ནོར་ཝེ་རླུང་འཕྲིན་ཁང་གི་ལས་བྱེད་ས་མིག་གསལ་བསྒྲགས།

༄༅། །ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བོད་སྐད་དང་རྒྱ་སྐད་སྡེ་ཚན་ནང་གསར་འགོད་པ་རེ་གསར་བསྡུ་ཞུ་རྒྱུ་དང༌། གསར་འགོད་པར་འདེམས་ཐོན་བྱུང་མཚམས་ཟླ་དྲུག་རིང་ཚོད་བལྟ་དང༌། དེ་རྗེས་ལས་བྱེད་ངོ་མར་བསྐོ་བཞག་བྱ་རྒྱུ་ཡིན། གསར་འགོད་པའི་ཡིག་རྒྱུགས་ནང་འཛུལ་བཞུགས་ཆེད་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་མཚན་ཐོག་ཕྱི་ཟླ་ ༧ ཚེས་ ༡༥ ནང་ཚུད་སྙན་ཞུ་ཕུལ་འབྱོར་ཐུབ་པ་དགོས།

བོད་སྐད་སྡེ་ཚན་གྱི་གསར་འགོད་པའི་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མཁན་ཚོར་གཤམ་འཁོད་ཆ་རྐྱེན་རྣམས་ངེས་པར་དུ་ཚང་དགོས།

༡༽ བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་དང༌། སྐྱབས་བཅོལ་ལག་ཁྱེར་ RC ཡང་ན། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གང་རུང༌།
༢༽ བོད་དབྱིན་གཉིས་ཀྱི་གནས་ཚད་ལེགས་པོ་ཡོད་པ།
༣༽ Bachelor’s Degree ཡང་ན། དེ་དང་མཚུངས་པའི་ལག་ཁྱེར་ལྡན་པ།
༤༽ གསར་འགྱུར་ལས་རིགས་ལ་རྒྱུན་དུ་དོ་དབྱིངས་ཡོད་པ།
༥༽ དབུས་སྐད་ཀྱི་སྒྲ་གདངས་གསལ་པོ་དང༌། ཀློག་བཟང་པོ་ཡོད་པ།
༦༽ གཟུགས་ཐང་ལས་འཕེར་ཡིན་པའི་སྨན་ཁང་ཚད་ལྡན་གྱི་ངོས་སྦྱོར།
༧༽ ལས་ཁུངས་གཞན་ཏུ་ལས་ཀ་བྱ་མུས་ཡིན་ཚེ། ལས་ཁུངས་དེས་དགག་ཆ་མེད་པའི་ངོས་སྦྱོར་དགོས།
༨༽ གསར་འགོད་པར་འདེམས་ཐོན་བྱུང་ཚེ་ཟླ་དྲུག་རིང་ཚོད་ལྟ་དང༌། དེའི་རྗེས་རླུང་འཕྲིན་ཁང་དུ་ཉུང་མཐར་ལོ་གསུམ་རིང་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ།

རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པའི་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མཁན་ཚོར་གཤམ་འཁོད་ཆ་རྐྱེན་རྣམས་ངེས་པར་དུ་ཚང་དགོས།

༡༽ བོད་རྒྱ་གཉིས་ཀྱི་གནས་ཚད་ལེགས་པོ་ཡོད་པ།
༢༽ ཉུང་མཐར་འཛིན་རིམ་བཅུ་གཉིས་ཀྱི་ལག་ཁྱེར་ལྡན་པ།
༣༽ རྒྱའི་སྤྱི་སྐད་(普通话)ཀྱི་སྒྲ་གདངས་གསལ་པོ་དང༌། ཀློག་བཟང་པོ་ཡོད་པ།
༼ཆ་རྐྱེན་གཞན་ཁག་ལས་དོན་ཚན་༡།༤།༦།༧།༨བཅས་གོང་གསལ་བོད་སྐད་གསར་འགོད་པ་དང་གཅིག་མཚུངས་ཡིན།༽
 
གོང་གསལ་ཆ་རྐྱེན་ལྡན་པ་དང༌། གསར་འགོད་པའི་ལས་དོན་ནང་ཞུགས་འདོད་ཡོད་རིགས་རྣམས་ཚུད་རྒྱུགས་ནང་ཞུགས་རྒྱུའི་ཆེད། རང་གི་སྙན་ཞུ་དང༌། གོང་གསལ་ཆ་རྐྱེན་གྱི་ཁུངས་སྐྱེལ་ཡིག་ཆ་ཁག་དང༌། སློབ་སྦྱོང་ཐོན་པའི་ལག་ཁྱེར་སོགས་ཀྱི་ངོ་བཤུས་ཐོག་འབྲེལ་ཡོད་ས་གནས་འགོ་འཛིན་ནས་ར་སྤྲོད་ཁུངས་སྐྱེལ་གྱི་མཆན་རྟགས་ཞུས་པའི་ངོ་བཤུས་བཅས་གོང་གསལ་དུས་ཚེས་ནང་ཚུན་མཉམ་འབུལ་ཞུ་དགོས།
གསར་འགོད་པའི་སློབ་སྦྱོང་ཐོན་པའམ་བོད་པའི་སྤྱི་ཚོགས་ལས་རིགས་ཀྱི་ཉམས་མྱོང་ཡོད་པ་རྣམས་ལ་དམིགས་བསལ་ཨང་ཐོབ་ཀྱི་ཁེ་ཕན་ཡོད་པ་བཅས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་ཕྱི་ལོ་༢༠༡༡ ཟླ་ ༦ པའི་ཚཻས་༢༠ ལ།
 
 
 
 
 
 
 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply