༧གོང་ས་མཆོག་ལ་གཟེངས་རྟཊ།


ཟླ་འདིའི་ཕྱི་ཚེས་ ༩ ཉིན་ལྷོ་ཨ་
ཧྥི་ཀི་རི་ཀར་རྟེན་གཞི་བྱས་པའི་བདག་ཉིད་ཆེན་པོ་གྷན་ངྷི་ཐེབས་རྩ་ཁང་གིས་འདི་ལོའི་གྷན་ངྷི་རྒྱལ་སྤྱིའི་གཟེངས་རྟགས་ (MAGI Award) ༸གོང་ས་མཆོག་ལ་ཕུལ་ཡོད་པ་དང་། དེ་ནི། ༸གོང་ས་མཆོག་གིས་ད་ལྟའི་བར་འཛམ་གླིང་ནང་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ་ཐོག་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེད་བསྟོད་དང་ངོས་འཛིན་གནང་བ་ཞིག་ཡིན་འདུག

ཉེ་ཆར་ཐེབས་རྩ་ཁང་དེས་༸གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མན་ཊུ་ཊུ་མཆོག་གི་འཁྲུངས་སྐར་ཐོག་ཆིབས་བསྒྱུར་སྐབས་གཟེངས་རྟགས་འབུལ་འཆར་ཡོད་ཀྱང་། རྒྱ་གཞུང་གི་གནོན་ཤུགས་འོག་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པར། ༸གོང་ས་མཆོག་གིས་ཆིབས་བསྒྱུར་ཕྱིར་འཐེན་གནང་རྗེས། ཕྱི་ཚེས་ ༩ ཉིན་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཊར་བྷན་དུ་ཡོད་པའི་ཚོགས་ཁང་ཆེན་མོའི་ནང་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུའི་ཐོག ཉིན་དེར་གྷན་ངྷི་ཐེབས་རྩ་ཁང་གི་ཚོགས་གཙོ་ཨེ་ལ་གྷན་ངྷི་མཆོག་ནས་ཞི་བདེ་གཟེངས་རྟགས་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ལགས་ཀྱིས་བཞེས་ཡོད་ཅིང་། ༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་ལམ་ཐོག་སྐུ་ངལ་སྐྱོན་བཞིན་པའི་མཛད་འཕྲིན་ལ་བསྔགས་བརྗོད་དང་། རྒྱ་ནག་དང་མཉམ་དུ་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་སྟེ། བོད་མིའི་བདེན་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཕྱག་ལས་གནང་བཞིན་པའི་སྐོར་སོགས་ངོ་སྤྲོད་གནང་ཡོད་འདུག

གྷན་ངྷི་རྒྱལ་སྤྱིའི་གཟེངས་རྟགས་དེ་ནི། ཕྱི་ལོ་ ༢༠༠༣ ལོར་ལྷོ་ཨ་ཧྥི་རི་ཀར་རྟེན་གཞི་བྱས་པའི་གྷན་ངྷི་ཐེབས་རྩ་ཁང་གིས་མགོ་འཛུགས་གནང་བའི་རྒྱལ་སྤྱི་རང་བཞིན་གྱི་གཟེངས་རྟགས་ཤིག་ཡིན་ཞིང་། གཟེངས་རྟགས་ཀྱི་དམིགས་ཡུལ་གཙོ་བོ། འཛམ་གླིང་སྟེང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན། འཚེ་མེད་ཞི་བ། དམངས་གཙོ་ཡར་རྒྱས། སྤྱི་ཚོགས་ཞབས་ཞུ། ཆིག་སྒྲིག་བཅས་ཀྱི་ཐོག་ཕྱག་ལས་གནང་མཁན་གྱི་མི་སྣར་ཆེ་བསྟོད་དང་སྐུལ་ལྕག་གནང་ཆེད་ཡིན་པ་དང་། ད་ལྟའི་བར་འབར་མའི་དམངས་གཙོ་དོན་གཉེར་ཨང་སན་སི་ཀེ་དང་ལྷོ་ཨ་ཧྥི་རི་ཀའི་ཟུར་འཛིན་ཟུར་པ་ནེན་སེན་མན་ཌལ་ལཱ། ཊེན་སེན་ནི་ཡཱ་རྒྱལ་ཁབ་ཀྱི་རྗོ་ལེ་སི་ནེལ་རི་བཅས་ལ་ཕུལ་ཡོད་འདུག

གསར་འགོད་པ། དོན་གོ

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “༧གོང་ས་མཆོག་ལ་གཟེངས་རྟཊ།

  1. མྱུལ་ཞིབ་པ་

    མཛད་སྒོ་ཆེན་པོ་དེ་འདྲའི་སྐབས་སུ་བོད་མི་བསོད་ནམས་ཚེ་རིང་མིང་ཅན་གྱིས་བོད་ཆས་མི་གྱོན་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད

  2. ༸གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མན་ཊུ་ཊུ་མཆོག་གི་འཁྲུངས་སྐར་ཐོག་ལ་ཞི་བདེའི་གཟེངས་རྟག་ཕུལ་བ་ཏེ་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་གཅིག་ཏུ་ཡེ་ཤེས་ཆོས་དཔོན་ཌེ་སི་མན་ཊུ་མཆོག་དགོངས་ལོ་བརྒྱ་གྲངས་ལ་བཞུགས་པའི་སྨོན་འདུན་ཞུ་བཞིན་ཡོད། སྐུ་ཚབ་དོན་གཅོད་བསོད་ནམ་ཚེ་རིང་ལགས། ཁྱེད་བོད་རིགས་ཡིན་པས། ཁྱེད་གྱིས་༸གོང་ས་མཆོག་ལ་གཟེངས་རྟག་ལེན་སྐབས་སུ་ཁྱེད་གྱིས་བོད་ཆས་མི་གྱོན་པ་དེ་ག་རེ་ཡིན་པས། ཁྱེད་ལས་སྣེ་ཡོངས་གྱིས་ཁ་ནས་བཤད་ན་དོན་བརྒྱ་ལག་འགྲིབ་དགོས་ཟེར། ཁྱེད་ལ་ཁ་ཙམ་མ་གཏོགས་མི་འདུས་ལགས། བསོད་ནམ་ཚེ་རིང་ཁྱི་རྒན་ལགྶ། གོ་སྐབས་དེ་འདྲ་ཡོངས་ན་རང་གི་བོད་ཆས་གྱོན་དགོས་རེད་གྲོགས་པོ་ཚོ།

  3. ཆབ་བྲག་ལྷ་མོ་སྐྱབས།

    བྱང་ཆུབ་སེམས་ཀྱི་ཉ་གང་ཟླ། མཁྱེན་རབ་བློ་ཡི་ཉི་མ་ཆེ།
    གཅིག་ཏུ་ཤར་བའི་རྟེན་འབྲེལ་གྱི། སྔར་མེད་ཉི་ཟླའི་སྐྱེས་མཆོག་སུ།
    གང་གི་ཐུགས་འདུན་འགྲུབ་གྱུར་ཅིག བདེན་པ་ཉིད་ནི་རྒྱལ་གྱུར་ཅིག

  4. རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར།།
    སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི།།
    འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན།།
    བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག།