ཡར་རྒྱས་ཀྱི་འཆར་སྣང་།

ཡར་རྒྱས་ཀྱི་འཆར་སྣང།

གཡག་དང་འབྲི་དེ་ཚོ་ག་པར་ཕྱིན་པ་རེད།

 

ཟླ་བ་ལྔ་པའི་ཚེས་ ༢༠ གཟའ་པ་སངས་ཉིན་གྱི་ཕྱི་དྲོའི་
ཆུ་ཚོད་ ༦:༠༠ ནས་ ༩:༣༠ བར།

 

ཟླ་བ་ལྔ་པའི་ཚེས་ ༢༡ གཟའ་སྤེན་པའི་ཉིན་གྱི་སྔ་དྲོའི་
ཆུ་ཚོད་ ༩:༣༠ ནས་ཕྱི་དྲོའི་ཆུ་ཚོད་ ༥:༣༠ བར།

 

མཚོ་བོད་མཐོ་སྒང་སྟེང་གི་རྩྭ་ཐང་ཁྱོན་ཡོངས་ལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་ཡོད།  རྩྭ་ཐང་སྟེང་ལ་བྱེ་ཐང་ཁྱབ་བརྡལ་དང་།  སྐྱེ་དངོས་ཀྱི་སྣེ་རིགས་མང་པོ་རྩ་སྟོང་འགྲོ་བཞིན་པ། དེ་བཞིན།  ཁོར་ཡུག་དོ་སྙོམས་ཀྱི་སླད།   མང་ཚོགས་གནས་སྤོས་བྱེད་པའི་སྲིད་འཇུས་ལས། བོད་པའི་སྤྱི་ཚོགས་དང་ས་ཁམས་ལ་འགྱུར་བ་ཆེན་པོ་ཐེབས་རྒྱུ་རེད། ད་ལྟ་རྩྭ་ཐང་ཐོག་ཏུ་བྱུང་བཞིན་པའི་འགྱུར་བ་དེ་ཚོས་མ་འོངས་པར་བོད་པ་ཚོར་སྔར་འཕྲད་མ་མྱོང་བའི་དཀའ་ངལ་དང་ཤུགས་རྐྱེན་གཏིང་ཟབ་ཐེབས་ངེས། དེར་བརྟེན་ཀུན་ཕན་ཐེབས་རྩ་ཚོགས་པས་ཟླ་བ་ལྔ་པའི་ཚེས་༢༠དང་༢༡ཉིན་འཕྲེང་རྒྱུད་གཏམ་ཚོགས་གཉིས་པ་སྟེ།ཡར་རྒྱས་ཀྱི་འཆར་སྣང་།ཞེས་པའི་ཚོགས་འདུ་དང་པོ་དེ་བསྐོངས་ནས་ད་ལྟའི་རྩྭ་ཐང་གི་གནས་སྟངས་དང་། མ་འོངས་པའི་འགྱུར་བ་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པས། ལྷན་རྒྱས་ང་ཚོའི་བགྲོ་གླེང་ཚོགས་འདུ་འདིར་མཉམ་ཞུགས་གནང་བར་རེ་བ་ཞུ།

 

ཡར་རྒྱས་ཀྱི་འཆར་སྣང་།ཞེས་པའི་བགྲོ་གླེང་ཚོགས་འདུ་འདིར་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མཁས་དབང་དང་ཆེད་ལས་པ་ཁག་གདན་འདྲེན་ཞུས་ནས་འཛམ་གླིང་ཁྱོན་ཡོངས་ལ་ཡར་རྒྱས་ལས་ཀའི་ཐབས་འཇུས་མི་འདྲ་བ་ལག་བསྟར་བྱེད་པ་དེ་ཚོར་བགྲོ་གླེང་དང་། དམིགས་བསལ་བོད་ཁུལ་ལ་ལག་བསྟར་བྱེད་བཞིན་པའི་ཡར་རྒྱས་ལས་ཀའི་གནས་བབ་ལ་དཔྱད་པ་བྱ་རྒྱུ་ཡིན་ནོ།

 

 

ཞིབ་ཆ་ཤེས་འདོད་པ་དང་མིང་ཐོ་འགོད་དགོས་ན་ www.trace.org ལ་ཕེབས་རོགས།

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply