དྲུག་བཞིའི་དོན་རྐྱེན་དྲན་གསོ།

དེ་རིང་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་བའི་ཉིན་མོར་༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

དེ་རིང་ཕྱི་ཟླ་ ༦ པའི་ཚེས་ ༤ ཉིན་ནི། ༡༩༨༩ ལོའི་ཟླ་ ༦ ཚེས་ ༤ ཉིན། རྒྱ་ནག་རྒྱལ་ས་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ། རྒྱ་ནག་གི་མཐོ་རིམ་སློབ་མ་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ། རྒྱ་ནག་རང་དབང་དང་དམངས་གཙོའི་ལམ་དུ་བསྐྱོད་དགོས་པའི་དགོས་འདུན་བཏོན་པར། གཞུང་གིས་དྲག་གནོན་བྱས་ཏེ་སློབ་མ་སྟོང་ཕྲག་མང་པོ་སྡེབ་གསོད་བཏང་སྟེ་ལོ་ངོ་ ༢༥ འཁོར་བའི་ཉིན་མོ་ཡིན་སྟབས། འཛམ་གླིང་གར་སར་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཤེས་ལྡན་མི་སྣ། དེ་བཞིན། རྒྱ་ནག་ནང་ལོགས་ཀྱི་སྐབས་དེར་རྐྱེན་ལམ་དུ་ཕྱིན་པའི་སློབ་མ་དག་གི་ནང་མི་གཉེན་འབྲེལ་བཅས་ཀྱིས་རྣམ་པ་འདྲ་མིན་ཐོག་དུས་དྲན་༼དྲུག་བཞིའི་དོན་རྐྱེན།༽སྲུང་གཙི་བྱེད་བཞིན་ཡོད།

ཉིན་མོ་འདིར་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ཀྱང་རྒྱ་རིགས་རྣམས་ལ་དུས་དྲན་དང་འབྲེལ་བའི་གདུང་སེམས་མཉམ་སྐྱེའི་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་འཁོད་དོན། དེ་རིང་ནི་ཕྱི་ལོ་ ༡༩༨༩ ཕྱི་ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་རྒྱལ་ས་པེ་ཅིན་གྱི་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་ ༢༥ ཧྲིལ་པོ་འཁོར་བའི་ཉིན་མོ་ཡིན་པར་བརྟེན། རྒྱ་རིགས་གཅེན་གཅུང་རྣམས་ཀྱིས་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན། ངོས་ཀྱིས་དྲུག་བཞིའི་དོན་རྐྱེན་འོག་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཆེད་ཚེ་སྲོག་ཤོར་བ་རྣམས་ལ་སྨོམ་ལམ་རྒྱག་རྒྱུ་ཡིན།

རིན་ཐང་དེ་དག་ནི་རང་དབང་དང་ནུས་པ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་རྨང་གཞི་ཆགས་ཡོད་པ་མ་ཟད། སྤྱི་ཚོགས་ནང་དོན་དམ་གྱི་ཞི་བདེ་བརྟན་ལྷིང་ཡོང་རྒྱུའི་རྐྱེན་རྩ་གཙོ་བོ་ཞིག་ ཀྱང་ཆགས་ཡོད། རྒྱ་ནག་གོ་ལའི་དཔལ་འབྱོར་ལམ་ལུགས་ནང་ཚུད་རྒྱུའི་འབད་བརྩོན་བྱས་པ་དེར་གྲུབ་འབྲས་ཧ་ཅང་ཡག་པོ་ཐོན་ཡོད་ཀྱང་། ད་ཆ་འཛམ་གླིང་སྤྱི་ཡོངས་ཀྱི་མང་གཙོའི་ལམ་ལུགས་ཐོག་རྒྱ་ནག་འགྲོ་ཐུབ་ཆེད་སྐུལ་དེད་གཏོང་རྒྱུ་དེ་མཚུངས་གལ་ཆེན་པོ་ཡིན་པར་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད། དེ་ལྟར་བྱུང་ཚེ་རྒྱ་ནག་ལ་འཛམ་བུ་གླིང་གིས་ཡི་ཆེས་དང་གུས་བཀུར་ཐོབ་རྒྱུར་ཕན་ཐོགས་ཡོང་རྒྱུ་དང་། རྒྱལ་སྤྱིའི་གནད་དོན་ཐོག་རྒྱ་ནག་གིས་སྣེ་འཁྲིད་ཐུབ་པ་ཞིག་ཡོང་རྒྱུ་རེད། ཅེས་སོགས་གསུངས་འདུག

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

3 thoughts on “དྲུག་བཞིའི་དོན་རྐྱེན་དྲན་གསོ།

  1. ཀརྨ་རྡོ་རྗེ།

    ༸གོང་ས་མཆོག་གིས།
    ་་་་་་ ད་ཆ་འཛམ་གླིང་སྤྱི་ཡོངས་ཀྱི་མང་གཙོའི་ལམ་ལུགས་ཐོག་རྒྱ་ནག་འགྲོ་ཐུབ་ཆེད་སྐུལ་དེད་གཏོང་རྒྱུ་དེ་མཚུངས་གལ་ཆེན་པོ་ཡིན་པར་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད།
    དེ་ལྟར་བྱུང་ཚེ་རྒྱ་ནག་ལ་འཛམ་བུ་གླིང་གིས་ཡི་ཆེས་དང་གུས་བཀུར་ཐོབ་རྒྱུར་ཕན་ཐོགས་ཡོང་རྒྱུ་དང་། རྒྱལ་སྤྱིའི་གནད་དོན་ཐོག་རྒྱ་ནག་གིས་སྣེ་འཁྲིད་ཐུབ་པ་ཞིག་ཡོང་རྒྱུ་རེད། ་་་་་་་་་་

  2. དེ་རིང་ཕྱི་དྲོར་དྲུག་བཞིན་དོན་རྐྱེན་སྐོར་ལ་བགྲོ་གླེང་ཆེན་པོ་ཞིག་འདུག བགྲོ་གླེང་གསུང་བཤད་པ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་དང་། སྤྱི་འཐུས་ཤར་གླང་ཟླ་སྒྲོན། སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་རིང་སོགས་རེད།