༢༠༡༡ ལོའི་འཇིག་རྟེན་མཛེས་མ།

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བྷར་ཛལ་ནང་ཚོགས་པའི་འཇིག་རྟེན་མཛེས་མའི་འགྲན་བསྡུར་ཐེངས་ ༦༠ པ་དེ་ཨན་གྷོ་ལཱ་རྒྱལ་ཁབ་ཀྱི་རང་ལོ་ ༢༥ སོན་པ་བུ་མོ་ལོ་པེས་(Leila Lopes) ཞེས་པར་ཐོབ་འདུག

༢༠༡༡ ལོའི་འཇིག་རྟེན་མཛེས་མའི་(Miss Universe)འགྲན་བསྡུར་ཐེངས་ ༦༠ པ་བྷར་ཛལ་གྱི་སན་པའོ་ལོ་(San Paolo)གྲོང་ཁྱེར་དུ་ཕྱི་ཟླ་ ནས་མགོ་འཛུགས་བྱས་ཡོད་ཅིང་། ཐེངས་འདིའི་འཇིག་རྟེན་མཛེས་མའི་འགྲན་བསྡུར་ཁྲོད་གླིང་ཆེན་བདུན་གྱི་རྒྱལ་ཁབ་ ༨༩ ཙམ་གྱི་མཛེས་མ་འཛུལ་ཞུགས་བྱས་ཡོད་འདུག་ལ། འགྲན་བསྡུར་གྱི་ཉིན་མཐའ་མའི་རྟིང་རྩོད་འགྲན་བསྡུར་ཐོག ཕྱི་ལོ་ ༢༠༡༡ ལོའི་འཇིག་རྟེན་མཛེས་མའི་དབུ་རྒྱན་དེ་ཨན་གྷོ་ལཱ་ཡི་བུ་མོ་ལོ་པེས་ལགས་ལ་ཐོབ་འདུག

མཛེས་མ་ལོ་པེས་ལགས་ཀྱིས་ངས་བྱིས་པ་ཉམ་ཐག་དང་རྒན་རྒོན། ཨེ་ཆི་ཨཡེ་ཝེ་(HIV) ནད་རིགས་སྔོན་འགོད་སོགས་ཚུད་པའི་སྤྱི་ཚོགས་ཀྱི་གནད་དོན་འདྲ་མིན་ཐོག་ལས་ཀ་བྱས་མྱོང་ཡོད་ལ། སོ་སོའི་རྒྱལ་ཁབ་ལ་ཕན་ཕྱིར་ལས་དོན་གང་ཡིན་ཡང་བསྒྲུབ་དགོས། འབྱུང་འགྱུར་འཇིག་རྟེན་མཛེ་མའི་མཚན་བྱང་ཐོག་སྔར་ལས་ལྷག་པའི་ལས་དོན་བསྒྲུབ་ཐུབ་ངེས་རེད་བསམ་གྱི་ཡོད། དམིགས་བས་ཨེ་ཆི་ཨཡེ་ཝེ་གནད་རིགས་ཀྱི་གནད་དོན་ཐད་ནུས་པ་འདོན་ཐུབ་པར་རེ་བ་འཛིན་གྱི་ཡོད།ཅེས་མཛེས་མའི་རྟིང་རྩོད་འགྲན་བསྡུར་སྐབས་སུ་བརྗོད་ཡོད་འདུག

མཛེས་མ་ལོ་པེས་ནི་ཨན་གྷོ་ལཱ་རྒྱལ་ཁབ་ཀྱི་འཇིག་རྟེན་མཛེས་མའི་རྒྱལ་ཁ་ཐོབ་མཁན་ཐོག་མ་དེ་ཆགས་ཡོད་འདུག ཨང་གཉིས་པ་ཐོབ་མཁན་ཡུཀ་རཱ་ནེ་(Ukraine) རྒྱལ་ཁབ་ཀྱི་རང་ལོ་ ༢༣ ཡིན་པ་མུ་བོ་ཨོ་ལེ་སེ་ལ་ཐོབ་ཡོད་པ་དང་།  ཨང་གསུམ་པ་བྷར་ཛལ་གྱི་པི་རེས་ཟེ་ལཱ་བཅས་ལ་ཐོབ་འདུག

ལྷོ་ཨ་ཧྥི་རི་ཀའི་མཚོ་ཁུལ་རྒྱལ་ཁབ་ཨན་གྷོ་ལཱ་ནི་མི་གྲངས་ས་ཡ་ ༡༨ ཙམ་ལས་གྲུབ་པའི་བརྒྱ་ཆ་ ༣༨ དབུལ་ཕོངས་ཡིན་ཞིང་། ཆ་སྙོམ་ཡུལ་མིའི་ཚེའི་རིང་ཚད་ཕོ་ལོ་ ༥༠ དང་མོ་ལོ་ ༥༣ ཡིན་འདུག ༢༠༠༢ ལོའི་གོང་དུ་མི་ལོ་ ༢༧ རིང་གི་རྒྱལ་ཁོངས་ཟིང་འཁྲུག་ཁྲོད་མི་ས་ཡ་གཅིག་མ་ཟིན་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “༢༠༡༡ ལོའི་འཇིག་རྟེན་མཛེས་མ།

  1. དུས་བབ་ཀྱི་ལས་འཛིན་པ་ཡོངས་ནས་བོད་ཕྲུག་མང་པོའི་མ་འོངས་པའི་ལས་དོན་ཆེན་མོའི་སླད་གོང་སྨོས་ཀྱི་ལས་འགུལ་འདྲ་སྤེལ་ཐུབ་ན་ཤིན་ཏུ་བཟང་བར་སེམས
    ཐུགས་རྗེ་ཆེ།

  2. བསྟན་འཛིན་ལྷ་སྒྲོན་ལགས། ཁྱེད་ལ་ཡོད་པའི་དོགས་འདྲི་དེ་དངོས་ཡོད་དཀའ་ངལ་ཞིག་རེད། ཡག་ཤོས་ཡིན་ན་ཤེས་རིག་དྲ་རྒྱ་སོགས་འབྲེལ་ཡོད་དྲ་གནས་ཁག་བརྒྱུད་གནས་ཚུལ་འཚོལ་བསྒྲུབ་བྱ་ཐུབ་ན་ཡག་པོ་ཡོང་ངེས།
    གལ་སྲིད་དེ་ལྟར་བྱ་དཀའ་ཚེ། ཁྱེད་ཀྱི་གློག་འཕྲིན་ཁ་བྱང་འདིར་བཀོད་དང་། ཕྲན་གྱིས་འབྲེལ་ཡོད་གནས་ཚུལ་འཚོལ་བསྒྲུབ་ཅི་ལྟར་བྱ་དགོས་སྐོར་ཁྱེད་ལ་རོགས་འདེགས་བྱ་ཆོག

  3. ཨ་ར་དཀར་པོ

    འཛམ་གླིང་རིལ་མོའི་སྟེང་གི།
    མཛེས་མ་ནག་རིལ་ལོ་པེས།།
    ཚེ་ཚད་ང་གསུམ་བརྒལ་ནས།།
    དམིགས་ཡུལ་འགྲུབ་ན་བཟང་གི།

  4. བསྟན་འཛིན་ལྷ་སྒྲོན།

    ༅༅།། དུས་བབ་ཀྱི་ལས་བྱེད་རྣམ་པ་ཚོ་ལ་ཞུ་དོན་ཞིག
    དེ་ཡང་ང་ནི་སློབ་མ་ཞིག་ཡིན་པས་ངས་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ཚང་མའི་ཚབ་ཞུས་ནས་རེ་བ་ཞིག་ཡོད། དེ་ཡང་ཁྱེད་རྣམ་པས་རེ་བ་དེ་ལག་ལེན་དུ་འཁེལ་བའི་རེ་བ་ཡང་ཡོད། ངའི་རེ་བ་དེ་ནི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་མང་པོ་ཞིག་ལ་སློབ་ཡོན་དང་མཐོ་སློབ་ཀྱི་སྐོར་གོ་རྟོགས་དེ་ཙམ་མེད་པས་ཁྱེད་རྣམ་པས་དེ་དག་བོད་པའི་དྲ་ཐོག་ནས་གནས་ཚུལ་འདྲ་སྤེལ་ཐུབ་པ་ན་ཤིན་ཏུ་ཡག་པོ་ཡོང་བ་འདུག ང་ནི་ཚན་རིག་སློབ་ཚན་ཐོག་སློབ་སྦྱོང་མཁན་གྱི་སློབ་མ་ཞིག་གི་ཨ་ཅེ་ཡིན། ངས་ངའི་ནུ་བོའི་ཆེད་དུ་དྲ་རྒྱ་གང་སར་བསྔོགས་ཀྱང་འདོད་བློ་ཁེངས་པའི་གནས་ཚུལ་ནི་མ་ཐོབ། དེར་བརྟེན་ཁྱེད་རྣམས་ནས་ངེས་པར་དུ་ངེད་ལ་ཤེས་རིག་གི་སློབ་ཡོན་གྱི་དགོངས་ཤོག་དང་དེ་མིན་གྱི་སློབ་ཡོན་ཅི་འདྲ་ཞིག་ཡོད་ཀྱང་དེ་དག་སྤེལ་རོགས་གནང།་གལ་ཏེ་ཁྱེད་ཀྱིས་དེ་འདྲ་གནང་བ་ན་ངེད་ལ་ཕན་རླབས་ཆེན་པོ་འདུག ཐུགས་རྗེ་གཟིགས་དུས་ནམ་ཡང་སྣང་མེད་དུ་མ་གཏོང་བར་ངེད་ལ་རོགས་ཞིག་གནང་བར་ཞུ། འདི་ནི་ངེད་ཀྱི་སེམས་གདིང་གི་རེ་བ་ཡིན། ཡིག་ལན་ཞིག་ཡོད་པའི་རེ་བ་ཡོད་དོ། བཅས་ཐུགས་རྗེ་ཆེ་གནང།།