ཡེ་མན་ནང་གི་ཟིང་འཁྲུག

ཕྱི་ཚེས་ ༢༢ ཉིན་ཡེ་མན་ཧཱ་སཱ་བྷ་རྫོང་ཁོངས་སུ་གཞུང་དམག་དང་གྱེན་ལངས་ཤོག་ཁག་བར་ཟིང་འཁྲུག་བྱུང་སྟེ་མི་ ༡༢ རྐྱེན་ལམ་དུ་བཏང་ཡོད་འདུག

དམག་དཔོན་ཨ་མར་(Ali Mohsen al-Ahmar) གྱིས་སྣེ་ཁྲིད་པའི་གྱེན་ལངས་རྩ་འཛུགས་དམག་ནི་འདི་ལོའི་ཕྱི་ཟླ་ ནང་གཞུང་དམག་ལས་ཕྱིར་ཐོན་གྱིས་གྱེན་ལངས་མི་མང་ཕྱོགས་སུ་ལངས་པའི་དམག་གི་རྩ་འཛུགས་ཞིག་དང་། ཁོང་ཚོ་མི་མང་གི་ཕྱོགས་སུ་ལངས་ཏེ་ལོ་ ༣༣ རིང་སྲིད་དབང་སྒེར་འཛིན་བྱེད་མཁན་སྲིད་འཛིན་སཱ་ལེཧ་(Ali Abdullah Saleh) སྲིད་སྟེགས་ནས་འབབ་དགོས་ཞེས་ངོ་རྒོལ་དང་། ཁ་སང་ཕྱི་ཚེས་ ༢༡ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲིད་འཛིན་སཱ་ལེཧ་འཕྲལ་དུ་སྲིད་སྟེགས་ལས་བབས་ཏེ་སྲིད་དབང་སྒྱུར་བཅོས་གཏོང་དགོས་པའི་ཆོད་དོན་དང་བསྒྲགས་གཏམ་སྤེལ་རྗེས། གྱེན་ལངས་རྩ་འཛུགས་དམག་གིས་རྒྱལ་ཚོགས་ཀྱི་ཆོད་དོན་མངོན་འགྱུར་བྱ་དགོ་ཞེས་གཞུང་ལ་ངོ་རྒོལ་བྱས་སྟབས། གཞུང་དམག་དང་ཁོང་ཚོའི་བར་ཟིང་འཁྲུག་བྱུང་ཡོད་འདུག

གྲོ་ཁྱེར་ཕྱི་རོལ་གྱི་མི་མང་གིས་བརྗོད་པ་ལྟར་ན། ཕྱི་ཚེས་ ༢༢ ཉིན་གྲོང་ཁྱེར་ཡོངས་ན་མེ་མདའ་དང་འབར་རྫས་གཏོར་པའི་སྐད་དང་། གྲོང་ཁྱེར་གྱི་མཁའ་དབྱངས་སུ་དུ་བ་དང་འབར་རྫས་འཐོར་པའི་མེ་སོགས་ཀྱིས་ཁེངས་ཡོད་པ་ཙམ་ལས། མི་སུ་ཡང་གྲོང་ཁྱེར་ནང་དུ་འགྲོ་ཐུབ་པ་བྱུང་མི་འདུག

ཡེ་མན་གཞུང་གིས་རྒྱལ་ཚོགས་ཀྱི་ཆོད་དོན་ལྟར་གཞུང་གི་སྲིད་ཇུས་ལ་བཟང་ཕྱོགས་ཀྱི་འགྱུར་པ་གཏོང་རྒྱུར་གྲ་སྒྲིག་ཡོད་སྐོར་ཕྱིར་བསྒྲགས་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

7 thoughts on “ཡེ་མན་ནང་གི་ཟིང་འཁྲུག

  1. ཕུན་ཚོགས་ཉི་མ།

    གསར་འགོད་པ་འདི་དག་གིས་གནས་ཚུལ་ལ་ངོས་འཛིན་བྱེད་སྟངས་དང་། ཀློག་པ་པོ་ཚོའི་འདོད་པ་སྐུང་ཐུབ་ཀྱི་མི་འདུག ལེ་སྦེ་ཡ་མགོ་རྟིང་སློག་ཅིང་སྒ་སྒྲ་ཧྥེ་དམར་གསོད་བཏང་རྗེས་འཛམ་གླིང་མི་མང་ཚང་མས་ཡ་མཱེན་ལ་ལྟད་མོར་ལྟ་བསྡད་ཡོད་པ་རེད། གནས་ཚུལ་འདི་ལ་སྔོག་འདོན་མི་བྱེད་པར་ཅོ་ཀ་ཕྱག་ལེན་ལྟ་བུ་ཞིག་བྲིས་ཏེ་བཞག་འདུག
    ད་དུང་། དེ་རིང་གི་རྒྱལ་སྤྱིའི་གསར་ལམ་གྱི་གནས་ཚུལ་ཆེ་ཤོས་འདི་ཡང་མཐོང་ཡོད་ས་མ་རེད། དེ་རིང་ Turkey ཤར་ཕྱོགས་ནང་ས་འགུལ་རིམ་པ་ 7.2 ཅན་ཞིག་བརྒྱབ་སྟེ། མི་ 265 ཙམ་རྐྱེན་ལམ་དུ་སོང་ཡོད་པ་དང་མི་ 1300 ཙམ་ལ་རྨས་སྐྱོན། ཁང་པ་ 1000 ལྷག་ཙམ་ཞིག་རལ་དུ་བཏང་ཡོད་འདུག ཊར་ཀེ་ས་འགུལ་བརྒྱབ་ཡུལ་དུ་བསྐྱོད་དེ་ཕྱི་རྒྱལ་གྱི་རྒྱབ་སྐྱོར་མི་དགོས་པར། ང་ཚོ་རྒྱལ་ཁབ་རང་ངོས་ནས་མི་མང་མྱུར་སྐྱོབ་དང་། དཀའ་ངལ་འཕྲད་ཡོད་པ་དག་ལ་རོགས་སྐྱོར་གྱི་བ་ཆད་ལྷག་མེད་པར་བསྒྲུབ་ཐུབ་ཀྱི་ཡོད་ཅེས་བརྗོད་འདུག

  2. ཡུལ་གྱར་བུ།

    ཧ་ཧ་་་ཡུལ་ཆེན་པོ་ཞིག་ལ་ཁ་གཏོང་བ་ལས་རང་གིས་བྲིས་པའི་འོག་མཆན་ཐུང་ངུ་དེ་དག་མོ་ཞིག་བྲིས་ཡོད་ན་ཅི་མ་རུང་།

  3. མི་ཉག་སྐལ་བཟང་།

    ང་ཚོར་ཕྱི་ཕྱོགས་དང་ཡང་ན་འཛམ་གླིང་འཕོ་འགྱུར་གྱི་གནས་ཚུལ་མང་ཙམ་ཐོས་དགོས་ཀྱིན་འདུག གྲགས་ཆེ་བའི་དུས་བབ་དང་བང་ཆེན། ཁ་བརྡ་སོགས་ཀྱི་འཛམ་གླིང་སྤྱིའི་གནས་ཚུལ་འབྲི་བ་ཉུང་ཉུང་རེད། ཅི་སྟེ་ཚགས་ཤོག་དེ་དག་གི་རྩོམ་སྒྲིག་པ་དང་གསར་འགོད་པ། ཐ་ན་སློབ་སྟོན་པ་སོགས་ཀྱི་བོད་ཡིག་ཁོ་ན་ལས་མ་ཤེས་སྟབས་འཛམ་གླིང་སྤྱིའི་འགྱུར་འགྲོ་དང་ང་ཚོར་དགོས་པའི་རྒྱལ་སྤྱིའི་གནས་ཚུལ་འགོད་པ་ནི་གནམ་མཁའི་སྐར་མ་ཙམ་རེད་འདུག། དེ་དག་ནི་རྗེས་ལུད་ཀྱི་རྣམ་པ་དང་ཡང་ན་དུས་རབས་རྙིང་པར་མཁོ་བའི་བསམ་བློ་ཤུགས་ཆེན་པོ་ཡོད་པའི་རྟགས་མཚན་ཞིག་ཀྱང་ཡིན་པ་འདོད། ང་ཚོར་འདི་ལྟ་བུའི་ཕྱི་ཕྱོགས་ཀྱི་གནས་ཚུལ་དེ་ཚོ་གོ་དགོས་པ་དང་། གནས་ཚུལ་དེ་ཚོས་ང་ཚོར་སེམས་འགུལ་ཐེབས་ངེས་ཡིན། མི་རིགས་ཀྱི་ལ་རྒྱ་དང་། མི་རིགས་ཆིག་སྒྲིལ། མི་མང་ལོངས་ཤོག་སོགས་ཀྱི་ང་ཚོར་ཁོང་ཚོའི་ལ་རྒྱ་དང་སྙིང་སྟོབས་དེ་དགོས་ཀྱིན། མདོར་ན་བཤད་ཕོད་པ་དང་སྒྲུབ་ཕོད་པའི་སྙིང་སྟོབས་དེ་དགོས་ཀྱིན།