ཉེ་ལམ་འདི་གའི་གསར་ཁང་གིས་ད་ལྟ་ཨ་རིའི་རོ་ཌི་ཨེར་ལན་ཌི་ (University of Rhode Island) གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་ཐུབ་བསྟན་དར་ལགས་སུ། ཁོང་གི་སློབ་སྦྱོང་གི་བརྒྱུད་རིམ་དང་མ་འོངས་དམིགས་ཡུལ། ནུབ་ཕྱོགས་ཀྱི་སློབ་སྦྱོང་གནས་སྟངས་སོགས་ཀྱི་ཐད་བཅར་འདྲི་ཞུས་ཡོད།
དྲི་བ། ཐོག་མར་ཁྱེད་ཀྱིས་འདས་པའི་སློབ་སྦྱོང་གི་བརྒྱུད་རིམ་དང་འབྲེལ་ཏེ་རང་ཉིད་ངོ་སྤྲོད་ཅིག་གནང་རོཊ།
ལན། ང་རང་བྱེས་ནས་སྐྱེས་པའི་བོད་པ་མི་ཐོག་གཉིས་པའི་གྲས་ཤིག་ཡིན། སློབ་གཉེར་གྱི་མགོ་འཛུགས་ས་གདན་ས་འབྲས་སྤུངས་ཡིན། བོད་པའི་རིག་གཞུང་གི་བག་ཆགས་ཐོག་མ་ནང་བསྟན་རིག་གཞུང་རེད། མི་ཡུལ་ནས་འཚར་ལོངས་བྱུང་བའི་བོད་པའི་ཕྲུ་གུ་ཞིག་བོད་པའི་ངོ་བོར་གསོན་པའི་བླ་སྲོག་ལྟ་བུ་དེ་རིག་གཞུང་འདིས་བསྐྲུན་པ་རེད། འབྲས་སྤུངས་བློ་གསལ་གླིང་གི་སློབ་གྲྭ་ནས་སུམ་རྟགས་སྙན་གསུམ་ལ་སྦྱངས་པའི་གོ་སྐབས་བྱུང་བ་དང་། ཕྱིས་སུ་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་ཀ་བྱེད་རྒྱུའི་གོ་སྐབས་བྱུང་སྟེ། དབྱིན་ཡིག་གི་ཤེས་ཚད་གང་འཚམ་ཡར་རྒྱས་ཕྱིན་སོང་། ཞོར་དུ་བོད་ཕྱི་ནང་གཉིས་ཀྱི་སྙན་ངག་ལ་ལྟ་ཀློག་མང་པོ་བྱས་པ་ཡིན། ༢༠༠༡ ལོ་ནས་བཟུང་ལོ་གཅིག་རིང་བློ་གསལ་གླིང་མེག་སེ་ཁཱོ་ཆོས་ཚོགས་སུ་དགེ་རྒན་གྱི་འགན་འཁུར་བ་དང་། དེ་ནས་བློ་གསལ་གླིང་འཁྲབ་སྟོན་ཚོགས་པའི་མགྲིན་ཚབ་པའི་མིང་ཐོག་ནས་ཨ་རིའི་མངའ་སྡེ་མང་པོར་ཕྱིན་པ་ཡིན། ད་ལོར་ཨ་རིའི་མཐོ་སློབ་རོ་ཌི་ཨེ་སི་ལན་ཌི་ (University of Rhode Island) གཙུག་ལག་སློབ་གཉེར་ཁང་ནས་གཙུག་ལག་རབ་འབྱམས་པ་ (MA)ཐོན་རྗེས་མུ་མཐུད་སློབ་གསོ་རིག་པའི་སྟེང་འབུམ་རམས་པ་ (PHD) སློབ་ཚན་སྦྱོང་མགོ་བཙུགས་ཡོད།
དྲི་བ། ཁྱེད་རང་ཐོག་མར་རོ་ཌི་ཨེ་སི་ལེན་ཌི་ (University of Rhode Island) གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུཊ་གནང་སྟངས་གང་འདྲ་ཡིན།
ལན། ༢༠༠༨ ལོར་སློབ་གླིང་འདིར་ཐོག་མར་འབྲེལ་བ་བྱུང་སོང་། སྐབས་དེར་སློབ་གླིང་འདིར་ཨ་རིའི་འཚེ་མེད་ཞི་བའི་འཐབ་རྩོད་པ་མ་ཏི་ལུའུ་ཐི་ཁེན་ཀྱི་ལྟ་གྲུབ་སྐོར་གྱི་ཟབ་སྦྱོང་ཞིག་སྤྲོད་ཀྱིན་པ་ཐོས་པས་དེ་མ་ཐག་འབྲེལ་བ་བྱས་པ་ཡིན། གང་ཡིན་ཟེར་ན་དམ་པ་དེ་ནི་ང་རང་གིས་ཆེས་དགའ་སའི་མི་ཞིག་ཡིན་ལ་ཁོང་གི་ལྟ་གྲུབ་དང་ཐབས་ལམ་རྣམས་ང་ཚོའི་འཐབ་རྩོད་ཁྲོད་ཧ་ཅང་གལ་ཆེན་པོ་རེད་བསམ་མྱོང་ཡོད། དེ་ནས་སོ་སོ་སྒེར་ངོས་ནས་སློབ་ཡོན་བཙལ་ནས་སློབ་གླིང་འདིར་དམ་པ་ཁོང་གི་ལྟ་གྲུ་བསྐོར་ལ་སློབ་སྦྱོང་བྱས་པ་ཡིན། ༢༠༡༠ ལོར་བསྐྱར་དུ་འཛིན་རིམ་གཉིས་པའི་སློབ་ཚན་དུ་ཞུགས་པ་དང་སློབ་གླིང་འདིའི་སློབ་གསོའི་སྡེ་ཁག་གི་དགེ་རྒན་ཁ་ཤས་དང་འབྲེལ་བ་བྱུང་། ཁོང་ཚོ་འགའ་ཤས་༧གོང་ས་མཆོག་དང་མཇལ་མྱོང་འདུག ངས་སློབ་སྦྱོང་གི་དམིགས་ཡུལ་སོགས་ཁོང་ཚོར་བཤད་སྐབས་ཁོང་ཚོས་དགའ་མོས་ངང་རོགས་རམ་གང་ཐུབ་གནང་གི་ཡིན་ཞེས་ཁས་ལེན་བྱས་སོང་། ང་ལ་མཚོན་ན་སློབ་གྲྭར་འཛུལ་ཞུགས་བྱེད་རྒྱུ་དང་སློབ་ཡོན་གཉིས་ཀྱི་ཐོག་ནས་ཆ་རྐྱེན་གང་ཡང་མེད་པས་ལོ་ཕྱེད་ཙམ་རིང་སློབ་དགེ་ཅིག་ལ་གནས་ཚང་གཡར་ནས་བསྡད་པ་ཡིན། རིམ་བཞིན་སློབ་གླིང་འདིར་ཞོར་ལས་ཤིག་རག་སོང་བས་སློབ་གསོ་རིག་པའི་སྡེ་ཁག་གི་འཛིན་གྲྭ་འདི་མགོ་འཛུགས་ཐུབ་སོང་། གང་ཡིན་ཟེར་ན་སློབ་གླིང་རང་ནས་ལས་ཀ་རག་པ་ཡིན་ན་སློབ་ཡོན་སོགས་ལས་ཀ་བྱས་པ་དེས་ཕལ་ཆེར་འདང་འགྲོ་གི་འདུག
དྲི་བ། སློབ་ཆེན་སྐབས་ཆེད་ལས་གཙོ་བོ་ཅི་ཞིག་བདམས་ཡོད་པ་དང་། སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་སོང་།
ལན། ངའི་ཆེད་ལས་གཙོ་བོ་སློབ་གསོ་རིག་པ་རེད། འདི་ནི་མ་འོངས་པར་གནད་འགག་ཅིག་མཐོང་སོང་། གང་ཡིན་ཟེར་ན། བོད་ཀྱི་མི་ཐོག་རྗེས་མ་གསོ་སྐྱོང་བྱེད་རྒྱུའི་འགན་ང་ཚོའི་ཕྲག་ཏུ་བབ་ཡོད་དུས་སློབ་གསོ་རིག་པ་ནི་དེའི་རྨང་གཞི་ལྟ་བུ་རེད། སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་དཀའ་ངལ་བསྟུད་མར་འཕྲད་ཀྱི་རེད། དང་པོ་སློབ་གྲྭར་མ་ཚུད་པའི་དཀའ་ངལ། ཚུད་རྗེས་སློབ་ཡོན་ཀྱི་དཀའ་ངལ། དེ་ནས་སྡོད་གནས་དང་ཟས་གོས་ཀྱི་དཀའ་ངལ་སོགས་ཡོང་གི་རེད། ཡིན་ནའང་། ང་རང་བོད་མི་སྐྱབས་བཅོལ་བ་ཞིག་དང་མ་འོངས་པའི་བོད་ཀྱི་རང་དབང་འཐབ་རྩོད་པ་ཞིག་ཡིན་བསམ་ཡོང་སྐབས། དཀའ་ངལ་ལ་གདོང་ལེན་བྱེད་རྒྱུའི་སེམས་ཤུགས་ཆེ་རུ་འགྲོ་ཡི་འདུག
དྲི་བ། སློབ་གླིང་དེའི་མགོ་ཁྲིད་དང་དགེ་སློབ་ཚོའི་ངོས་ནས་བོད་དང་བོད་མི་ཚོར་ལྟ་སྟངས་གང་འདྲ་འདུག
ལན། སློབ་གླིང་གི་མགོ་ཁྲིད་དང་དགེ་སློབ་ཁྲོད་སྐུ་མདུན་ལ་མཇལ་མྱོང་མཁན་དང་སྐུ་མདུན་གྱི་བཀའ་སློབ་ལ་གསན་མྱོང་མཁན་གང་འཚམ་འདུག ཁོང་ཚོས་ང་ཚོར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་རེད། བོད་པའི་སྐོར་རྩ་བ་ནས་ཐོས་མྱོང་མེད་མཁན་ཡང་འདུག དེ་ཚོར་གང་ཐུབ་ཐུབ་ཀྱིས་བོད་དོན་འགྲེལ་བཤད་བརྒྱབ་པ་ཡིན། རིག་གཞུང་རང་གི་ངོས་ནས་འབྲེལ་བ་འཛུགས་ཐུབ་པ་ཡིན་ན་ཁོང་ཚོའི་དོ་སྣང་དེ་ཤུཊ་ཆེ་རུ་འགྲོ་གི་ཡོད་པའི་ཚོར་བ་བྱུང་སོང་། རྩ་བའི་ཚང་མས་བོད་པ་ཟེར་དུས་མི་རིགས་ཡ་རབས་ཚུལ་མཐུན་ཞིག་ལ་ངོས་འཛིན་གནང་གི་འདུག
དྲི་བ། ཁྱེད་རང་བོད་མི་རིགས་དང་བོད་དོན་འཐབ་རྩོད་ཐོག་ལྟ་སྟངས་གང་འདྲ་ཡོད།
ལན། ཆུང་དུས་ནས་ཕ་མ་གཉིས་ཀྱིས་བཞག་པའི་བག་ཆགས་ཤིག་གི་དབང་གིས་ཡིན་པ་འདྲ། བོད་པ་ཟེར་ཡོང་དུས་དཔའ་བློ་ཁོག་ཡོད་པའི་མི་རིགས་ཤིག་དང་། རིག་གཞུང་ཕྱུག་པོ་ཡོད་པ་ཞིག་སེམས་ངོར་འཆར་ཡོང་གི་འདུག རང་ཉིད་ཀྱང་བོད་པ་ཞིག་ཡིན་བསམ་སྐབས་གཞན་དང་མི་འདྲ་བ་ཞིག་ཡོད་བསམ་པའི་འཁྲུལ་སྣང་འདྲ་ཞིག་འདུག བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱི་སྙིང་སྟོབས་དང་སེམས་ཤུགས་དེ་འཛམ་གླིང་འདིའི་བདེན་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བ་ཞིག་རེད། རང་གི་ཕ་ས་ཕ་ཡུལ་གྱི་ཆེད་དུ་རང་རིགས་གཞོན་སྐྱེས་མང་པོ་ཞིག་གིས་གཅེས་སྲོག་ཡན་ཆད་ཕངས་མེད་དུ་བློས་བཏང་ཡོང་དུས་ངས་དེ་སྔ་མཐོང་མྱོང་མེད་པའི་ཕ་ཡུལ་དེ་མཐོང་འདོད་ཆེན་པོ་འདུག ཡིན་ནའང་བོད་མི་རེ་རེ་ངོས་ནས་རང་ཉིད་བློས་བཏང་གི་སེམས་ཤུཊ་དེ་རྒྱུན་བསྲིངས་ནས་བོད་མི་གཅིག་ཡིན་ནའང་ཚེ་རིང་པོ་དང་། སྐུ་གཟུཊ་ཐང་པོར་བསྡད་དེ་བོད་དོན་འཐབ་རྩོད་མི་ཐོག་ནས་མི་ཐོག་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེན་རེད།
དྲི་བ། ཁྱེད་ཀྱིས་༼སྙིང་ཁོང་ནས་བརྡོལ་བའི་ཞི་བདེའི་དབྱངས་རྟ།༽ཞེས་པའི་སྙན་དེབ་ཅིག་པར་བསྐྲུན་འགྲེམས་སྤེལ་བྱས་འདུག དེའི་བརྗོད་བྱ་གཙོ་བོ་ག་རེ་རེད།
ལན། ༼སྙིང་ཁོང་ནས་བརྡོལ་བའི་ཞི་བདེའི་དབྱངས་རྟ།༽ཞེས་པའི་སྙན་དེབ་དེ་ ༢༠༡༣ ལོར་སློབ་གླིང་གི་ (University of Rhode Island Center for Nonviolence & Peace Studies ) སྡེ་ཚན་ནས་དཔར་བསྐྲུན་བྱས་པ་རེད། སྙན་དེབ་དེ་སྡེ་ཁག་འདི་ནས་དཔར་དུ་བསྐྲུན་པའི་སྙན་དེབ་ཐོག་མ་དེ་ཆགས་ཡོད་སྟབས་ཚང་མས་གདེང་འཇོག་གང་འཚམ་གནང་སོང་། དེབ་འདིའི་ནང་ངས་ལོ་ངོ་ ༡༥ ལྷག་རིང་བྲིས་པའི་སྙན་ངག་རྣམས་ལས་ལེཊ་གྲས་བདམས་ཏེ་ཞི་བདེ་དང་འཆམ་མཐུན། རང་དབང་དང་དྲང་བདེན། བརྩེ་བ་དང་མི་ཚེ་བཅས་ལེའུ་གསུམ་དུ་བགོས་ཡོད། བརྗོད་བྱ་ཡང་ཕལ་ཆེར་གོང་གི་ཁ་བྱང་འདི་གསུམ་དང་གཅིག་པ་འདྲ་བོ་རེད། ངས་བརྗོད་བྱ་གང་ཞིག་བདམས་ཀྱང་གནས་ལུཊ་དང་སེམས་ཚོར་དྭངས་མ་གཉིས་དང་ཁ་མ་བྲལ་བ་ཞིག་ཡོང་ཐབས་བྱས་ཡོད། ཡིན་ནའང་སྐབས་རེར་གནས་ལུཊ་ལས་སེམས་ཚོར་ཆེ་དྲཊ་པ་དེ་འདྲ་ཡོང་གི་འདུག
དྲི་བ། འདི་ལོར་ཁྱེད་རང་སློབ་གླིང་དེ་གའི་ཕུལ་བྱུང་སློབ་མར་བདམས་ཡོད་པར་མ་ཟད། འབུམ་རམས་པའི་ (PhD) རྩེ་ཏོག་ཏུའང་ཚུད་འདུག དེའི་སྐོར་གང་འདྲ་ཡིན་ནམ།
ལན། སྟབས་འགྲིག་ནས་དེ་འདྲ་བྱུང་བ་རེད། མ་གཞི་སློབ་གླིང་འདིར་འཛམ་གླིང་གང་ས་ནས་སློབ་ཕྲུག་མང་པོ་ཡོད་པ་རེད། དེའི་ནང་དུ་རྒྱ་རིཊ་གཙོས་པའི་ཨེ་ཤ་ཡའི་སློབ་མ་ཡང་མང་པོ་རེད། ཁོང་ཚོར་སློབ་སྦྱོང་དང་། དེ་མིན་གྱི་ལེཊ་ཆ་མང་པོ་ཡོད་པ་བཤད་མ་དགོས་པ་རེད། ངའི་ཚན་ཁག་ནས་ང་རང་བདམས་དོན་གཙོ་བོ་ལོ་འདི་གའི་རིང་ངས་བོད་པ་ཞིག་གི་མིང་ཐོག་ནས་འབད་བརྩོན་དང་མི་གཞན་གྱི་ཡོན་ཏན་ལ་གུས་ཞབས་བྱས་པ་ཡིན། འབུམ་རམས་ (PhD) སློབ་མའི་ཁོངས་སུ་བདམས་རྗེས་ངས་སྡེ་ཁག་འགན་འཛིན་སོཊ་ལ་ཐུཊ་རྗེ་ཆེ་ཞུས་པ་ཡིན། ཁོང་ཚོས་ཀྱང་ང་ལ་གདེང་འཇོག་གནང་གི་འདུག ངས་སློབ་གླིང་འདིར་བོད་ཀྱི་ནང་པའི་ལྟ་གྲུབ་སྐོར་གྱི་འཛིན་གྲྭ་ཞིག་འཚོཊ་ཀྱི་ཡོད་པ་ཡང་ལོ་རེར་ཞུཊ་མི་མང་དུ་འགྲོ་བཞིན་འདུག འཆར་ཟླའི་འཛིན་གྲྭ་ད་ལྟ་ནས་ཁེངས་སོང་། འདི་ང་ལ་དམིཊ་བསལ་འཇོན་ཐང་ཡོད་པ་དེ་འདྲ་མ་རེད། ཁོང་ཚོས་བོད་པའི་རིག་གཞུང་གི་རིན་ཐང་མཐོང་གི་ཡོད་པས་རེད་བསམ་གྱི་འདུག
དྲི་བ། ད་སྔ་སློབ་གླིང་དེ་གར་བོད་དོན་ལས་འགུལ་རིགས་སྤེལ་བ་དེ་འདྲ་བྱུང་ཡོད་དམ།
ལན། ང་རང་སློབ་གླིང་འདིར་ ༢༠༡༡ ལོར་ཞུཊ་པ་ཡིན། སྐབས་དེར་སློབ་གླིང་འདིར་བོད་པ་ང་གཅིག་པུ་རེད། བོད་དོན་དྲིལ་བསྒྲཊ་ཀྱི་གོ་སྐབས་རེ་བྱུང་ན་མི་མང་ཉུང་ལ་མ་ལྟོས་པར་གང་ཐུབ་བྱས་པ་ཡིན། ༢༠༡༢ ལོར་སློབ་གྲྭའི་རིག་གཞུང་སྣ་མང་དུས་སྟོན་ཐོག་༼བོད། ཆོས་ཀྱི་དག་ཞིང་དང་སྲིད་ཀྱི་དམྱལ་ཁམས༽(Tibet: Spiritual Heaven, Political Hell) ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་སྐོར་ལ་གཏམ་བཤད་ཅིག་བྱེད་རྒྱུའི་གོ་སྐབས་བྱུང་སོང་ལ། བོད་དོན་ཐོག་འགྲེལ་བརྗོད་དང་དྲི་བ་དྲིས་ལན་དེ་འདྲ་ཡག་ཐག་ཆོད་བྱུང་སོང་། ༢༠༡༣ ལོར་བསྐྱར་དུ་སློབ་གླིང་འདིའི་རྒྱ་རིཊ་དགེ་རྒན་དང་སློབ་ཕྲུག་ཚོའི་མཉམ་དུ་བོད་དོན་སྐོར་བགྲོ་གླེང་གནང་རྒྱུའི་གོ་སྐབས་ཞིག་བྱུང་སོང་། དེ་ཡག་པོ་བྱུང་སོང་བསམ་ཡོད། དེ་ནས་ཐེངས་གཅིག་ཉེ་འཁོར་གྱི་ཡེ་ཤུའི་ལྷ་ཁང་དེ་འདྲའི་ཐབ་ཚང་དང་ཚོཊ་ཁང་གཡར་ནས་༼ བོད་ཟས་ཀྱི་བྲོ་བ། ༽ཅེས་ལས་འགུལ་ཞིག་སྤེལ་བ་ཡིན། དེ་དང་མཉམ་དུ་བོད་དོན་སྐོར་གྱི་གློག་བརྙན་ཐུང་ངུ་ཞིག་བསྟན་ཏེ། བོད་ནང་གི་དྭ་ཕྲུག་སློབ་གྲྭའི་ཆེད་མ་དངུལ་བསྡུ་རོཊ་ཤིག་བྱས་མྱོང་ཡོད། ད་ལོའི་ཕྱི་ཟླ་ ༡༡ པའི་ནང་དུ་ལས་འགུལ་ཞིག་སྤེལ་ཐུབ་ན་བསམ་ནས་ལས་འཆར་ཞིག་སློབ་གྲྭའི་གཞུང་ལ་ཕུལ་ཡོད། ང་རང་གིས་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་བོད་མིའི་རང་དབང་ཤོད་བཞིན་ཡོད། རྒྱ་རིགས་དང་བོད་རིཊ་ཞེས་བཤད་མྱོང་མེད། སློབ་གྲྭ་ཞིག་ལ་མཚོན་ན་མི་རིཊ་མང་པོ་ཡོད་སྟབས་དེ་གནད་འགག་ཅིག་ཏུ་མཐོང་སོང་།
དྲི་བ། སློབ་གླིང་དུ་སློབ་སྦྱོང་བྱེད་རིང་ང་ཚོ་དང་མི་རིཊ་གཞན་གྱི་སློབ་མའི་བར་ཁྱད་པར་ག་རེ་མཐོང་སོང་།
ལན། ནུབ་ཕྱོཊ་ཀྱི་སློབ་མ་རྣམས་ཀྱིས་ཤེས་ཡོན་སྣ་གཅིག་ཡིན་ཡང་དེ་ཤེས་ཐབས་གནང་གི་རེད། དེའི་ཆེད་དུ་དངུལ་གྱི་འགྲོ་སོང་སོཊ་ག་རེ་བྱེད་དགོས་ཀྱང་བྱེད་ཀྱི་འདུག ཁོང་ཚོས་སློབ་སྦྱོང་ལ་འབད་པ་བྱེད་སྟངས་དེ་ཧང་སང་དགོས་པ་དེ་འདྲ་རེད། དཔེ་མཛོད་རང་དུ་མཚན་ཕུད་དེ་སློབ་སྦྱོང་གནང་བསྡད་མཁན་དེ་འདྲ་མང་པོ་མཐོང་རྒྱུ་འདུག མཚམས་རེར་སེམས་སུ་ས་སྐྱ་པན་ཆེན་གྱི་མན་ངག་རྣམས་ཁོང་ཚོའི་ཉམས་ལེན་གནང་གི་ཡོད་པ་ལྟ་བུ་ཚོར་ཡོང་གི་འདུག དེ་ཁྱད་པར་ཆེན་པོ་ཞིག་ཏུ་མཐོང་སོང་།
དྲི་བ། གཞུང་སྒེར་གང་རུང་ཐོག་ཨ་རིར་སློབ་སྦྱོང་ཕྱིན་པའི་བོད་མི་མང་པོ་ཞིག་ཕྱིར་རྒྱ་གར་ནང་མ་ལོག་པར་ཨ་རིར་ལས་ཀ་འདྲ་མིན་བྱེད་བསྡད་ཀྱི་འདུག དེའི་ཐད་ཁྱེད་རང་ལ་ལྟ་ཚུལ་གང་འདྲ་ཡོད་དམ།
ལན། རྩ་བའི་མི་སུ་ཡིན་རུང་རང་ཉིད་ཀྱི་མི་ཚེ་བདེ་སྐྱིད་ངང་སྐྱེལ་རྒྱུའི་འདོད་པ་ཡོད་པ་ནང་བཞིན་ཐོབ་ཐང་ཡང་ཡོད་པ་རེད། ཡིན་ནའང་དེ་དང་ལྷན་དུ་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་ནི་གལ་ཆེན་ཞིག་ཏུ་མཐོང་གི་འདུག དེའི་ཕྱིར་ང་རང་སྒེར་གྱི་བསམ་ཚུལ་ཡིན་ན་སློབ་སྦྱོང་གི་ཕྱིར་དུ་ཨ་རིར་བསླེབས་པ་ཚོར་ཡག་པོ་མཐོང་གི་ཡོད། འོན་ཀྱང་། ཨ་རིར་ཡོང་རྒྱུའི་ཆེད་དུ་སློབ་སྦྱོང་བྱས་པ་དང་ཡང་ན་སློབ་སྦྱོང་ཁ་ལ་འཁྱེར་ནས་ཨ་རིར་ཡོང་རྒྱུ་ཁོག་ལ་བཅུག་ནས་ཡོང་གི་ཡོད་པ་དེ་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད་བསམ་གྱི་འདུག དེའི་རིགས་སྤྱི་སྒེར་སུ་ཡིན་ནའང་ཕན་ཐོགས་ཆེན་པོ་ཡོང་གི་མ་རེད་བསམ་གྱི་འདུག དཔེ་བཞག་ན་གསོན་ཕྱིར་ཟས་འཚོལ་བ་ནི་འགྲིག་བསྡད་པ་རེད་ལ་གསོན་པ་ཟས་འཚོལ་ཆེད་དུ་ཡིན་ན་དེ་ཏག་ཏག་བསྡད་ཡོད་པ་མ་རེད།
དྲི་བ། མ་འོངས་པར་སློབ་སྦྱོང་ཆ་ཚང་ཐོན་ཚར་རྗེས་ཕྱག་ལས་ག་རེ་གནང་འཆར་ཡོད་དམ།
ལན། དགེ་རྒན་ཚད་ལྡན་ཅིག་ཨེ་ཡོང་བལྟ་རྒྱུ་ཡིན། མ་འོངས་པར་རང་གིས་གང་སྦྱང་པ་དེ་བོད་པ་མི་གཅིག་ལ་ཕན་ཐོགས་པ་ཡིན་ནའང་དེའི་ཆེད་དུ་ལས་ཀ་བྱེད་འདོད་ཡོད། སྤྱིར་བོད་མིའི་ཤེས་ཡོན་ཡར་རྒྱས་སུ་གཏོང་རྒྱུ་དེ་༧གོང་ས་མཆོག་གི་དགོངས་གཞི་གལ་ཆེ་ཤོས་ཤིག་རེད། དེའི་ཆེད་དུ་ལས་ཀ་ཏོག་ཙམ་བསྒྲུབ་ཐུབ་པ་བྱུང་ན་བླ་མའི་ཐུགས་དགོངས་སྒྲུབ་པ་རེད། གཞན། ད་ལྟ་བར་ང་དང་འགྲོཊ་ནས་འདྲིས་བསྡད་པའི་སྙན་ངག་དང་པར་རིས་སྒྱུ་རྩལ་ཐོག་ཤུཊ་རྒྱག་དགོས་བསམ་ཡོད། མཐའ་མ་ཞུ་འདོད་པ་ཞིག་ལ། ང་ཚོའི་བློ་ཁ་སྤྱི་ཚོཊ་ཟང་ཟིང་ཁོ་ནའི་ཕྱོཊ་སུ་མི་གཏོད་པར་དཀའ་ལས་ཏོག་ཙམ་བརྒྱབ་ནས་འཛམ་གླིང་གང་སར་ཡོད་པའི་གཙུག་ལག་སློབ་ཆེན་ཁག་ཏུ་འཛུལ་ཞུཊ་བྱེད་ཐབས་བྱེད་རྒྱུ་དང་། རང་ཉིད་དགའ་ཕྱོཊ་ཀྱི་སློབ་ཚན་ཐོག་གོམ་པ་བརྒྱབ་ནས་ཕ་མ་ནང་མི་ཚོས་ཀྱང་དེ་ལ་མཐུན་འགྱུར་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། གསར་འགོད་པ། དོན་གོ
ཕྱི་རྒྱལ་གྱི་སློབ་ཆེ་ཁག་ནང་འཛམ་གླིང་གི་མི་རབས་རྗེས་མ་སྐྱེད་བསྲིངས་ཙམ་མ་ཟད། རྒྱ་རིགས་སློབ་ཕྲུག་ཧ་ཅང་མང་པོ་ཡོད་པས། ང་ཚོའི་བོད་པ་སློབ་ཕྲུག་དེ་འདྲ་གཅིག་གཉིས་ཙམ་ཡོད་ཀྱང་། བོད་མིའི་སྐུ་ཚབ་མཚོན་པ་དང་བོད་དོན་གོ་རྟོགས་སྤེལ་རྒྱུ། ལྷག་དོན་དུ་བོད་པའི་རིག་གཞུང་གཤིས་རྒྱུད་ལ་འཇགས་པའི་མི་གཤིས་ཀྱི་ཤེས་འཇོན་བློ་རིག་བཀྲ་བ་མངོན་ཐུབ་པ་གང་ལེགས་བྱུང་འདུག དེར་བརྟེན་འདི་འདྲ་བའི་བཅའ་འདྲི་ལེ་ཚན་གཞི་རིམ་སློབ་གཉེར་བའི་སློབ་ཕྲུག་ཚོས་དོ་སྣང་ཡོང་ཐབས་གནང་དགོས། ཐུགས་རྗེ་ཆེ།