འཇིགས་མེད་འབྱུང་གནས་ལགས་དབུས་གཙང་གི་སྤྱི་འཐར་འོས་མར་བཞེངས་པ།


༄༅།།  མཚུངས་མེད་དབུས་གཙང་རྒྱ་ཆེ་མང་ཚོགས་ཀྱི་སྙན་ལམ་དུ།

                                                      ཆེད་འབུལ།   ལམ་ཙམ་དགོངས་མངའ་བཞིན་གུས་ནས་བཙན་བྱོལ་སྤྱི་ཚོགས་ནང་ལོ་ངོ་ ༣༧ རིང་རང་ནུས་གང་ཡོད་ཀྱི་ཞབས་ཞུ་ཧུར་ཐག་ཞུས་ཏེ་སྒྲིག་གསལ་བཞིན་བགྲེས་ཡོལ་དུ་གནས་པའི་སྐབས་དེར། སྐབས་ ༡༥ དབུས་གཙང་སྤྱི་འཐུས་མི་འགྲོའི་ཆེད་ཚོགས་སྡེ་ཁག་མང་ནས་གུས་པ་འོས་མིར་དམིགས་འཛུགས་རྒྱབ་གཉེར་དང་སྦྲགས་སྔོན་འགྲོའི་སྐབས་འོས་འཕེན་ཁྱོན་ཆེ་བྱུང་བ་བཅས་ལ་བརྟེན་དབུས་གཙང་ཆོལ་ཁའི་སྤྱི་འཐུས་མི་འགྲོའི་ནང་བཞུགས་ཏེ་དངོས་གཞིའི་སྐབས་མི་འགྲོ་བཅུ་དགོས་པའི་ཁུངས་སུ་ཚུད་ཡོད་ནའང་།  སྒྲིག་གསལ་བརྒྱ་ཆ་ལོན་མིན་གྱིས་སྐབས་འདིར་སྤྱི་འཐུས་མི་འགྲོའི་ནང་ཚུད་མིན་ལ་མ་བལྟོས་པར་མི་མང་ ༧༦༩༦ ནས་རྩ་ཆེའི་འོས་འཕེན་གནང་པར་ཐུགས་རྗེ་ཞུ་རྒྱུ་དང་སྦྲགས། བར་མའི་འོས་བསྡུའི་སྐབས་འོས་ཐོན་བྱུང་ཚེ་རང་རེའི་སྙིང་ལ་གནག་པའི་སྤྱི་དོན་ཐོག་སེམས་བཅངས་འབད་འབུངས་སྔར་བཞིན་གང་ནུས་ཞུ་རྒྱུ་ཡིན་པ་བཅས།  སྦེལ་ཀོབ་བདེ་སླར་གཞིས་ཆགས་ནས་རྩིས་ཞིབ་དྲུང་ཆེ་ཟུར་པ་འཇིགས་མེད་འབྱུང་གནས་ཀྱིས་ ༢༠༡༡ ཟླ་   ཚེས་   ལ།

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply