ཐེངས་འདིར་དུས་དབང་ལ་མི་འབུམ་ ༢ འཛོམ་རྒྱུ་རེད།

བོད་མིའི་སྒྲིག་འཛུགས་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཐེངས་འདིའི་དུས་དབང་ ༣༤ བར་རྒྱལ་ཁབ་ ༩༠ ཙམ་ནས་ཆོས་ཞུ་བ་འབུམ་ ༢ ཙམ་འཛོམས་རྒྱུ་ཡིན་སྐོར་བསྒྲགས།

unnamཧedཁ་སང་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆོས་ཞུ་བ་ཡོངས་ལ་ཕྱི་ལོ་གསར་པར་འཚམས་འདྲི་དང་སྦྲགས། ད་ལྟའི་ཆར་དུས་འཁོར་དབང་ཆེན་གྱི་གོ་སྒྲིག་ཆ་ཚང་ཡག་པོ་འགྲོ་བཞིན་ཡོད་པ་དང་། རྒྱ་གར་མངའ་སྡེ་གཞུང་གིས་ཀྱང་རོགས་འདེགས་གང་ཐུབ་གནང་ཡོད་པ། དེ་བཞིན། དེ་སྔོན་གསལ་བསྒྲགས་ཞུས་པ་ལྟར་ཉམ་ཐག་རིགས་ལ་ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་ཞུ་འཆར་ཡོད་ཀྱང་། ནུས་པའི་མ་འདང་ས་དང་མ་ལྕོགས་ས་ཡོད་རིགས་ལ་དགོངས་སེལ་ཞུ་བཞིན་ཡོད་སྐོར་སོགས་གསུངས།

ཁོང་གིས་མུ་མཐུད་དུ། ཐེངས་འདིའི་དུས་དབང་ཐོག་རྒྱལ་ཁབ་ ༩༠ ནས་ཆོས་ཞུ་བ་འབུམ་ ༢ ཙམ་འཛོམས་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་སྐོར་དང་། ས་གནས་གཞིས་ཆགས་ཁག་ ༡༥ ཙམ་གཞིས་མགོ་རྣམ་པས་འགན་འཁུར་ཏེ་སྤྱི་ཁང་དང་ཚོགས་ཁང་སོགས་སུ་བརྙན་འཕྲིན་བརྒྱུད་དུས་དབང་ཞུ་བཞིན་ཡོད་སྐོར། ཉེ་ལམ་༧གོང་ས་མཆོག་གིས་བོད་ནང་བཞུགས་པའི་བོད་མི་དུས་དབང་ལ་ཕེབས་མ་ཐུབ་མཁན་ཚོས་སྨོན་ལམ་རྒྱོབས་དང་དབང་འཐོབ་རྒྱུ་ཡིན་སྐོར་གསུངས་པ་ལྟར་ཚང་མས་སྨོན་ལམ་ཡག་པོ་བརྒྱབ་ན་དབང་འཐོབ་ངེས་ཡིན་པ་དང་། ཚང་མས་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་ཐུགས་སྨོན་གནང་དགོས་སྐོར་སོགས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་གསལ་བསྒྲགས་ལྟར་ན། ཐེངས་འདིར་སོག་ཡུལ་དང་ཨུ་རུ་སུ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་སོགས་ནས་ཆོས་ཞུ་བ་ཁྲི་ ༤ ཙམ་ཕེབས་ཡོད་སྐོར་བཀོད་འདུག

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

2 thoughts on “ཐེངས་འདིར་དུས་དབང་ལ་མི་འབུམ་ ༢ འཛོམ་རྒྱུ་རེད།

  1. བསྟན་འཛིན།

    འདི་སྲིད་སྐྱོང་གི་ཧམ་བཤད་བྱས་པ་ཨ་ཡིན། ༧སྐུ་མདུན་གྱི་དུས་འཁོར་དབང་ཆེན་ཡང་རྫུན་མར་བཏང་ན་ཡག་པོ་ཡོད་མ་རེད། རྒྱ་གར་གྱི་གསར་འགྱུར་ཁག་ནང་ད་ལོ་རྒྱ་ནག་གིས་བཀག་འགོག་བྱས་པ་དང་རྒྱ་གར་གཞུང་གིས་དངུལ་ཚད་བཀག་བཟོས་པ་སོགས་ལ་བརྟེན་ཏེ་ད་ལོ་དུས་འཁོར་དབང་ཆེན་ལ་མི་ཁྲི་ལྔ་ནས་བདུན་བར་ལས་འཛོམས་ཐུབ་མེད་པའི་སྐོར་བཀོད་འདུག་པ་དེ་བདེན་པར་སྙམ། གྲངས་འབོར་དེ་རྒྱ་གར་བྷི་ཧཱར་མངའ་སྡེའི་ཉེན་རྟོག་སྐོར་སྲུང་ལས་ཁོངས་ཀྱིས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་རེད།

    1. ༅༅། ༧སྐྱབས་མགོན་བཀའ་དྲིན་ཆེ་སོང།
      སྲིད་སྐྱོང་ཐུགས་རྗེ་ཆེ་སོང།
      སྐྱེ་འགྲོ་བསོད་ནམས་བསགས་སོང།
      འགྲོ་རྣམས་བདེ་སྐྱིད་ལྡན་ཤོག་