ཧྥ་རན་སིའི་སྲིད་འཛིན་སཱར་ཀོ་ཛེ་ཡིས་བསྐྱར་དུ་འདི་ལོའི་ཕྱི་ཟླ་ ༤ ནང་གི་སྲིད་འཛིན་འོས་བསྡུར་ལངས་རྒྱུར་ཁྱབ་བསྒྲགས་བྱེད་དུ་ཕྱིན་པར་མི་མང་གིས་ངོ་རྒོལ་བྱས་ཏེ། ཆང་ཁང་ཞིག་ཏུ་ཉེན་གཡོལ་བྱ་དགོས་བྱུང་ཡོད་འདུག
ཕྱི་ཚེས་ ༡ ཉིན་ཧྥ་རན་སིའི་སྲིད་འཛིན་སཱར་ཀོ་ཛེ་(Nicolas Sarkozy) བསྐྱར་དུ་འདི་ལོའི་ཕྱི་ཟླ་ ༤ ནང་ཧྥ་རན་སིའི་སྲིད་འཛིན་འོས་མིར་ལངས་རྒྱུའི་ཁྱབ་བསྒྲགས་ཆེད། བྷ་སི་ཁུའེ་(Basque) ས་གནས་སུ་ཕྱིན་སྐབས་ཡུལ་དེའི་མི་མང་གིས་སྲིད་འཛིན་སཱར་ཀོ་ཛེ་ལ་སྒོ་ང་དང་ཤིང་ཏོག་པགས་པ་སོགས་ཀྱིས་བཞུས་ཏེ། སྲིད་འཛིན་ཁོང་དུས་ཡུན་ཆུ་ཚོད་ ༡ ཙམ་རིང་ཉེ་འཁྲེས་ཀྱི་ཆང་ཁང་ཞིག་གི་ནང་གབ་ནས་ཉེན་གཡོལ་བྱ་དགོས་བྱུང་ཡོད་ཀྱང་། ཉེན་རྟོག་དམག་མི་སོགས་འབྱོར་རྗེས་ཆང་ཁང་ནས་ཕྱིར་ཐོན་ཡོད་འདུག
ཉིན་དེའི་ངོ་རྒོལ་སྐབས་མི་མང་གིས་ནཱེ་ཀོ་ལཱ་སི་ཀམ་པོ་རཱ་(Nicolas kampora) ཞེས་སྐད་བརྒྱབ་ཡོད་པ་དང་། དེ་ནི་བྷ་སི་ཁུའེ་ཡི་སྐད་ཡིག་ནང་སྲིད་འཛིན་ནཱེ་ཀོ་ལཱ་སི་ཕར་རྒྱུག་ཅེས་པའི་དོན་ཡིན་འདུག རྗེས་སུ་སཱར་ཀོ་ཛེ་ཡིས་བྷ་སི་ཁུའེ་རྒྱལ་གཅེས་རིང་ལུགས་པ་ཚོ་དང་། ཁོང་གི་སྲིད་འཛིན་འོས་བསྡུར་འགྲན་རྩོད་བྱེད་མཁན་སྐུ་ཞབས་ཧོ་ལཱན་ཌེ་(Francois Hollande) ཡི་རྒྱབ་སྐྱོར་པ་ཚོར་ “མི་ངན་ཤོག་ཁག ”ཅེས་བསྐྱོན་བརྗོད་བྱས་ཡོད་འདུག
བྷ་སི་ཁུའེ་ནི་ཧྥ་རན་སིའི་རང་སྐྱོང་ས་གནས་ཤིག་ཡིན་པ་དང་། ས་གནས་དེར་ཡོད་པའི་བྷ་སི་ཁུའེ་རྒྱལ་གཅེས་རིང་ལུགས་པས་(Basque Nationalists) ཧྥ་རན་སིའི་འོག་ནས་རང་བཙན་རྩོད་ཀྱི་ཡོད་པ་རེད།
གསར་འགོད་པ། བནྡེ་སྐྱབས།
སར་ཁོ་རང་གིས་བྱས་པ་འགྲིགས་ཡོད་ན།།
སྦེད་ནས་མ་བཞུགས་དམངས་ལ་གསལ་ཁ་བཟོས།།
སར་ཁོ་རང་གིས་བཅས་མ་འགྲིགས་ཚེ།།
སྒོ་ང་ཚོད་པགས་བཞེས་རྗེས་དགོངས་པ་བཞེས།།
བོད་ལ་ལྷག་བསམ་དག་པའི་སར་གོ་ཛེ་ཡིས་ངོ་མདང་ཤོར་བར་ལྟོས་དང་། ཧ་བོ་ཨ་མའི་བུ་ཁྱོད།