ཁེ་ན་ཌ་གཞུང་གིས་སྐྱབས་བཅོལ་བར་སྣེ་ལེན་བྱས་པ་དང་བསྟུན་ཏེ་ཡུལ་ལུང་འདྲ་མིན་གྱི་མི་རིགས་སྣ་ཚོགས་ཁེ་ན་ཌའི་ནང་འཚོ་བ་རོལ་མགོ་བརྩམས།

རོའུ་ཊོར་གསར་ཁང་གིས་༢༠༡༧།༦།༢༢ཉིན་སྤེལ། ཟླ་འདིའི་ཚེས་ ༡ ཉིན་ཁེ་ན་ཌ་རྒྱལ་ཡོངས་མི་སེར་ཐོབ་ཐང་སྤྲད་པའི་དུས་དྲན་སྲུང་གཙི་བྱས་པ་དང་བསྟུན་ཏེ། ཟླ་སྔོན་མ་ནས་ཁེ་ན་ཌའི་མི་སེར་གསར་པ་ཚོས་ཁོ་ཚོའི་མི་ཚེའི་ནང་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་གི་དབུ་འཁྱུད་འབྲི་མགོ་བརྩམས་ཡོད། མི་སེར་གསར་བ་ཚོས་ཁེ་ན་ཌ་ནི་རིག་གཞུང་སྣ་འཛོམ་ཡིན་པ་དང་། མི་ཚེ་བདེ་འཇགས་དང་མ་འོངས་མདུན་ལམ་གྱི་གོ་སྐབས་མང་པོ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག

བུ་མོ་མཱི་ཇེ་ཌ་ (FlorMejid) ལགས་ཀྱིས་བཤད་རྒྱུར། “འདི་གར་རིག་གཞུང་སྣ་འཛོམ་ཡིན་པ་དང་། ང་འགྲོ་སའི་མཐོ་སློབ་ནང་དཀྱིལ་ཤར་ཡུལ་གྲུ་དང་ཨ་རིའི་དབུས་ཁུལ། ཨེ་ཤ་ཡ་སོགས་ནས་ཡོང་བའི་སློབ་ཕྲུག་མང་པོ་ཡོད་པ་དང་། ཁོ་ཚོ་ཚང་མ་ཧ་ཅང་ཡག་པོ་འདུག” ཅེས་ཟེར། མཱི་ཇེ་ཌ་ལགས་ནི་ཨ་རིའི་དབུས་རྒྱུད་ཀྱི་ཨལ་སལ་ཝ་ཌོར་ (El Salvador) རྒྱལ་ཁབ་ནས་ཁེ་ན་ཌར་གནས་སྤོར་དུ་ཡོང་བ་དང་། ཁོ་མོ་ཁེ་ན་ཌ་རྒྱལ་ཡོངས་མི་སེར་ཐོབ་ཐང་སྤྲད་པའི་དུས་དྲན་སྲུང་གཙོའི་ཐོག་མཉམ་ཞུགས་བྱས་ཡོད་པ་དང་། བུ་མོ་མཱི་ཇེ་ཌ་ལགས་ནི་ཁེ་ན་ཌ་རྒྱལ་ཡོངས་མི་སེར་ཐོབ་ཐང་སྤྲད་པའི་དུས་དྲན་སྲུང་གཙིའི་ཐོག་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་ ༢༣ ནས་ཡོང་བའི་མི་སེར་གསར་བ་ ༩༠ ཡོད་པའི་གྲས་ཀྱི་གཅིག་ཡིན་པ་དང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཁེ་ན་ཌའི་མི་སེར་ཐོབ་ཐང་སྤྲད་ནས་མི་ལོ་ ༡༥༠ འཁོར་བའི་དུས་དྲན་སྲུང་གཙི་མ་བྱས་པའི་བདུན་ཕྲག་གཅིག་གི་སྔོན་ལ་ཁོ་ཚོ་ཚང་མར་ཁེ་ན་ཌའི་མི་སེར་ཐོབ་ཐང་སྤྲད་ཡོད་པ་རེད།

ཨེ་རན་རྒྱལ་ཁབ་ནས་ཡོང་བའི་བུ་མོ་གྷ་སི་མའེ་ (SajedehGhassemi) ལགས་ཀྱིས་བཤད་རྒྱུར། “ང་རང་འདིར་ཡོང་དོན་རང་ཉིད་ཀྱི་མ་འོངས་པའི་ཆེད་དུ་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། དཀྱིལ་ཤར་ཡུལ་གྲུའི་བུད་མེད་ཚོ་དང་འདྲ་བར། ངའི་རྒྱལ་ཁབ་ནང་། ལས་དོན་མང་པོ་ཞིག་སྒྲུབ་པའི་ཐོབ་ཐོང་ཡོད་པ་མ་རེད”ཅེས་ཟེར། གྷ་སི་མཱེ་ལགས་ཀྱང་ཁེ་ན་ཌའི་གྲོང་ཁྱེར་མཱེ་སེ་སུ་གྷ་ (Mississauga) སྲུང་གཙི་བྱས་པའི་དུས་དྲན་སྲུང་གཙིའི་ཐོག་མཉམ་ཞུགས་ཡོད་འདུག

ཨ་རིའི་སྲིད་འཛིན་ཊི་རུམ་ཕི་གཞུང་གིས་ཁ་ཆེ་ལུང་པ་མང་པོ་ཞིག་གི་ཡུལ་སྐོར་བ་བཀག་སྡོམ་བྱས་པ་དང་། ཁྲིམས་འགལ་གནས་སྤོ་མི་མང་ཐོག་དམ་དྲག་བྱས་ཡོད་ནའང་། ཁེ་ན་ཌ་གཞུང་གིས་རྒྱལ་སྤྱིའི་གནས་སྤོ་མི་མང་ལ་སྣེ་ལེན་བྱེད་ཀྱིན་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༡ ནང་ཊི་རུམ་ཕིས་འགྲུལ་སྐྱོད་བཀག་སྡོམ་སྲིད་ཇུས་ལག་བསྟར་བྱས་རྗེས། ཁེ་ན་ཌའི་སྲིད་བློན་ཊ་རུ་ཌུ་ (Trudeau) ལགས་ཀྱིས་ཊི་ཝི་ཊི་བརྒྱུད་ལམ་དུ། ཁེ་ན་ཌ་རྒྱལ་ཁབ་ཀྱིས་སྡུག་སྦྱོང་མནར་གཅོད་དང་དམག་འཁྲུག་ཁྲོད་ནས་བྲོས་བྱོལ་དུ་ཡོང་མཁན་ཚོར་སྣེ་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

འདི་ལོའི་ཕྱི་ཟླ་ ༡ ནས་བཟུང་ཨ་རི་ནས་ཁེ་ན་ཌར་སྐྱབས་བཅོལ་དུ་ཡོང་མཁན་མི་ ༣༥༠༠ ཡོད་པ་དང་། ཟླ་འདིའི་ནང་ཁེ་ན་ཌ་གཞུང་གིས་ཨ་རིའི་གནས་སྤོ་བཀག་སྡོམ་གྱི་དཀའ་སྡུག་འོག ལག་རྩལ་ལྡན་པའི་ལས་བཟོ་བ་མང་པོར་མཐོང་མཆན་སྤྲོད་མགོ་བརྩམས་ཡོད།

ཁེ་ན་ཌའི་མི་སེར་དང་སྐྱབས་བཅོལ་ལས་ཁུངས་ཀྱི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་བའི་ནང་། “ ༢༠༡༧ ལོར་ཁེ་ན་ཌས་གནས་སྤོ་བ་གྲངས་ ༣༠༠༠༠༠ ལ་སྣེ་ལེན་བྱ་རྒྱུན་ཡིན”ཞེས་དང་། “༢༠༡༧ ལོར་ཁེ་ན་ཌར་གནས་སྤོ་བའི་གྲངས་ཚད་ ༢༥༠༠༠ ཡིན་པ་དང་། ཁེ་ན་ཌའི་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ཏེ་ཁེ་ན་ཌ་གཞུང་གིས་མུ་མཐུད་གནས་སྤོ་མི་མང་ལ་མཐུན་འགྱུར་གང་ལེགས་སྤྲོད་རྒྱུ་ཡིན”ཞེས་སོགས་བརྗོད་ཡོད།

སྟོན་པ་ཡེ་ཤུ་རྒྱངས་ཤིང་སྟེང་སྐུ་མྱ་ངན་ལ་འདས་པའི་དུས་ཆེན་ (Calgary) ཉིན་མོར། ཁེ་ན་ཌའི་མི་སེར་ཁྲིམས་དཔོན་ཝོ་ཌི་ཝར་ཌི་ (Joe Woodward) ལགས་ཀྱིས་གནས་སྤོ་མི་མང་ལ། ཁེ་ན་ཌའི་སྤྱི་ཚོགས་ནང་གནས་སྤོ་པའི་མི་སེར་རྣམས་ལ “ཁེ་ན་ཌ་དར་རྒྱས” གཏོང་དགོས་པའི་འོས་འགན་ཡོད་སྐོར་བརྗོད་ཡོད། ཁྲིམས་དཔོན་གྱིས་ “ཁྱེད་རང་ཚོ་ཁེ་ན་ཌའི་ཆ་ཤས་ཆགས་རྗེས། ཁེ་ན་ཌ་ཁྱེད་རང་ཚོའི་ཆ་ཤས་ཆགས་ཡོད” ཟེར།

ལྕམ་བྷུ་ཌ་རུའུ་ (YosraBoudhrioua) ལགས་ནི་ ༢༠༡༢ ལོར་ནུབ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཊུ་ནེ་ཤ་ཡ་ (Tunisia) ནས་ཡོང་བ་དང་། སྐབས་དེར་ཁོ་མོས་དབྱིན་སྐད་བཤད་ཤེས་ཀྱི་མེད་ནའང་། ད་སྐབས་ཁོ་མོ་ཁེ་ན་ཌའི་དགེ་རྒན་འོས་སྦྱོང་མཐོ་སློབ་ནས་མཐར་ཕྱིན་ཏེ། སྟོན་པ་ཡེ་ཤུ་རྒྱངས་ཤིང་སྟེང་སྐུ་མྱ་ངན་ལ་འདས་པའི་དུས་ཆེན་ (Calgary) སྲུང་གཙིའི་ཐོག་མཉམ་ཞུགས་སྐབས། ཁོ་མོས་དབྱིན་སྐད་ལེགས་པོ་བཤད་ཤེས་ཀྱི་ཡོད་པ་རེད།

ཁོ་མོས་ཁེ་ན་ཌའི་གནས་སྤོ་སྲིད་ཇུས་སྐོར་ནས་བརྗོད་དོན། “ཁེ་ན་ཌའི་གནས་སྤོ་སྲིད་ཇུས་ཀྱིས་ཁྱེད་རང་ལ་གཉའ་གནོན་བྱ་མི་སྲིད། གལ་ཏེ་ཁྱེད་རང་ལ་མཛའ་བརྩེ་ལྡན་ན། དེས་ཁྱེད་རང་ཡར་འཐེན་གནང་གི་རེད” ཅེས་ཟེར།

ཁེ་ན་ཌའི་ནང་གི་སྐྱབས་བཅོལ་བ་དང་གནས་སྤོ་མི་མང་།

བུ་མོ་ཧོལ་མཱོ་ (ChheHyolmo) ལགས་ནི་བལ་ཡུལ་གྱི་སིར་མ་ཐང་ (Sermathang) ནས་ཁེ་ན་ཌར་གནས་སྤོར་དུ་ཡོང་བ་དང་། འདི་ལོའི་ཟླ་ ༥ ཚེས་ ༢༥ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོ་མོས་ “རང་ཉིད་ཀྱི་མ་འོངས་པའི་ཆེད་དུ་ང་ཁེ་ན་ཌར་ཡོང་བ་ཡིན། ཁེ་ན་ཌའི་མཛེས་སྡུག་ཆེ་ཤོས་དེ། ཁེ་ན་ཌ་ནི་རིག་གཞུང་སྣ་འཛོམ་གྱི་རྒྱལ་ཁབ་ཅིག་ཡིན་པ་དེ་རེད། མ་འོངས་པར་ངས་ཁྲིམས་ལུགས་སློབ་གཉེར་བྱ་རྒྱུ་ཡིན” ཟེར།

བུ་མོ་ཧམ་ཌི་ (MgeniHamed) ལགས་ནི་ཤར་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཊན་རྫ་ནེ་ཡ་(Tanzania) ནས་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༥ཚེས་ ༢༥ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོ་མོས་ “ང་རང་ཆེས་དགའ་ཤོས་དེ་ཁེ་ན་ཌའི་རིག་གཞུང་སྣ་འཛོམ་ཡིན་པ་དེ་རེད། ཁེ་ན་ཌར་ཡུལ་ལུང་དང་རིགས་རུས་དབྱེ་འབྱེད་མི་འདུག” ཟེར།

སྐུ་ཞབས་ཌ་ལེ་ (Damian Daley) ལགས་ནི་རྗ་མཱེ་ཁ་ (Jamaica) གླིང་ཕྲན་རྒྱལ་ཁབ་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༥ ཉིན་ཁོར་ཁེ་ན་ཌའི་མི་སེར་ཐོབ་ཐང་སྤྲད། ཁོས་ “ང་ཚོ་ཁེ་ན་ཊར་ཡོང་སྟེ་ང་ཚོའི་མི་ཚེའི་ནང་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་གི་དབུ་འཁྱུད་འབྲི་མགོ་བརྩམས་ཡོད། ཁེ་ན་ཌར་གནས་སྤོ་ལ་ཡོང་བར་མི་འདོད་མཁན་སུ་ཞིག་ཡོད་དམ། ངོ་མཚར་ཆེ་བའི་རྒྱལ་ཁབ་ནང་ངོ་མཚར་བའི་རིག་གཞུང་རྒྱུན་གནས་ཐུབ་ངེས་རེད” ཟེར།

སྐུ་ཞབས་ནེབ་ཁེད་ (FardinNalbkhil) ལགས་ནི་ཨབ་གྷན་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༢༥ ཉིན་ཁོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོས་ “ང་རང་ཁེ་ན་ཌར་འཚོ་བ་ལེགས་པོ་ཞིག་རོལ་དུ་ཡོང་བ་ཡིན། རྒྱུ་མཚན། ཡུལ་ལུང་འདིར་གོ་སྐབས་མང་པོ་འདུག ཁེ་ན་ཌ་ནི་རང་དབང་གི་རྒྱལ་ཁབ་ཅིག་རེད། ཁེ་ན་ཌ་ནི་རིག་གཞུང་སྣ་འཛོམ་གྱི་རྒྱལ་ཁབ་ཅིག་རེད། མི་རིགས་དབྱེ་འབྱེད་མེད་པར། ཡུལ་ལུང་འདིར་མི་ཚང་མ་འདྲ་མཉམ་གྱི་ཐོབ་ཐང་འདུག མ་འོངས་པར་ང་ཤེས་ཡོན་སློབ་སྦྱོང་མཐར་སོན་རྗེས། མི་མང་ལ་ཞབས་འདེགས་ཞུ་རྒྱུ་ཡིན” ཟེར།

ལྕམ་མའོ་རེ་སི་ (Farah Morris) ལགས་ནི་མུ་རེ་ཊུ་ (Mauritius) གླིང་ཕྲན་རྒྱལ་ཁབ་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༢༥ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོ་མོས་ “མ་འོངས་པར་ང་དབང་རྩའི་ཚན་རིག་ལས་གནས་སུ་ཞུགས་ཏེ། ཉེན་རེའི་འཚོ་བ་ཞི་དུལ་ངང་རོལ་གྱི་ཡིན” ཟེར།

ལྕམ་ཨུ་སི་ཊ་ཆོ་ (TheaEustaquio) ལགས་ནི་ཧྥེ་ལེ་ཕེན་རྒྱལ་ཁབ་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༢༥ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག ཁོ་མོས་ “ཤེས་ཡོན་སློབ་གསོ་འཐུས་ཚང་དང་འཕྲོད་བསྟེན་བདེ་འཇགས། རང་དབང་གི་ཡུལ་སྐོར་ལྗོངས་རྒྱུ། རིག་གཞུང་སྣ་ཚོགས་ལ་རྒྱུས་ལོན། ལས་གནས་ཀྱི་གོ་སྐབས་སོགས་ཀྱི་ཆེད་དུ། ང་རང་ཁེ་ན་ཌར་ཡོང་བ་ཡིན། ང་རང་ཆེས་དགའ་ཤོས་དེ་ཁེ་ན་ཌའི་རང་བྱུང་ཁོར་ཡུག་དང་སྤྱི་གླིང་གི་མཛེས་སྡུག སྣ་འཛོམ་རིག་གཞུང་གི་འཛིན་གྲྭ་དང་ཟ་མ་བཅས་རེད” ཟེར།

ལྕམ་བྷུ་ཌ་རེ་ཨོ་ (YosraBoudhrioua) ལགས་ནི་ཊུ་ནེ་ཤ་ཡ་ (Tunisia) རྒྱལ་ཁབ་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༢༩ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག ཁོ་མོས་ “ཁེ་ན་ཌའི་གནས་སྤོ་སྲིད་ཇུས་ཀྱིས་ཁྱེད་རང་ལ་གཉའ་གནོན་བྱ་མི་སྲིད། གལ་ཏེ་ཁྱེད་རང་ལ་མཛའ་བརྩེ་ལྡན་ན། དེས་ཁྱེད་རང་ཡར་འཐེན་གནང་གི་རེད” ཟེར།

ལྕམ་ཌེ་ཡ་ཁོ་ནི་སུ་ (LigiaDiaconeseu) ལགས་ནི་རའོ་མ་ནེ་ཡ་ (Romania) རྒྱལ་ཁབ་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ཚེས་ ༢༥ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག ཁོ་མོས་ “ངའི་རེ་བར། ངས་དབྱིན་སྐད་ཡག་པོ་ཞིག་སྦྱོང་རྒྱུ་དེ་ཡིན། ད་ལྟ་ངས་ (ESL) ནང་སློབ་གཉེར་བྱེད་ཀྱིན་ཡོད། མ་འོངས་པར་ངས་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་གྱི་སྨན་པ་དང་ཁྲིམས་ལུགས་སྡེ་ཁག་ནས་རབ་འབྱམས་པའི་ཐོབ་ཐང་ལེན་ཐུབ་པའི་རེ་བ་བྱེད་བཞིན་ཡོད” ཟེར།

སྐུ་ཞབས་ཆའེ་ཊེ་ (Tom Chitty) ལགས་ནི་ཨན་གྷི་ལན་ཊི་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༣༡ ཉིན་ཁོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོས་ “ང་ལ་དམིགས་བསལ་འཆར་གཞི་གཞན་གང་ཡང་མེད། རྒྱུ་མཚན་ནི། ང་རང་ཁེ་ན་ཌའི་བུ་མོ་ཞིག་ལ་བརྩེ་བ་ཆགས་ཡོད། དེ་བས། ང་རང་འདི་གར་གནས་སྤར་ནས་ཁོ་མོར་གཉེན་སྒྲིག་རྒྱུ་ཡིན། དེ་མིན་ང་ཐོག་མར་ཁེ་ན་ཌའི་ཧོར་ཊོན་སི་ (Tim Hortons) མགྱོག་ཟས་ཟ་ཁང་ལ་འགྲོ་འདོད” ཟེར།

སྐུ་ཞབས་མན་ཙེ་ (Rainer Manzei) ལགས་ནི་འཇར་མན་རྒྱལ་ཁབ་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༣༡ ཉིན་ཁོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོས་བརྗོད་དོན། “ང་རང་ཨ་ནེ་ལགས་ཀྱིས་འདི་གར་ལྟ་སྐོར་ལ་མགྲོན་འབོད་ཞུས་པ་ལྟར་ཡོང་བ་ཡིན། ཁོ་མོས་ང་ལ་འདི་གའི་གནམ་གཤིས་གྲང་མོ་ཡོད་པ་བཤད་མ་སོང” ཟེར།

ལྕམ་ཊ་རྗག་ (Inge Tajik) ལགས་ནི་ཌིན་མར་ཁི་ (Denmark) ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༣༡ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོ་མོས་ “ང་རང་འདིར་ཡོང་དོན། ངའི་ཁྱོ་བོ་སྔོན་ལ་གནས་སྤོས་པས་ང་རང་རྗེས་ལ་གནས་སྤོ་བྱེད་དགོས་བྱུང་བ་རེད། རྒྱལ་ཁབ་ཅིག་གི་མི་སེར་ཟེར་དུས་ངས་དེ་ནི་འོས་བསྡུའི་ཐོབ་ཐང་ལ་གོ་ཡི་ཡོད། དེ་བས་ང་རང་ཁེ་ན་ཌའི་མི་སེར་ཆགས་པར་ཧ་ཅང་དགའ་བོ་བྱུང་། ང་འདི་གར་འདས་པའི་ལོ་ ༢༥ རིང་བསྡད་པ་ཡིན”ཟེར།

ལྕམ་གྷ་སི་མའེ་ (SajedehGhassemi) ལགས་ནི་ཨེ་རན་རྒྱལ་ཁབ་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༣༡ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོ་མོས་ “ང་རང་འདིར་ཡོང་དོན་རང་ཉིད་ཀྱི་མ་འོངས་པའི་ཆེད་དུ་ཡིན། གང་ཡིན་ཟེར་ན། དཀྱིལ་ཤར་ཡུལ་གྲུའི་བུད་མེད་ཚོ་དང་འདྲ་བར་ངའི་རྒྱལ་ཁབ་ནང་ལས་དོན་མང་པོ་ཞིག་སྒྲུབ་པའི་ཐོབ་ཐོང་ཡོད་པ་མ་རེད”ཟེར།

བུ་མོ་མཱི་ཇེ་ཌ་ (FlorMejid) ལགས་ནི་སལ་ཝ་ཌོར་ (El Salvador) རྒྱལ་ཁབ་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༢༩ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོ་མོས་ “ཡུལ་ལུང་འདིར་རིག་གཞུང་སྣ་ཚོགས་འདུག ང་འགྲོ་སའི་མཐོ་སློབ་ནང་དཀྱིལ་ཤར་ཡུལ་གྲུ་དང་ཨ་རིའི་དབུས་ཁུལ། ཨེ་ཤ་ཡ་སོགས་ནས་ཡོང་བའི་སློབ་ཕྲུག་མང་པོ་འདུག ཁོ་ཚོ་ཚང་མ་ཧ་ཅང་ཡག་པོ་འདུག” ཟེར།

བུ་མོ་ཁེ་རེ་ཝོ་ཊུལ་སི་ཁ་ (SvitianaKryvotulska) ལགས་ནི་ཡུ་ཁུ་རན་རྒྱལ་ཁབ་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༢༥ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོ་མོས་ “ཁེ་ན་ཌ་ནི་འཚོ་བ་རོལ་ས་ཧ་ཅང་ཡག་པོ་འདུག རྒྱལ་ཁབ་འདིས་ང་ལ་གོ་སྐབས་མང་པོ་སྤྲད་སོང་། ང་རང་ཁེ་ན་ཌར་དགའ་བོ་ཡོད་པའི་རྒྱུ་མཚན་ནི། གཅིག་ནས་རིག་གཞུང་སྣ་འཛོམ་གྱི་རྒྱལ་ཁབ་ཡིན་པ་དང་། གཉིས་ནས་ཁེ་ན་ཌར་ཡུལ་སྐོར་སྤྲོ་འཆམ་བྱེད་ས་དང་གནས་སྡོད་བྱེད་ས་མང་པོ་འདུག”ཟེར།

སྐུ་ཞབས་ཨ་ཧ་མཱི་ཌི་ (Arshad Ahmad) ལགས་ནི་པ་ཀི་སི་ཐན་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༣༡ ཉིན་ཁོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོས་ “ང་ལ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ། ང་རང་ཁེ་ན་ཌའི་མི་སེར་ཆགས་པས་ཧ་ཅང་དགའ་བོ་བྱུང་། དེ་སྔོན་ང་རང་རྒྱལ་ཁབ་གཉིས་ཀྱི་གང་ལའང་མི་གཏོགས་པའི་མི་ཞིག་ཡིན” ཟེར།

སྐུ་ཞབས་ཁེན་ (Staniey King) ལགས་ནི་དབུས་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁཱ་མི་རོན་ (Cameroon)ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༣༡ ཉིན་ཁོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོས། “ང་ཚོ་ཚང་མས་ཤེས་གསལ་ལྟར། ཁེ་ན་ཌ་ནི་འཛམ་གླིང་སྟེང་གི་རྒྱལ་ཁབ་ལེགས་ཤོས་དེ་རེད། ཁེ་ན་ཌའི་སྣ་འཛོམ་རིག་གཞུང་དང་ཞི་བདེ་ལ་སྐད་གྲགས་ཡོད་པ་རེད། ང་རང་ཁེ་ན་ཌའི་མི་སེར་ཆགས་པ་དེས་ངའི་སྤྱི་ཚོགས་གོ་གནས་མཐོར་འདེགས་བཏང་བྱུང”ཟེར།

ལྕམ་སུ་ཊིར་ (Grace Sutter) ལགས་ནི་ཨ་རི་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༢༩ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་ཐག་ཡོད། ཁོ་མོས་ “ ༢༠༠༡ ལོར་ང་རང་ཁོ་ལམ་བྷེ་ཡར་གནས་སྤོར་ཏེ་དེ་གར་ང་ཚོས་ཁང་བརྒྱབས་ནས་ཁྱིམ་གཞི་བཟུང་ཡོད། ཕྱིས་སུ་ངས་ཨ་ཕ་ལགས་ཀྱི་རྒྱུ་དངོས་ཤུལ་འཛིན་བྱེད་དགོས་བསམ་ཡོད། རྒྱུ་མཚན། ཁོང་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་རིར་སྐྱབས་བཅོལ་དུ་ཡོང་ནས་ཨོ་ཧེ་ཨོ་ (Ohio) མངའ་སྡེ་ནང་བསྡད་པ་རེད། དེར་བརྟེན། ང་རང་ཨ་ཕ་ལགས་ཀྱི་རྗེས་སུ་འབྲང་ནས་རྒྱལ་ཁབ་གསར་བ་ཞིག་གི་ནང་འཚོ་བ་གསར་བ་ཞིག་མགོ་རྩོམ་འདོད་པ་ཡིན”ཟེར།

ལྕམ་ཨ་ཤཱ་རེ་ཡ་ (Victor Ishria) ལགས་ནི་ཨེ་ཙི་རལ་ (Israel) ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༣༡ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོ་མོས་བཤད་རྒྱུར། “ང་ཚོ་ཁེ་ན་ཌར་ཡོང་དོན། ཡུལ་ལུང་འདི་ཧ་ཅང་བདེ་འཇགས་ཡིན་སྟབས་ང་ཚོ་ཕྲུ་གུ་ཚོ་སློབ་གྲྭར་བསྐྱལ་རྗེས་ཕྱིར་ཡོང་མེད་པ་དེ་འདྲར་སེམས་ཁྲལ་བྱེད་དགོས་ཀྱི་མི་འདུག ང་རང་ཁེ་ན་ཌའི་ཞོག་ཁོག་རྔོས་མ་ལ་དགའ་བོ་ཡོད”ཟེར།

རང་ལོ་ ༧ ཡིན་པའི་བྱིས་པ་ཨལ་མཱ་ཌ་ནེ་ (YazanAlmadani) ལགས་ནི་ཨེ་རག་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༣༡ ཉིན་ཁོ་ལ་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོས་ “ཁེ་ན་ཌ་ང་ཚོའི་ཕ་ཡུལ་ཡིན་བསམ་ཡོད། མ་འོངས་པར་ང་རང་རྐང་རྩེད་སྤོ་ལོ་རྩེ་མཁན་ཞིག་བྱ་རྒྱུ་ཡིན” ཟེར།

ལྕམ་ཨ་ཧ་མ་ཌི་ (Nasira Ahmad) ལགས་ནི་པ་ཀི་སི་ཐན་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༣༡ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོ་མོས་ “ཁེ་ན་ཌ་ནི་ཧ་ཅང་ཞི་བདེའི་རྒྱལ་ཁབ་ཅིག་རེད་འདུག འདི་གར་ང་ཚོར་རང་དབང་འདུག དམིགས་བསལ་ཆོས་ལུགས་རང་དབང་འདུག ཕ་ཡུལ་ལ་སོང་ན་ང་ཚོར་རང་དབང་དེ་དག་ཡོད་པ་མ་རེད། ང་ཚོ་འདི་གར་བདེ་འཇགས་རེད། ང་ཚོ་འདི་གར་ཞི་བདེ་རེད། འདི་གར་ང་ཚོར་འགྲོ་བ་མིའི་ཐོབ་ཐང་འདུག”ཟེར།

ལྕམ་བྷ་ཊལ་ (LaarniceBatal) ལགས་ནི་ཧྥེ་ལེ་ཕེན་ནས་ཡིན་པ་དང་། འདི་ལོའི་ཟླ་ ༥ ཚེས་ ༢༩ ཉིན་ཁོ་མོར་ཁེ་ན་ཌའི་མི་སེར་ཐོབ་ཐང་རག་ཡོད། ཁོ་མོས་ “ངའི་ཁྱོ་བོས་འདི་གར་ལས་ཀ་ལས་བཞིན་ཡོད། ངེད་གཉིས་དང་བྱིས་པ་ཚོ་མ་འོངས་པར་འཚོ་བ་རོལ་ས་དེ་ཁེ་ན་ཌ་བདམས་པ་ཡིན། ཡུལ་ལུང་འདི་ཧ་ཅང་ཡག་པོ་འདུག” ་ཟེར།

གསར་འགོད་པ། པདྨ་རྒྱལ།

རོའུ་ཊར་སྟེང་གི་གསར་འགྱུར་ཨ་མའི་འབྲེལ་ཐག་འདིར་སྣུན་ཏེ་གཟིགས་རོགས། 

བསྐྱར་བཅོས།: ༢༠༡༧/༠༦/༢༥

Leave a Reply

One thought on “ཁེ་ན་ཌ་གཞུང་གིས་སྐྱབས་བཅོལ་བར་སྣེ་ལེན་བྱས་པ་དང་བསྟུན་ཏེ་ཡུལ་ལུང་འདྲ་མིན་གྱི་མི་རིགས་སྣ་ཚོགས་ཁེ་ན་ཌའི་ནང་འཚོ་བ་རོལ་མགོ་བརྩམས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཁེ་ན་ཌ་གཞུང་གི་རྒྱལ་ཡོངས་མི་སེར་ཐོབ་ཐང་སྤྲད་པའི་དུས་དྲན་སྲུང་གརྩི་ལ་བོད་མི་ཚོ་མགྲོན་འབོད་མ་གནང་བ་ཡིན་ནམ་མ་ཕེབས་པ་ཡིན་ནམ་?