༼རྟ་མགྲིན་སྒྱུ་རྩལ་ངོ་སྤྲོད།༽རྟ་མགྲིན་སྒྱུ་རྩལ་ནི་ཕྱི་ལོ་༢༠༠༦ནས་གསར་འཛུགས་བྱས་ཤིང་། ཁབ་གཙགས་རི་མོ་གཙོ་བོར་བྱས་པའི་སྟོད་གོས་བཟོ་འགོད་(T-shirts)དང་། དངོས་བཀོད་གློག་བརྙན་སྒྲིག་བཟོ། (Documentary Films)སྦྱར་ཡིག་འཕྲེད་དར་བཟོ་འགོད།(Banners) རོལ་གཞས་གསར་བསྒྲིགས། པར་ལེན་སྒྱུ་རྩལ། (Photographs) འཕྲུལ་བསྒྲིགས་རི་མོ་(Graphic Design)དང་། སྣུམ་ཚོན་རི་མོའི་བརྩམས་ཆོས་ བཅས་འགྲེམས་སྤེལ་སོགས་བྱེད་ཀྱི་ཡོད། སྒྱུ་རྩལ་ལས་ཁང་འདིའི་ངོས་ནས་ད་བར་བོད་ཀྱི་རྩ་དོན་ཐད་ རང་ནུས་རྩལ་བཏོན་གྱིས་བོད་དོན་སྐོར་གྱི་ཁབ་གཙགས་རི་མོ་འཛམ་གླིང་ཡུལ་གྲུ་གང་ས་ནས་ཡོང་བའི་མི་ རྣམས་ལ་རིན་མེད་ཀྱིས་གཙགས་པ་དང་། ལོ་ལྟར་གསུམ་བཅུའི་དུས་དྲན་ཉིན་མོར་ངོ་རྒོལ་སྐད་འབོད་པའི་འདོད་ མོས་ལྟར་འབོད་ཚིག་དང་། མཚོན་དོན་ཚོན་རིས་ཅན་གྱི་རི་མོ་སོགས་འབྲི་བཞིན་ཡོད། ལོ་ངོ་བདུན་གྱི་རིང་སྒྱུ་ རྩལ་ལས་ཁང་གི་ངོས་ནས་འཆར་ཅན་གྱི་ཁབ་གཙགས་རི་མོ་གཙགས་པ་དང་། བོད་དོན་འབོད་ཚིག་ཅན་གྱི་སྟོད་ གོས་མ་འདྲ་བ་ ༦༧ དང་། Buttons མ་འདྲ་བ་༣༠ ལག་ཁུག་རིགས་ ༢༠ རྒྱབ་ཁུག ༡ ཆེད་བསྒྲིགས་གཞས་ ཀྱི་འོད་སྡེར་ ༡ བཅས་བཟོ་འགོད་དང་གསར་གཏོད་བྱས་ཡོད། ཕྱི་ལོ་༢༠༡༠ ལོར་རྒྱ་གར་རྒྱལ་ས་ལྡི་ལི་རུ་རྒྱལ་ སྤྱིའི་ཁབ་གཙགས་རི་མོའི་འགྲན་བསྡུར་ལ་འཛུལ་ཞུགས་ཀྱིས་རྒྱལ་ཁབ་བདུན་གྱི་གཙགས་རིས་སྒྱུ་རྩལ་པའི་ཁྲོད་ ནས་ཨང་གཉིས་པའི་གཟེངས་རྟགས་ཐོབ།
༼རྟ་མགྲིན་སྒྱུ་རྩལ་གྱི་ལས་གཞི ༽ འདི་ག་རྟ་མགྲིན་སྒྱུ་རྩལ་གྱི་ལས་གཞིའི་ཁོངས་སུ་དུས་རྒྱུན་བོད་དོན་ཁྱབ་ བསྒྲགས་ཀྱི་ཁབ་གཙགས་རི་མོ་རིན་མེད་ཀྱིས་གཙགས་དང་གཙགས་བཞིན་པ་དང་། བོད་མིའི་རང་དབང་སྒེར་ ལངས་ཉིན་མོ་དང་སྟབས་བསྟུན་བོད་ཀྱི་རང་དབང་གི་ཆེད་འབོད་ཚིག་སྣ་མང་འཁོད་པའི་སྟོད་གོས་འདྲ་མིན་བཟོ་ འགོད་བྱེད་བཞིན་པ་ལྟར། ད་ལོ་ཡང་གསུམ་བཅུའི་དུས་དྲན་སྐབས་སུ་རང་ལུས་མེར་བསྲེགས་བཏང་བའི་ རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཆེད། རི་མོ་འདྲ་མིན་དང་། འབོད་ཚིག་མ་འདྲ་བ་བརྒྱད་སོ་སོར་ བཀོད་པའི་སྟོད་གོས་ཆེད་མངགས་བཟོ་འགོད་བྱས་ཡོད་པ་གསུམ་བཅུའི་དུས་དྲན་ཉིན་མོར་རྡ་རམ་ས་ལ་དང་། ལྡི་ལི་གཉིས་སུ་འགྲེམས་སྤེལ་བྱེད་རྒྱུ་ཡིན། ལོ་འདིར་དམིགས་གསལ་གྱིས་བོད་དོན་ཁྱབ་བསྒྲགས་འཁོད་པའི་སྟབས་ བདེའི་སྦྱར་ཤོག་(Stickers)སྟོད་གོས་སྟེང་སྦྱར་ཆོག་པ་བཟོས་ཡོད་པས་བཟོ་འགོད་འདི་ལྡི་ལིོ་དང་རྡ་རམ་ས་ ལ་མ་ཡིན་པའི་ས་ཆ་གཞན་དུ་འགྲེམས་འདོད་ཡོད་རིགས་ལ་བཟོ་བཀོད་རི་མོ་རིན་མེད་ཀྱིས་ཕུལ་རྒྱུ་ཡིན།
གཞན་༸གོང་ས་མཆོག་གིས་བསྩལ་གནང་བའི་དུས་དབང་ཐེངས་ ༣༢ པའི་སྐབས་ཆེད་མངགས་སྒྲིག་སྦྱོར་བྱས་ པའི་གཞས་སྣ་ ༩ ཡོད་པ་༸གོང་ས་མཆོག་ལ་མཆོད་བསྟོད་དང་། བོད་ཀྱི་རང་དབང་། ཁོར་ཡུག་སྲུང་སྐྱོབ། པཎ་ཆེན་རིན་པོ་ཆེའི་དྲན་གླུ། རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན། བཙན་བྱོལ་བོད་མི་ཞིག་གི་སེམས་ཁམས་ ཀྱི་རེ་བ་དང་གདུང་བ་མཚོན་པའི་སྐྱོ་གླུ་སོགས་ཀྱི་འོད་ལྡེར་གསར་བཟོ་བྱས་ཡོད་པས་དེ་དག་གི་ཁྲོད་དུ་ དཔའ་བོའི་དཔའ་མོའི་རྗེས་དྲན་གྱི་གཞས་དེ་གཟིགས་མཁན་རྣམ་པས་ youtube བརྒྱུད་ Tamdingarts 4freedom ཞེས་པར་མཐུད་ཚེ་གཞས་དེ་དང་། རྟ་མགྲིན་སྒྱུ་རྩལ་ནས་མགྲོན་པོ་རྣམ་པར་དྲི་བ་ཞུས་པའི་སྐོར་ ཡང་ཐད་གཟིགས་གནང་ཐུབ་ཀྱི་ཡོད། གོང་བཀོད་ལས་གཞི་རྣམས་དང་འབྲེལ་བའི་ལས་དོན་ཅི་ཡོད་ལྷན་རྒྱས་ ཀྱིས་གཤམ་གྱི་འབྲེལ་ལམ་གང་རུང་དུ་འབྲེལ་བ་གནང་ཆོག་པས་འབྲེལ་བ་བྱེད་མཁན་རྣམ་པར་དགའ་བསུ་ཞུ་རྒྱུ་ལགས་པས་དེ་དོན་ཐུགས་འཇགས་འཚལ།
ཁ་པར་ཨང་གྲངས། ༩༧༣༦༢༤༦༩༣༡ ཡང་ན། ༩༨༡༦༣༦༧༩༧༧
ངོ་དེབ། facebook/tamdingarts.
དྲ་གནས། www.tamdingrts.com