ཉེས་ཡང་ཚོཊ་པའི་འབོད་སྐུལ།

རྒྱལ་སྤྱིའི་ཉེ་ཡང་ཚོགས་པས་རྒྱ་གཞུང་ལ་འབོད་སྐུལ་ཞུས་ཏེ། བོད་ནང་གི་དམ་དྲག་མཚམས་འཇོག་དགོས་པ་དང་། མུ་མཐུད་དྲག་གནོན་བྱས་ཚེ་གནས་ཚུལ་སྔར་ལས་ཛ་དྲག་ཆགས་ཉེན་ཡོད་སྐོར་བཀོད་འདུག

འདས་པའི་ཟླ་ཁ་ཤས་ནང་བོད་མདོ་སྨད་རྔ་པ་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ། བོད་མི་ན་གཞོན་སེར་སྐྱ་ཕོ་མོ་དགུ་ཙམ་གྱིས་རྒྱ་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཏེ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ངོས་ནས་ད་ལྟའི་བོད་ནང་གི་གནས་སྟངས་དེར་དམིགས་ཏེ་རྒྱ་གཞུང་ལ་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་འདུག  

འབོད་སྐུལ་ཞུ་ཡིག་དེར་བཀོད་དོན  ད་ལོའི་ཕྱི་ཟླ་གསུམ་པ་ནས་བོད་ཨ་མདོ་རྔ་པ་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ། བོད་མི་སྐྱ་སེར་མི་གྲངས་ ༩ ཙམ་གྱིས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེ་དག་ཁྲོད་མི་ ༤ འདས་གྲོངས་དང་མི་ ༥ གར་སོང་ཆ་མེད་དུ་གྱུར་ཡོད། བཙུན་མ་བསྟན་འཛིན་དབང་མོ་ལགས་ནི་ཉེ་བའི་ཟླ་ཤས་ནང་རང་ལུས་མེར་བསྲེགས་གཏོང་མཁན་གྲས་ཀྱི་བོད་མི་དགུ་པ་དེ་ཆགས་ཡོད་ལ། དོན་རྐྱེན་དེ་ནི་རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་ཐོག་དམ་བསྒྲགས་ནན་མོ་བྱས་པ་དེར་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་ངོ་རྒོལ་བྱས་པ་གསལ་བསྟོན་བྱས་པ་རེད། རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་མངོན་འདོད་ལ་བརྩི་བཀུར་དགོས་རྒྱུ་ལས། ད་དུང་མུ་མཐུད་བོད་མིར་དྲག་གནོན་བྱས་པ་ཡིན་ན་བོད་མི་ཚོ་རྒྱ་གཞུང་ལ་ཁོང་ཁྲོ་དང་སྡང་ཟུག་ཆེ་རུ་འགྲོ་རྒྱུ་ཡིན་ཞིང་། ལྷག་པར་དུ། ཀིརྟི་དགོན་པ་གཙོས་པའི་བོད་ཀྱི་ས་ཁུལ་ཁག་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་ནའང་། རྒྱ་གཞུང་གིས་ས་ཁུལ་དེ་དག་ནང་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་པ་དེས། མ་འོངས་པའི་བོད་ནང་གི་གནས་སྟངས་སྔར་ལས་ཛ་དྲག་ཆགས་སྲིད་པས། ད་བར་ཞི་བའི་ལས་འགུལ་ནང་ཞུགས་མཁན་བོད་མི་ཚོ་གང་མགྱོགས་ཀློད་གྲོལ་གཏོང་དགོས་ཞེས འཁོད་ཡོད་འདུག

དཔལ་ལྡན་གྱིས་བསྡུ་སྒྲིག་བྱས།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “ཉེས་ཡང་ཚོཊ་པའི་འབོད་སྐུལ།

  1. མདོ་རྩ་བཤད་ན་ཉེས་ཡང་ཚོགས་པ་ཞེས་པ་དེ་སུ་རེད། ཨ་རུ་ཚང་ལ་དེ་འདྲའི་བློ་གཏོད་ས་ཡོད་པ་མ་རེད་ད།

  2. ནམ་མཁའ་བསྟན་འཛིན།

    རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཡང་ཚོང་རྒྱག་སྟངས་མི་འདྲ་གི སྐྲག་མི་དགོས་ས་ནས་གཏམ་རིང་འཇལ་རྒྱུ་མང་གི ཉེ་འཆར་ཨ་རའི་སྲིད་འཛིན་ཟུར་བ་བྷི་ཤུས་ཁ་ན་ཊའི་གྲོང་ཁྱེར་ཝན་ཁོ་ཝུར་ལ་གཏམ་བཤད་བྱེད་དུ་ཡོང་རྒྱུ་རེད་ཅེས་ན་ཁ་ན་ཊའི་གཞུང་ལ་བྷི་ཤུས་འཛིན་བཟུང་བྱེད་དགོས་བའི་འབོད་སྐུལ་བཏང་འདུག ཟླ་རྗེས་མར་ཧྭོའུ་ཅིན་ཐོ་ཕ་རིས་སི་ཡོང་བཞིན་པར་བསམ་འཆར་ཅི་ཡང་མེད་ས་རེད། ད་དུང་པེ་ཅིན་ལ་འབོད་སྐུལ་བྱེད་སྟངས་ལ་ལྟོས་ན།