མྱ་ངན་གུས་འདུད།

མྱ་ངན་གུས་འདུད།

༄༅། །ཉེ་ཆར་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་༸མི་དབང་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་མཆོག་རྐྱེན་ངན་གྱིས་སྐུ་ཚེའི་འཕེན་པ་རྫོགས་པར་འདི་ག་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་བློ་ཕམ་མྱ་ངན་གུས་འདུད་དང། ཤུལ་བཞུགས་གདུང་བརྒྱུད་དང་ཉེ་འབྲེལ་རྣམས་ལ་ཐུགས་གསོའི་མཚམས་འདྲི་ཞུ་རྒྱུ་དང། འདི་ག་གྲྭ་ཚང་གི་མཁན་བླ་དགེ་བཤེས་རྣམས་ཀྱིས་གཙོས་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དབུས་སུ་བླ་མཆོད་བདེ་སྟོང་དབྱེར་མེད་དང། སྨོན་ལམ་རྣམ་བརྒྱད་གསུང་ཞུས་དང་འབྲེལ་བསྔོ་སྨོན་གནད་སྨིན་འབད་བསྒྲུབས་ཞུས་པའི་མཐུས་སྐུ་གཤེགས་དམ་པ་དེ་ཉིད་འདི་ཕྱི་བར་དོ་གནས་སྐབས་གང་དུ་མཆིས་ཀྱང་འཇིགས་སྐྲག་འཕྲུལ་སྣང་གང་ཡང་མི་འབྱུང་བར་མངོན་མཐོ་ལྷ་མིའི་གོ་འཕང་རིམ་བརྒྱུད་ཀྱིས་བླ་མེད་རྫོགས་བྱང་ལ་མྱུར་དུ་རེག་པ་དང། ཁོང་གི་ཕྱག་ལས་རླབས་ཆེན་ལ་རྗེས་སུ་ཡི་རངས་དང་རྗེས་དྲན་ཞུ་འོས་ཐོག། འདི་ག་གྲྭ་ཚང་ནས་ཆོས་ཀྱི་བློན་པོ་ཞེས་པའི་མཚན་བསྟོད་གུས་བཀུར་དང་བཅས།

 

རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་ནས་

ཕྱི་ལོ་ ༢༠༡༡།༠༥།༧ ཉིན་ཕུལ། །

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply