སཱར་ཁོ་ཛེའི་མགྲོན་འབོད་ཚོཊ་ཆེན།

ཕྱི་ཚེས་ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རིས་(Paris) ནང་རྒྱལ་སྤྱིའི་སྲིད་གཞུང་ ༦༠ ལྷག་གི་དབུ་ཁྲིད་དང་འཐུས་མི་ལྷན་འཛོམས་ཤིག་ཚོགས་ཏེ། ལེ་བྷེ་ཡའི་འབྱུ་འགྱུར་གྱི་གནད་དོན་ཐད་གྲོས་བསྡུར་བྱས་ཡོད།

ཉིན་དེའི་ཚོགས་ཆེན་སྟེང་ཧྥ་རན་སིའི་སྲིད་འཛིན་སཱར་ཁོ་ཛེ་(Nicholas Sarkozy) དང་དབྱིན་ཇིའི་སྲིད་བློན་ཁཱ་མེ་རོན་(David Cameron) ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ཧེ་ལཱ་རེ་(Hillary Clinton) དེ་བཞིན་རྒྱལ་ཚོགས་དྲུང་ཆེ་བྷན་ཀེ་མོན། ལེ་བྷེ་ཡའི་བར་རྒལ་གཞུང་གི་མགོ་དཔོན་ཇཱ་ལེལ་(Mustafa Abdul Jalil) སོགས་རྒྱལ་ཁབ་ ༦༠ ལྷག་གི་དབུ་ཁྲིད་དང་འཐུས་མི། དེ་བཞིན་རྒྱལ་ཚོགས་དང་ཨ་ཧྥི་རི་ཀའི་གནའ་མཐུན་ལྷན་ཚོགས་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་མགོ་ཁྲིད་རིམ་པ་བཅས་ཀྱིས། འབྱུང་འགྱུར་ལེ་བྷེ་ཡའི་ཆབ་སྲིད་དང་དཔལ་འབྱོར་བསྐྱར་སྐྲུན་གཏན་འབེབ། ཡུལ་གྱི་འཛུགས་སྐྲུན། རྒྱལ་ཁོངས་ཆིག་སྒྲིལ། གྷ་བྷ་ཧྥེའི་ཤོག་ཁག་ལ་གདོང་ལེན་བྱ་ཕྱོགས་བཅས་ཀྱི་ཐད་གྲོས་བསྡུར་བྱས་ཡོད་འདུག

ཉིན་གཉིས་པར་ཧྥ་རན་སིའི་སྲིད་འཛིན་དང་དབྱིན་ཇིའི་སྲིད་བློན། ལེ་བྷེ་ཡའི་བར་རྒལ་གཞུང་གི་མགོ་དཔོན་ཇཱ་ལེལ་བཅས་ལྷན་འཛོམས་ཐོག་གསལ་འགོད་གསར་བསྒྲགས་ཤིག་སྤེལ་པའི་ནང་། ལོ་ངོ་ ༤༢ རིང་གི་མི་གཅིག་དབང་འཛིན་གཞུང་འདི་དམངས་གཙོར་བསྒྱུར་རྒྱུ། གྷ་ཌ་ཧྥེའི་ཤོག་ཁག་གཙང་བཟོ་མ་བྱུང་པར་དུ་ཎ་ཊོའི་(Nato)མཉམ་འབྲེལ་དམག་མུ་མཐུད་ལེ་བྷེ་ཡའི་ནང་འཇོག་རྒྱུ། གྷ་ཌ་ཧྥེ་གཞུང་གི་ཕྱི་འབྲེལ་མ་དངུལ་ཁག་ཉེ་སྔོན་ཟིང་འཁྲུག་བྱུང་རྗེས་རྒྱལ་སྤྱིའི་གཞུང་དང་སྡེ་ཚན་ཁག་གིས་ཕྱིར་སློག་མ་བྱས་པར་བཀག་ཡོད་པ་ཁྱོན་ཨ་སྒོར་ཐེར་འབུམ་ ༡༥ ཙམ་ཡོད་པ་དེ་ད་ལྟ་ཕྱིར་སློག་གིསལེ་བྷེ་ཡའི་གནས་བབ་བསྐྱར་གསོ་བྱ་རྒྱུ། འཕྲད་དུ་ལེ་བྷེ་ཡའི་མི་མང་ཞི་འགྲིག་ཚོགས་ཆུང་བཙུགས་ཏེ། རྒྱལ་ཁོངས་བདེ་འཇགས་དང་ཆིག་སྒྲིལ་ལ་འབད་རྒྱུ་བཅས་ཀྱི་ཐད་གྲོས་ཆོད་བྱུང་ཡོད་འདུག་ལ། ཇཱ་ལེལ་གྱིས་འབྱུང་འགྱུར་ཟླ ༡༨ ནང་ཚུན་དུ་ལེ་བྷེ་ཡའི་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུར་ཁས་ལེན་ཀྱང་ཞུས་ཡོད་པ་རེད།

ཕྱི་ཚེས་ ཉིན་སྒྲ་ལེན་བྱས་པའི་གྷ་ཌ་ཧྥེ་ཡི་གཏམ་བཤད་ཐུང་ངུ་ཞིག་ཨ་རབ་བརྙན་འཕྲིན་(Arab satellite television) དུ་བསྒྲགས་ཡོད་པའི་ནང་།ལེ་བྷེ་ཡའི་གྲོང་ཁྱེར་གང་སར་འཇབ་རྒོལ་དམག་དང་དཔུང་སྒྲིག་བཙན་རྒོལ་པས་དགྲ་བོར་དམག་འཐབ་བྱ་རྒྱུ་ཡིན་པས། མི་མང་གིས་དགྲ་བོར་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོསཞེས་ཉེན་བརྡ་དང་སྐུལ་སློང་བྱུ་ཡོད་འདུག

དེ་སྔོན་ལེ་བྷེ་ཡའི་དམངས་གཙོའི་གྱེན་ལངས་ཐད་རྒྱ་ནག་དང་ར་ཤི་ཡ། ཨལ་ཇི་རེ་ཡ་སོགས་ཀྱིས་རྒྱབ་སྐྱོར་བྱས་མེད་ལ། ཎ་ཊོ་མཉམ་འབྲེལ་དམག་དང་ཨ་རི། དབྱིན་ཡུལ་བཅས་ཀྱི་དམག་དཔུང་གིས་ལེ་བྷེ་ཡའི་གྱེན་ལངས་ཤོག་ཁག་ལ་རྒྱབ་རོགས་བྱས་པ་དེར་ཡང་མོས་མཐུན་བྱས་མེད། ཉེ་ཆར་ལེ་བྷེ་ཡའི་མང་ཚོགས་གྱེན་ལངས་ལ་རྒྱལ་ཁ་ཐོབ་རྗེས་བར་བརྒལ་སྲིད་གཞུང་དེར་ངོས་ལེན་བྱས་མེད་མོད། ཕྱི་ཚེས་ ༡ ཉིན་གྱི་ཧྥ་རན་སིའི་ཚོགས་ཆེན་སྟེང་མཉམ་ཞུགས་བྱས་ཏེ་རྣམ་འགྱུར་གསར་པ་ཞིག་བསྟན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “སཱར་ཁོ་ཛེའི་མགྲོན་འབོད་ཚོཊ་ཆེན།

  1. ཕུན་ཚོགས་ཚེ་རིང་།

    ཚེ་བཀྲ་ལགས། ཉེ་ལམ་ཐེ་ཝན་གྱི་ཆོས་ཚོགས་ཤིག་གི་གྲལ་མགོ་ན་བཞུགས་ཡོད་པ་པར་བརྒྱུད་དེ་མཇལ་བྱུང་། དེ་རིང་གི་བཤད་སྟངས་འདིར་བལྟས་ཡོང་ན། རྒྱལ་སྤྱིའི་གནས་ཚུལ་སྐོར་ཞེ་དྲག་མ་མཐོང་བ་ཡིན་ནམ། སྲིད་འཛིན་མ་ཡཱན་ཅིག་གི་རྗེས་སུ་འབྲངས་ཏེ། རྒྱ་ནག་ལ་བདེན་ཕྱོགས་སྐྱོང་གི་ཡོད་དམ། གང་ལྟར། གནས་ཚུལ་འདི་རིགས་ལ་དོ་སྣང་ཡོད་པ་ཙམ་གྱིས་བསྔགས་བརྗོད་ཡོད།

  2. རྫ་ཚེ་རིང་བཀྲ་ཤིས།

    ངས་ཉན་ཉེས་མིན་ན་རྒྱ་ནག་གི་སི་སི་ཊི་ཝིའི་ཡིས་རྒྱ་ནག་གིས་ངོས་ལེན་བྱེད་བཞིན་ཡོད་པ་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པའི་སྐད་ཆ་ཉིན་གཉིས་སྔོན་ནས་སྒྲོགས་ཀྱིན་འདུག་བསམ་སོང་།