༄༅།།དགེ་སློང་བློ་གྲོས་སམ་བརྩོན་འགྲུས་ནས་༸སྐྱབས་མགོན་ཆེན་པོར་གསོལ་འདེབས།།


༄༅།།དགེ་སློང་
བློ་གྲོས་སམ་བརྩོན་འགྲུས་ས་༸སྐྱབས་མགོན་ཆེན་པོར་གསོལ་འདེབས།།

 ༄༅། །ལྷ་མིན་བདུད་སྡེ་ཚར་གཅོད་ལྷ་ཡི་དབང།། མཐུ་སྟོབས་ནུས་པའི་རྡོ་རྗེ་རྩེ་བརྒྱ་པས།། ལྟ་ངན་ལོག་ལྟའི་བྲག་རི་འཇོམས་མཛད་པ།། འཇིག་མཛད་ཧེ་རུ་ཀ་དཔལ་གསོལ་བ་འདེབས།། ཅེས་མཆོད་པ་བརྗོད་པ་སྔོན་དུ་བཏང་སྟེ་༸མགོན་ཁྱོད་ཀྱིས་དེ་སྔར་དོལ་རྒྱལ་ཆོས་དབྱིངས་སུ་སྒྲོལ་ནས་རིས་མེད་བསྟན་པའི་མཐུན་སྒྲིལ་དང་སེམས་ཅན་མང་པོའི་ནད་གདོན་ཚེ་སྲོག་ལས་སྐྱབས་གནང་བར་བཀའ་དྲིན་རྗེས་དྲན་དང། དེང་གནས་ཆུང་ལྷ་མི་གཉིས་ལའང་བཀའ་རྩད་ཅུང་ཟད་ཞིག་གནང་རོགས་ཞུ་རྒྱུ་ཡིན།

གང་ལ་ཞེན་གུས་པ་འདི་གའི་ཁྲིམས་མཐུན་སློབ་དཔོན་ཞིག་ཡིན་ཁུལ་ཡིན་ཡང་། ངོས་ནས་རྡོ་རྗེ་ལགས་ཕམ་པ་ གོས་མེད་པའི་ངོས་ལེན་ཞུས་མ་ཐུབ་གཙང་གུས་པ་དགོན་པར་སྡོད་བཟོད་བྲལ་བ་བྱུང་བར་མ་ཟདདགོན་པའི་སྐྱིད་སྡུག་མེད་རུང་ད་དུང་ཕྱིར་སྐྱོད་གང་སར་འགོག་རྐྱེན་བྱེད་ཀྱི་འདུག་པས་དངོས་འདྲེན་བྱས་ནདེ་ལ་ལྷ་མི་གཉིས་ཀ་བྱུས་གཏོགས་མེད་པ་ལྟ་བུ་ཡིན་རུང་ད་དུང་མུ་འཐུད་ནས་བར་ཆད་བྱེད་ཀྱི་འདུག་ཅིང་ལྷ་མི་གཉིས་ཀས་དྲེགས་པའི་རང་འཚང་ཡང་སེ་བསྟན་གྱི་འདུག་ན་རྗེས་སུའང་གང་ཡང་བྱེད་སྲིད་པས་བསྟན་སྲུང་དང་བསྟན་འཛིན་མིང་གི་ཐོག་ནས་དེ་འདྲ་བྱེད་མ་བཅུག་རོགས་ཞུ་རྒྱུ་ཡིན།།

འདི་ནི་ཟུར་མཇལ་དུ་ཞུ་རྒྱུ་ཡིན་པ་གོར་མ་ཆགས་ཀྱང་ཡིག་ཚང་བརྒྱུད་ལན་གཉིས་ཚོད་གླེང་སློང་ཕུལ་ཡང་རྒྱ་མཚོར་རྡོ་བླུག་པ་བཞིན་གྱུར་པས་ད་ལམ་ཚགས་དཔར་བརྒྱུད་མི་ཞུ་ཀ་མེད་རེད།། ཞིབ་ཕྲ་ཟུར་མཇལ་བྱུང་ན་ཞུ་རྒྱུ་ཡོད།། ང་ཡང་སེམས་ཅན་ཉམས་ཆུང་ཞིག་ཡིན་པས་འཕགས་པ་སྤྱན་རས་གཟིགས་༸ཁྱེད་ཀྱི་ཐུགས་རྗེས་འདོར་ག་ལ་སྲིད།། གལ་སྲིད་བཀའ་རྩད་གླེང་གཞི་ཐུགས་རྒྱུས་མེད་དགོངས་ན་འདིར་ས་བོན་ཙམ་ཞུས་ན། ༡ རྡོ་ རྗེ་ལགས་ཕམ་པའི་གླེང་གཞི་ཡོངས་གྲགས་ལྷག་ཀྱང་འབུད་མ་ཐུབ་ཀྱང་ཆེད་དུ་གཉེར་ནས་བསྡད་རོགས་བྱེད་ལབ་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ༢ ངག་དབང་ལགས་ཁོ་རང་གི་དངུལ་དགོན་པར་འབུལ་འདོད་མེད་པ་ལ་ཨུ་ཚུགས་ནན་བཀར་གྱིས་ཡར་དགོས་ཞེས་ཐ་ན་ཁོང་གི་སྔོན་ལ་སློབ་དཔོན་གཅིག་ཀྱང་སྐྱིད་སྡུག་འགྲོ་གི་ཡོད་པ་ཤེས་བཞིན་དུ་ཁོང་ཛ་དྲག་སྐྱིད་སྡུག་གཏོང་དགོས་པ་གང་ཡིན་ནམ། ཆོས་སྐྱོང་ལ་དམ་ཚིག་ཡེ་ཤེས་ཆོས་ རྗེའི་རྩ་ཁམས་ལྷ་སང་སོགས་ཆ་མ་ཕྱེ་ནས་ཞུ་རྒྱུར། ༡ ང་ལ་ལྷ་མི་གཉིས་ཀས་སློབ་དཔོན་བཀོད་ཚར་ནས་ལས་སྣེ་གལ་ཆེ་ཞིག་ཡིན་པ་སུས་ཀྱང་ཤེས་ན་འབྲེལ་ཡོད་བཀའ་ལུང་རྣམས་ང་མེད་སར་གསུངས་པ་གང་ཡིན་ནམ། ༢ ལྷག་པར་ཞེ་ནིང་ལོར་གུས་པར་ངོས་ཀྱི་བ་གམ་ལ་རྒྱུན་དུ་མཆོད་གཏོར་བགྱི་ཞེས་ལུང་དང་པོ་གསུངས་ཀྱང་ན་ནིང་ལོར་མཆོད་གཏོར་བགྱིས་པ་ལ་འགལ་རྐྱེན་དེ་ལྟར་ཡོད་ཚུལ་ལུང་ཞུ་འབུལ་ཁུལ་བྱེད་ཀྱང་ཡ་མ་གནང་བ་གང་ཡིན་ནམ། ཞེས་གསུངས་ན་དངོས་དོན་བརྙེས་པར་ཁུམ་དེ་མིན་རང་ཅག་གི་སྟོན་ པ་ལ་མི་གྲལ་མ་བརྩིས་དུས་ང་ལ་ནི་དུད་འགྲོ་ཁོངས་ལ་བརྩིས་ཀྱི་མི་འདུག་ཅེས་ཕྱག་བཅས་ཞུ་པོ་བློ་གྲོས་སམ་བརྩོན་འགྲུས་སོ།།

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply