རྒྱ་སྒོར་ཐད་ཨ་རིའི་གྲོས་ཆོད།

ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་གི་དཔལ་འབྱོར་སྲིད་ཇུས་དང་དངུལ་གྱི་འཛའ་ཐང་ལ་བསྐྱར་ཞིབ་གྲོས་ཆོད་ཅིག་བཞག་པ་དེར་རྒྱ་ནག་གཞུང་གིས་འདོད་པ་མེད་པའི་རྣམ་འགྱུར་བསྟན་འདུག

ཉིན་འདི་འགར་ཨ་རིའི་གྲོས་ཚོགས་གོང་མིའི་ནང་རྒྱ་ནག་གི་དངུལ་གྱི་འཛའ་ཐང་དང་འབྲེལ་པའི་གྲོས་གཞི་ཞིག་ལ་གྲོས་ཆོད་བཞག་ཡོད་འདུག་ལ། གྲོས་གཞི་དེ་གྲོས་ཚོགས་འོག་མའི་ནང་འཁྱེར་རྒྱུ་ཡིན་འདུག གྲོས་གཞི་དེའི་ནང་གཙོ་བོ་རྒྱ་ནག་གིས་གཡོ་ཇུས་ཐོག་རྒྱ་སྒོར་གྱི་འཛའ་ཐང་སྤར་རྒྱུར་འགོག་རྒོལ་བྱེད་པ་དེས་གཅིག་ནས་ཨ་སྒོར་གྱི་རིན་ཐང་ལ་ཁ་གཏད་གཅོག་ཐབས་དང་། གཉིས་ནས་རྒྱ་ནག་གི་ཐོན་རྫས་ཀྱིས་ཨ་རིའི་ཚོང་ལས་ཁྲོམ་རའི་འཁོར་རྒྱུག་ལ་ཤུགས་རྐྱེན་ངན་པ་སྤྲོད་པ། དེ་བཞིན་ཨ་རིའི་ལས་མེད་ཀྱི་རྒྱ་ཆ་འཕར་པའི་གོ་སྐབས་འཛིན་གྱི་ཡོད་སྟབས། ཨ་རྒྱའི་ཚོང་འབྲེལ་སྲིད་ཇུས་དང་རྒྱ་སྒོར་གྱི་འཛའ་ཐང་ལ་བསྐྱར་ཞིབ་བྱ་དགོས་སྐོར་གསལ་ཡོད་འདུག

གྲོས་གཞི་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ངོ་རྒོལ་དང་། གྲོས་གཞི་དེས་ཨ་རྒྱའི་ཕྱི་འབྲེལ་དཔལ་འབྱོར་སྲིད་ཇུས་དང་ཚོང་འབྲེལ་ལ་དོ་ཕོག་འགྲོ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག  

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

7 thoughts on “རྒྱ་སྒོར་ཐད་ཨ་རིའི་གྲོས་ཆོད།

  1. གཉན་ཆེན་ཐང་ལྷ་

    ཨ་རི་ཟེར་ན་འཛམ་བུ་གླིང་གི་རྒྱལ་པོ་རེད། ཨ་རིས་བཤད་པ་ལྟར་མ་བྱས་ས་འགྲོ་གི་མ་རེད། ངའི་བཤད་པ་འགྲིག་ཡོད།

  2. རྒྱ་ནག་་གིས་གང་བཤད་ལ་དེ་འདྲ་དོ་སྣང་བྱེད་དགོས་དོན་ཡོད་པ་མ་རེད། དེ་ནི་ཁོང་ཚོས་སྤྱིར་བཏིང་གི་རྙོག་གཏམ་ཞིག་རེད། ནམ་རྒྱུན་རྒྱ་གཞུང་གིས་ནུས་པ་ཤོར་ཡོང་དུས་རྐད་ཆ་དེའི་རིག་དེ་ཤོད་བཞིན་ཡོད་པ་རེད།
    ཏག་ཏག་དུས་ཚོད་རེད་ཨ་རི་ཚང་གཉིད་སད་རན་རེད། དྲུག་ཅུ་རེ་གྲངས་ནས་ཨ་རྒྱ་གཉིས་ཕྱི་འབྲེལ་ཚོང་སྒོ་ཕྱེས་པ་ནས་རྒྱ་ནག་ཕྱི་ཚོང་བཙན་འཛུལ་འགོ་ཚུགས་པ་རེད། བདུན་ཅུ་དོན་གྲངས་དང་བརྒྱད་ཅུ་ལ་སྤྲང་རྩི་བཙོང་པ་རེད། ཨ་རི་ཡང་དེ་ལ་རྔམས་ནས་རྒྱ་ནག་ནས་སྤྲང་རྩི་འཐོབ་པར་རེ་པ་ཤུགས་ཆེན་པོ་རྒྱབ་པ་རེད། དེའི་པར་ནས་ཨ་རིའི་cia ཡིས་བོད་དོན་ཡང་བོར་སོང་པ་རེད
    དགུ་བཅུ་གོ་སྟོད་ནས་ཨ་རིའི་རེ་དེར་དོགས་པ་ཅུང་ཞིག་ཤར་། ཡ་ང་པ་ཞིག་ལ་་རྒྱ་ནག་གི་སྤྲང་རྩི་ནི་ཤེལ་དམ་ནང་དུ་ཚོང་ཁང་དུ་ཡོད་པ་ལས་ཨ་རི་ལ་མ་ཐོབ་མ་ཟད་ཨ་རིའི་ཌོ་ལར་གྱི་གྲངས་འབོར་རྒྱ་ནག་ལ་ཤོར་པ་ཅེ་མང་ཡིན་པ་དོག་ཙམ་ཚོར་ཡིན་ཡང་ད་དུང་ཨ་རི་གཉིད་སད་མ་ཐུབ། ཉེས་སྟོང་ལོ་ནས་ཨ་རི་ཅུང་ཞིག་གཉིད་སད་འགོ་བཙུགས། འོན་ཀྱང་བློ་ཕམ་པ་ཞིག་ལ་ཁོང་ཚོས་རྒྱ་ནག་གི་གཡོ་འཕྲུལ་ལ་རྒྱུས་མངའ་ད་དུང་ཡང་མ་ལོན་་་་་