ཨབ་གྷན་ནང་གཏོར་རྒོལ་བྱུང་།


ཁ་སང་ཕྱི་ཚེས་
༢༨ ཉིན་ཨབ་གྷན་གྱི་ཡུ་རཱུཛ་གྷན་མངའ་སྡེའི་ལྷོ་ཕྱོགས་ཊ་རཱེན་ཀོའུ་ཊི་(Tarin Kowt) གྲོང་ཁྱེར་ནང་རང་སྲོག་བློས་གཏོང་གི་འགད་རྫས་གཏོར་མཁན་དང་མེ་མདའ་ཐོགས་མཁན་སྐོར་ཞིག་གིས་དྲག་རྒོལ་འོག་བྷི་བྷི་སིའི་ས་གནས་གསར་འགོད་པ་ཨཧ་མེ་ཌི་(Almed Omed ) ཚུད་པའི་མི་ ༢༢ དམར་གསོད་ཐེབས་ཡོད་པ་དང་། དེ་དག་ཁྲོད་ཀྱི་ཉེན་རྟོག་དམག་མི་གཉིས་ལས་གཞན་ཚང་མ་མི་སེར་དཀྱུས་མ་ཡིན་འདུག གཞན་མི་ ༤༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག

དྲག་རྒོལ་སྐབས་རང་སྲོག་བློས་གཏོང་བ་གསུམ་གྱིས་ཁྲོམ་གཞུང་གི་ཕྱོགས་གསུམ་ནས་འགད་རྫས་གཏོར་ཡོད་པ་དང་། འགད་རྫས་གཅིག་མངའ་སྡེ་སྲིད་སྐྱོང་པའི་ལས་ཁུངས་ཀྱི་ཉེ་འགྲམ་དང་། གཞན་གཉིས་གྲོང་ཁྱེར་བདེ་འཇགས་དམག་མིའི་ལས་ཁུངས་ཉེ་འཁྲིས་སུ་གཏོར་ཡོད་འདུག དེ་བཞིན་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་གཉིས་ལའང་གཏོར་སྐྱོན་བཏང་ཡོད་ཅིང་། འགད་རྫས་གཏོར་རྗེས་མི་གཞན་ལྔའི་ལག་ཏུ་མེ་མདའ་བཟུང་སྟེ་ཁྲོ་གཞུང་ནང་འཛུལ་ཡོང་སྐབསཉེན་རྟོག་དམག་མི་དང་མེ་མདའ་འཕེན་རེ་བྱས་མཐར་དྲག་སྤྱོད་པ་དེ་དག་དམར་གསོད་བཏང་ཡོད་འདུག

དྲག་རྒོལ་དོན་རྐྱེན་དེ་བྱུང་རྗེས་ཊ་ལི་བྷན་སྒྲིག་འཛུགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ ཐེངས་འདིའི་དྲག་རྒོལ་དོན་རྐྱེན་དེ་ནི་ཁོང་ཚོའི་བཀོལ་ཇུས་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply