སེ་རི་ཡའི་དམངས་གཙོ་བཅོས་བསྒྱུར།

སེ་རི་ཡའི་གཞུང་གིས་དེ་སྔོན་གྱི་སྲིད་དབང་གཅིག་སྡུད་ལམ་ལུགས་རྩ་ཁྲིམས་ལ་བཅོས་སྒྱུར་བཏང་སྟེ་ཆབ་སྲིད་ཚོགས་པ་འདྲ་མིན་འཛུགས་ཆོག་པའི་ལམ་ཁ་བཟོས་ཡོད་འདུག

ཉིན་འདི་འགའི་རིང་སེ་རི་ཡའི་གཞུང་གིས་དེ་སྔོན་གྱི་རྩ་ཁྲིམས་ལ་དམངས་གཙོའི་ཁྱད་ཆོས་ལྡན་པའི་བཅོས་སྒྱུར་བྱེད་ཀྱིན་ཡོད་པ་དང་། རྩ་ཁྲིམས་བསྐྱར་བཅོས་ཀྱི་གལ་ཆེ་ཤོས་ནི་ལྟ་གྲུབ་དང་སྲིད་ཇུས་འདྲ་མིན་ཐོག་ཆབ་སྲིད་ཚོགས་པ་འཛུགས་རྒྱུར་ཐག་གཅོད་བྱུང་ཡོད་པ་དེ་ཡིན་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༢༥ སེ་རི་ཡའི་གཞུང་འབྲེལ་བརྙན་འཕྲིན་སཱ་ནཱ་ནས་སྤེལ་པའི་གནས་ཚུལ་ལྟར་ན། མི་མང་གི་ཆབ་སྲིད་ཀྱི་གོ་རྟོགས་གོང་མཐོར་འགྲོ་རྒྱུ་དང་། སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་པའི་ཁོར་ཡུག་སྐྲུན་རྒྱུ། གཞུང་གི་ཆབ་སྲིད་ལ་འགྱུར་པ་གཏོང་ཆོག་པ་བཅས་ལ་དམིགས་ཏེ་ད་ཡོད་རྩ་ཁྲིམས་ལ་བསྐྱར་བཅོས་བྱེད་ཀྱི་ཡོད། ཅེས་བསྒྲགས་ཡོད་འདུག

གཟའ་ཟླ་བའི་ཉིན་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྐུ་ཞབས་མོ་ཧཱ་མེ་ཌི་(Mohammad Habash) ཟེར་བ་ཞིག་གིས་གསར་ལམ་ཁག་ཏུ་ད་ལྟའི་རྩ་ཁྲིམས་བསྐྱར་བཅོས་ཟིན་བྲིས་འདི་གྲོས་ཚོགས་ནང་མཐའ་མའི་ཐག་གཅོད་བྱ་དགོས་པ་དང་། དེ་ནི་ཕལ་ཆེར་གྲོས་ཚོགས་ཚོགས་དུས་རྗེས་མ་སྟེ། ཕྱི་ཟླ་བརྒྱད་པའི་ཚེས་བདུན་ཉིན་གྱི་གྲོས་ཚོགས་ནང་བགྲོ་གླེང་ཐག་གཅོད་བྱ་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

སེ་རི་ཡའི་ཕ་ཤུལ་བུ་འཛིན་གྱི་གཞུང་གིས་དེ་སྔ་ ༡༩༦༣ ལོ་ནས་གཞུང་འཛིན་ཆབ་སྲིད་ཚོགས་པ་བྷ་ཐི་(Baath Pary) གཅིག་པུ་ལས་ཆབ་སྲིད་ཚོགས་པ་གཞན་འཛུགས་མི་ཆོག་པའི་རྩ་ཁྲིམས་བཟོས་ཡོད་པ་དང་། རྩ་ཁྲིམས་ཀྱི་ཡིག་ཆ་ཨང་ ནང་བྷ་ཐི་ཚོགས་པ་ནི་སེ་རི་ཡ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་མགོ་ཁྲིད་ཡིན། ཞེས་བཀོད་ཡོད། ད་ལོའི་ཕྱི་ཟླ་གསུམ་པ་ནས་བྱུང་པའི་མི་མང་གྱེན་ལངས་ཀྱིོ་དགོས་འདུན་གཙོ་བོ་ཡང་རྩ་ཁྲིམས་ཡིག་ཆ་ཨང་༨ པ་ཕྱིར་བསྡུ་དང་སེ་རི་ཡའི་རྒྱལ་ཁོངས་སུ་ལྟ་གྲུབ་དང་སྲིད་ཇུས་འདྲ་མིན་ཡོད་པའི་ཆབ་སྲིད་ཚོགས་པ་འཛུགས་རྒྱུའི་རང་དབང་དང་དགོས་པ་དེ་ཆགས་ཡོད།  

འདས་པའི་ཟླ་བཞི་ལྷག་གི་སེ་རི་ཡའི་ཟིང་འཁྲུག་ཁྲོད་མི་སེར་ ༡༤༠༠ དང་གཞུང་དམག་ ༣༥༠ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “སེ་རི་ཡའི་དམངས་གཙོ་བཅོས་བསྒྱུར།

  1. བཙན་བྱོལ་བ་

    ལོ་འདིའི་ནང་དུ་འགྱུར་བ་ཆེ་ཤོས་ནི་ཁ་ཆེ་ཡུལ་གྲུ་དང་ཨཧྥི་རི་ཀའི་ཡུལ་གྲུ་ཁག་གཅིག་གི་ནང་དུ་དམངས་གཙོ་གྱེན་ལོག་བྱུང་བ་དེ་རེད། འདི་ནི་ངོ་མཚར་སྐྱེ་འོས་པའི་བྱ་བཞག་གཅིག་རེད་ལ་སྤོབས་པ་སྐྱེ་འོས་པའི་བྱ་བཞག་གཅིག་རེད། དཔེར་ན། སི་རི་ཡའི་དམངས་གཙོའི་གྱེན་ལོག་ཁྲོད་དུ་ཡུལ་མི་ ༡༤༠༠ སྲོག་སྐྱོན་ཤོར་བ་ནི་ང་ཚོ་བོད་ཀྱི་ ༢༠༠༨ ཟིང་འཁྲུག་གི་སྲོག་སྐྱོན་ཤོར་བ་ལས་ལྡབ་ལྔའི་མང་བ་ཤོས་ཡོད། དཀའ་ལས་ཇི་ཙམ་མང་བ་རྒྱབ་ཐུབ་པ་དེའི་ཚོད་ཀྱིས་གྲུབ་འབྲས་ཀྱང་ཐོན་རྒྱུ་ཡག་པ་ཡོད་ཟེར་བ་དེ་ངོ་མ་བདེན་པ་རེད་འདུག འགྲོ་བ་མི་གྲངས་ཕོན་ཆེར་དེ་ཙམ་ཚེ་སྲོག་ཤོར་བ་དེ་ཤོར་རིན་བྱུང་འདུག གྱེན་ལོག་འདི་དག་ལ་ང་ཚོ་བོད་མི་རིགས་ཀྱིས་མིག་དཔེ་བལྟ་འོས་པ་རེད་འདུག གནས་ཚུལ་དེ་ལྟ་བུ་རིགས་རང་ཉིད་ཀྱི་ཉེ་འབྲེལ་གཞིས་ལུས་ཁག་ལ་སེམས་ཤུགས་སྤེལ་ཆེད་གནས་ཚུལ་འགྲལེ་བཤད་བྱེད་ན་ཡག་པོ་རེད་སྙམ།

    ཁོ་བོ་སྐབས་འདིར་ངོ་མཚར་སྐྱེ་ཤོས་སྐྱེས་པ་ནི་དམངས་གཙོ་གསར་པ་བཅོས་བསྒྱུར་དེ་ལ་སྐྱེས་སོང་། དེ་ཡང་ཐོག་མ་ཉིད་ནས་ཚོགས་པ་ལྡན་པའི་དམངས་གཙོ་འགྲོ་ལུགས་སྤེལ་བ་ལ་ངོ་མར་བསྔགས་བརྗོད་ཞུ་འོས་པ་རེད། སི་རི་ཡ་གཅིག་པུ་མ་ཡིན་པར་དམངས་གཙོ་རྒྱལ་ཁབ་ཐོག་མར་བཙུགས་པ་དེའི་ཚེ་ཚོགས་པ་གཉིས་སམ་སྣ་མང་ལྡན་པའི་དམངས་གཙོ་ཞིག་བསྐྲུན་པ་ལས་ང་ཚོ་བོད་ཀྱི་དམངས་གཙོ་ལྟ་བུ་ཞིག་གང་ན་ཡང་མཐོང་རྒྱུ་མིན་འདུག གཅིག་བྱས་ན། ང་ཚོའི་དེ་ཡག་ཤོས་དང་མཚམས་ཤོས་ཡིན་རྒྱུ་རེད། གཅིག་བྱས་ན་དེ་ལས་ལྡོག་སྟེ་ལམ་ལུགས་འདི་དམངས་གཙོ་འགྲོ་ལུགས་མི་ཤེས་པའི་ལམ་ལུགས་གཅིག་རེད། དེ་གཉིས་གང་རུང་གཅིག་ཏུ་མ་གཏོགས་འགྲོ་ས་ཤིག་གང་ན་ཡོད།