དུ་ཞུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་འདུག

གསལ་བསྒྲགས་དེའི་ནང་། མི་འགྱང་པའི་དུས་ཡུན་ནང་། གྲོས་ཚོགས་འོས་བསྡུ་ལྷན་ཁང་ལ་ཁོ་རང་གཉིས་སྟོང་བཅུ་གཉིས་ལོའི་སྲིད་འཛིན་འོས་མིར་ལངས་དགོས་པའི་རྒྱུ་མཚན་དང་། ཆ་རྐྱེན་གང་དགོས་དང་ཁྲིམས་མཐུན་ཡིག་ཆ་ཁག་གཙང་འབུལ་ཞུ་རྒྱུ་ཡིན་ཟེར། ཁོང་སྒེར་གྱི་དྲ་ཚིགས་བརྒྱུད་ཨ་རིའི་དམངས་གཙོ་ཚོགས་པ་དང་། ང་ལ་བརྩེ་བའི་དཔུང་གདང་གཅིག་སྒྲིལ་གྱིས་རྒྱབ་སྐྱོར་གནང་མཁན་ཡོངས་ཀྱིས་སྔར་བཞིན་རམ་འདེགས་གནང་རོགས། ཞེས་འབོད་སྐུལ་ཡང་ཞུས་འདུག  

ཨོ་བྷ་མས་བསྐྱར་དུ་སྲིད་འཛིན་འོས་མིར་བཞུགས་རྒྱུའི་འགྲོ་ལུགས་ཆ་ཚང་སྒྲུབ་རྗེས་མ་དངུལ་བསྡུ་སློང་བྱ་རྒྱུ་ཡིན་སྐོར་ཡང་བརྗོད་འདུག སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་ན། ཨོ་བྷ་མ་གཉིས་སྟོང་བཅུ་གཉིས་ལོའི་སྲིད་འཛིན་འོས་མིའི་འགྲན་རྩོད་ནང་ཞུགས་ན། ཉུང་མཐར་ཨ་སྒོར་དུང་ཕྱུར་བཅུ་ལྷག་བསྡུ་ཐུབ་ངེས་རེད་ཟེར། གཞན། ད་སྔ་དམངས་གཙོ་ཚོགས་པའི་ནང་འོས་མི་གཞན་བྱུང་མེད་པ་མ་ཟད། སྤྱི་མཐུན་ཚོགས་པའི་ནང་དུའང་ད་སྔ་འོས་མི་སུ་གཅིག་ཀྱང་ཁྱབ་བསྒྲགས་བྱས་ཡོད་མི་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བསྐྱར་དུ་སྲིད་འཛིན་འོས་མིར་ལངས་རྒྱུ་ཡིན།

  1. བཛྲ་སུ་མ་ཏི།

    ཨོ་བྷ་མ་ལའང་རེ་བ་ལྷག་མ་ཅིག་བྱེད་འདོད་མེད། ད་ཐེང་རང་ཨ་རི་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་བཏང་བ་གང་མང་རེད། དེ་ཕྱིར་བོད་མི་དམངས་ཀྱི་རེ་བ་ལྷག་མ་ཅིག་གང་ནས་ཡོང་།

  2. དབྱངས་ཅན་སྒྲོལ་མ།

    ཨོ་བྷ་མས་བསྐྱར་དུ་སྲིད་འཛིན་འོས་མིར་བཞུགས་རྒྱུའི་འགྲོ་ལུགས་ཆ་ཚང་སྒྲུབ་རྗེས་མ་དངུལ་བསྡུ་སློང་བྱ་རྒྱུ་ཡིན་སྐོར་ཡང་བརྗོད་འདུག སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་ན། ཨོ་བྷ་མ་གཉིས་སྟོང་བཅུ་གཉིས་ལོའི་སྲིད་འཛིན་འོས་མིའི་འགྲན་རྩོད་ནང་ཞུགས་ན། ཉུང་མཐར་ཨ་སྒོར་དུང་ཕྱུར་བཅུ་ལྷག་བསྡུ་ཐུབ་ངེས་རེད་ཟེར་འདུག་ཞལ་འདེབས་དེ་ཚོ་སུ་ལ་དབང་བ་ཞིག་རེད།