ཝ་ར་ཎ་སིའི་སློབ་ཕྲུག་ཅིག་གིས་རང་ལུས་མེར་བསྲེགས་གནང་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཝ་ར་ཎ་སིའི་སློབ་ཕྲུག་ཚོར་བཀའ་སློབ་གནང་བཞིན་པའི་སྐབས་སུ་བོད་པའི་སློབ་ཕྲུག་བསྟན་འཛིན་ཆོས་དབྱངས་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་འདུག

སློབ་ཕྲུག་བསྟན་འཛིན་ཆོས་དབྱངས་ཝ་ར་ཎ་སི་མཐོ་སློབ་ཀྱི་དབུ་མ་གོང་མིའི་འཛིན་རིམ་དང་པོའི་སློབ་མ་ཡིན་པ་དང་། ཁོང་གིས་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཡས་མས་ཤིག་ལ་སློབ་གྲྭའི་བུའི་ཉལ་ཁང་རྒྱལ་སྒོའི་ཉེ་འགྲམ་དུ་རང་ལུས་མེར་བསྲེགས་གནང་ཡོད་ཅིང་། ཁོང་ད་ལྟ་རང་ལོ་ ༢༠ ཡིན་འདུག

ད་ལྟ་ཁོང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་གཟུགས་པོའི་བརྒྱ་ཆ་ ༥༠ ལྷག་མེ་སྐྱོན་བྱུང་ཡོད་འདུག་ལ། ཁོང་ནི་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ནས་ཡིན་པ་དང་། ཁོང་གིས་ཐེངས་འདིར་རང་ལུས་མེར་བསྲེགས་གནང་དོན་བོད་པའི་རྩ་དོན་ཆེད་ཡིན་སྐོར་བརྗོད་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བྷེ་ཧྭར་མངའ་སྡེའི་ནང་ཕེབས་འབྱོར་བྱུང་སྟེ། ན་ལེཎ་ཊ་དང་བྱ་རྒོད་ཕུང་པོ་རི་གཉིས་ལ་གནས་མཇལ་གནང་ཡོད་པ་དང་། ཕྱི་དྲོར་ཝ་ར་ཎ་སའི་སློབ་གྲྭར་ཕེབས་ཏེ་ཞི་བ་འཚོའི་དཔེ་མཛོད་ཁང་དུ་གཟིགས་སྐོར་གནང་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༧/༡༤

Leave a Reply

16 thoughts on “ཝ་ར་ཎ་སིའི་སློབ་ཕྲུག་ཅིག་གིས་རང་ལུས་མེར་བསྲེགས་གནང་འདུག

  1. ༄༅། བསྟན་འཛིིན་ཆོས་དབྱངས་ལགས་་་སུ་དང་སུས་ཆེད་དུ་ལུས་པོ་མེ་ལ་སྲེག་ཐབས་བྱས་པ་རེད།
    དངོས་གནས་བོད་དོན་ཆེད་ཡིན་ན་་གསུམ་བཅུའི་དུས་དྲན་ཉིན་བྱེད་དགོས་པ་རེད། དེ་ཡང་ལྡི་ལི་ལ་ཕྱིན་ནས་རྒྱ་མིའི་
    གཞུང་ཚབ་ཀྱི་ལས་ཁུངས་མདུན་དུ་ལས་འགུལ་འདི་སྤེལ་བ་ཡིན་ན་གསལ་བསྒྲགས་ཆེ་ཙམ་ཡོང་ས་རེད་། དེ་ལ་དཔའ་བོ་ཟེར་ཡང་
    འགྲིགས་པ་རེད། དེ་མིན་སུ་གཅིག་གི་མ་ཤེས་པར་རང་ཉིད་གཅིག་པུ་ལུས་པོ་་་་མེ་ལ་སྲེག་ན་ཆོ་གང་ཡང་མི་འདུག་
    འདིའི་སྐོར་ལ་སྐད་ཅ་འདྲ་མིན་མང་པོ་བཤད་ཀྱི་འདུག་
    སྲིད་སྐྱོང་ལ་ངོ་རྒོལ་བྱས་པ་རེད་ཟེར་གྱི་འདུག་ ཡང་མིན་ན་སེམས་ཐང་ཐང་ཨེ་ཡིན་སོགས་བཤད་ཀྱི་
    ལར་ནས་བོད་ནང་ལ་ཡིན་ན་རྒྱ་དམར་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་གི་ཡོད་པ་རེད་། དེ་ཚོ་དཔའ་བོ་རེད།
    དེ་མིན་དཔའ་བོ་་དཔའ་བོ་ཞེས་ལབ་རྒྱུ་མི་འདུག་ ཆོ་ཅང་མི་འདུག་ སྨན་གྲོན་ཆེ་རོགས་རེད།
    བོད་ལ་དངོས་འབྲེལ་གྱི་ཞེན་པ་ཡོད་ན་རང་ཉིད་སྐབས་སུ་བབ་པའི་སློབ་སྦྱོང་ཡག་པོ་བྱེད་ནས་རང་མི་རིགས་ཀྱི་དོན་དུ་ལས་དོན་བྱེད་
    རྒྱུུ་མང་དག་ཡོད་པ་རེད།

  2. ངོ་རྒོལ་སུ་ལ་བྱེད་ཀྱི་ཡོད་མེད་ད་དུང་ཤེས་མ་སོང་བས་ དངོས་གནས་སྙིང་རྗེ་ཡ་རང་རེད་ གལ་ཏེ་ད་དུང་ཤེས་མ་སོང་ན་ཁྱེད་རང་གི་ཕ་མ་གཉིས་ལ་སྐད་ཆ་དྲིས་ ཅི་ཕྱིར་ང་ཚོ་བཙན་བྱོལ་ལ་གྱལ་དགོས་བྱུང་རེད་ཞེས་སྐད་ཆ་དྲིས་ ད་དུང་གཡོ་རྒྱུ་དབང་གིས་མ་ཤེས་མདོག་སྡད་བྱེད་ནས་གཞན་ལ་སྐྱོན་འཛུགས་བྱ་དགོས་བསམ་གྱི་སྡད་ན་སྙིང་རྗེ་བྱ་ཡུལ་ཁྱི་འཁྱམ་ཞིག་ཏུ་གཅིག་མཚུངས་རེད་་་

  3. དཔལ་བོ་བསྟན་འཛིན་ཆོས་དབྱངས་ཀྱི་རང་ལུས་མེ་བསྲེགས་འདི་ཅུང་ཙམ་ཡ་མཚན་པ་ཞིག་རེད བཤད་མི་ཤེས་ཞིག་རེད

  4. རང་བཙན་བུ།

    ཁ་ཆེམས་དེ་ཁྱར་ཚར་འདྲ་འདུག རང་ལུས་མེར་བསྲེགས་པ་བོད་ཀྱི་སྐད་ཡིག་ཆེད་ཡིན་པ་ཁ་ཆེམས་སུ་བཤད་ཀྱང་། ཁ་ཆེམས་དེ་དབྱིན་ཡིག་ནང་བྲིས་འདུག

  5. ཨ་ཕོ་མཐུ་ཆེན།

    པདྨ་ཆོས་སྒྲོན་ལགས།
    སྤྱི་ཚོགས་ཟང་ཟིང་མ་བཟོ་ཨང། སྲིད་སྐྱོང་ལ་ངོ་རྒོལ་རེད་ཅེས་ཁྱེད་ཀྱིས་མ་ཤེས་ཤེས་རྟོགས་མ་བྱེད། ཐུགས་ཡིད་མ་ཆེས་ན་གཤམ་གྱི་དྲྭ་ཐག་འདིར་གཟིགས། ངོ་དེབ་ནང་རེད། https://www.facebook.com/Shambalapost/videos/10156020117757565/
    མེར་བསྲེགས་གནང་མཁན་གྱི་སྐད་ཆ་རེད། པདྨ་ཆོས་སྒྲོན་ད་མ་ཤེས་ཤེས་རྟོགས་ཀྱིས་ཐམས་ཅད་མཁྱེན་པ་ཡིན་བཟོ་མ་བྱེད་རོགས་གནང།

  6. པདྨ་ཆོས་སྒྲོན།

    སྐུ་ངོ་སྲིད་སྐྱོང་མཆོག་ལ་ངོ་རྒོལ་ཆེད་ཡིན་པ་གསལ་པོ་རེད། ཞལ་ཆེམས་ཡི་གེ་དེ་ཡང་ཝར་ནའི་སློབ་གྲོགས་ཚོས་བརྗོད་པ་ལྟར་ན་དོགས་པ་ཡོད་ཚུལ་འདུག ད་དེ་སྲིད་དོན་ལ་བསྒྱུར་བ་དང་བསྒྱུར་མཁན་དེ་ཡང་མི་མང་མིན་པ་གསལ་པོ་རེད

    1. གལ་སྲིད་ཁྱེད་རང་གི་གསུངས་པ་དེ་འདྲ་ཡིན་ན།སྨྱོན་པ་རེད་ཟེར་ཞུ་རྒྱུ་ཡིན།དགྲ་བོ་དངོས་གནས་དེ་ཕར་ཕྱོགས་ལ་བཞག
      ཡིན་ན་ཁྱེད་རང་དྲྭ་ཐག་འདི་ལ་གཟིགས་ཨ།https://www.facebook.com/Shambalapost/videos/10156020117757565/

  7. ད་ཁྱོན་ནས་མགོ་འཚོས་མ་སོང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ པའི་སྟེང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཝར་ན་མཐོ་སློབ་ཚོགས་ཁང་ནང་གཏམ་བཤད་འགོ་བཙུགས་མ་ཐག་ཏུ་སློབ་ཕྲུག་ཅིག་གིས་ཉལ་ཁང་སྒོ་ཁ་ནས་རང་ལུས་མེར་སྲེག་བཏང་འདུག་ཟེར། སློབ་གྲྭའི་ངོས་ནས་གནས་ཚུལ་དེ་གསང་རྒྱ་བྱས་ཡོད་ཀྱང་རྒྱ་གར་ཧིན་རྡིའི་གསར་འགྱུར་ནང་བོད་པའི་སློབ་ཕྲུག་ཅིག་གིས་བློ་བཟང་སེང་གེ་ལ་ངོ་རྒོལ་བྱས་ཏེ་རང་སྲེག་བཏང་བ་ཡིན་པའི་གནས་ཚུལ་ཐོན་འདུག་ཟེར། ཧིན་རྡིའི་གསར་འགྱུར་དེའི་ངོ་བཤུས་དྲ་ལམ་ཁག་ཏུ་འགྲོ་བཞིན་འདུག
    གང་ལྟར། བསྟན་འཛིན་ཆོས་དབྱངས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་སྐོར་བོད་པའི་གསར་འགྱུར་ནང་ཕྱི་དྲོའི་ཆུ་ཚོད་ ༥ པའི་བར་སླེབས་ཡོད་མ་རེད། གང་ཡིན་ཟེར་ན། ཝར་ན་ཡིག་ཚང་གིས་ཛ་དྲག་གི་གསལ་སྒྲགས་སྤེལ་ཏེ་སློབ་མ་དང་ལས་བྱེད་སུ་གང་གིས་ཀྱང་གསར་འགོད་པ་དང་ཉེན་རྟོག་པར་འབྲེལ་བ་བྱེད་མི་ཆོག་པ་དང་། དེ་དག་གིས་སྐད་ཆ་དྲིས་ཀྱང་ཚིག་གཅིག་ཀྱང་བཤད་མི་ཆོག་པའི་བཀའ་རྒྱ་བསྡམས་པ་རེད་ཅེས་སློབ་ཕྲུག་ཚོས་བརྗོད་བཞིན་འདུག

  8. ༼ དེ་རིང་རང་ལུས་མེར་བསྲེག་གནང་མཁན་བསྟན་འཛིན་ཆོས་དབྱངས་ལགས་ཀྱིས་དབྱིན་ཡིག་ནང་ཞལ་ཆེམས་བཞག་ཡོད་པ་འདིར་བོད་ཡིག་ཏུ་བསྒྱུར། ༽

    ཧེ་་་་ ངས་ཁྱེད་རང་ངའི་གྲོགས་པོ་ཡག་ཤོས་དེ་ཡིན་པའང་བཤད་མྱོང་མེད། སྐུ་མཁྱེན་ཁྱེད་རང་ངུ་མི་ཉན་ལ་ངའི་ཕ་མ་གཉིས་ལ་ཡང་མ་ངུ་རོགས་གནང་ཞེས་གསུང་རོགས་གནང་། གལ་ཏེ་ཁོང་ཚོ་ངུས་བསྡད་ན་ངའི་རྣམ་ཤེས་ལ་བར་ཆེད་ཡོང་གི་རེད། ངའི་ཉལ་གདན་དེ་ཉི་མ་༤༩ ལ་རང་སོར་འཇོག་རོགས་གནང་།་ངའི་ལུས་ཕུང་འདི་བོད་དང་བོད་མི་རིགས་ཀྱི་གཞོན་སྐྱེས་ཚོར་རང་གི་བོད་སྐད་ཡིག་སློབ་ཕྱིར་ཡིན། ངས་འཛིན་གྲོགས་ཁྱེད་ཚོ་ཚང་མ་དྲན་གྱིན་འདུག བདེ་མོ
    སྐྱིད་པོར་བཞུགས་དང་སྐྱེས་བ་རྗེས་མར་ཁྱེད་ཚོ་དང་སླར་ཡང་ཐུག་ཡོང་། ངའི་ཨ་ཕའི་ཁ་པར་ཨང་གྲངས་༩༥༣༨༠༢༢༧༨༥འདི་ཡིན། ངའི་རྣ་ཉན༼Headphone༽དེ་ཁྱེད་ལ་བཞག་ཡོད། ཁྱེད་ཀྱི་ཚེ་འདས་ཨ་ཕའི་དགུང་ཞག”༼ཚེ་འདས་རྗེས་ཀྱི་ཉི་མ་དགུ་དགུ་བཞི་ཅུ་ཞེ་དགུ”༽ཟླ༧པའི་ཚེས་༢༣ འམ་༢༤ གཉིས་ཀྱི་གཅིག་ལ་འཁེལ་ཡོད་པས་ཁྱེད་ལ་མཆོད་མེ་”༼Candleཟེར་ན་མཆོད་མེ་ལ་གོ་གི་མེད་དམ”༽ཕུལ་རོགས་བྱེད་ཐུབ་མ་སོང་བས་དགོངས་དག། ཁྱེད་རང་མ་ངུ་བར་ངའི་ལུས་ཕུང་འདི་བོད་ཀྱི་ཆེད་དུ་ཡིན་ཞེས་ཚང་མར་གསུང་རོགས་གནང་། ད་དུང་ང་ལ་རོགས་རམ་མང་པོ་གནང་མྱོང་བའི་བྱང་ཆུབ་ལའང་ཐུགས་རྗེ་ཆེ་ཞུ་རོགས་གནང་། ངས་ཁྱེད་ཚོ་དྲན་གི ཐུགས་བཅག་གནང་། ཁྱེད་ཚོའི་འཛིན་གྲོགས་བསྟན་འཛིན་ཆོས་དབྱངས་ནས། ངས་རང་ཉིད་བོད་Tibet ཀྱི་ཆེད་དུ་མེར་བསྲེགས་བཏང་བ་ལས་འབྲས་མེད་མིན། སྐྱེས་བ་རྗེས་མར་ང་སླར་ཡང་ཕོ་ལུས་ཞིག་ཐོབ་པའི་སྨོན་ལམ་འདེབས་རོགས། ངས་ཆུ་ཚོད་ནག་པོ་དེ་ང་རང་ལྷན་དུ་འཁྱེར་འགྲོ་བཞིན་ཡོད།

  9. རྒྱ་ནག་གཞུང་ཚབ་ཁང་འདུན་ལ་འགྲོས་མ་ཐུབ་པ་བློ་ཕམ་རེད།བརྗོད་བྱ་དང་བརྗོད་གཞིར་ཅི་ཞིག་ལ་རང་ལུས་མེར་བསྲེགས་གནང་ཡོད་པ་རེད།

  10. བསྟན་འཛིན།

    རང་ལུས་མེར་སྲེག་གཏོང་མཁན་ཁོ་རང་གིས་སྲིད་སྐྱོང་མཆོག་ལ་ངོ་རྒོལ་གནང་བ་རེད་ཟེར། སྲིད་སྐྱོང་བློ་བཟང་སེང་གེ་ད་བར་ཝར་ན་མཐོ་སློབ་ཏུ་ཕེབས་མྱོང་མེད་པ་དང་། སྲིད་སྐྱོང་ཆགས་ཏེ་ལོ་བདུན་རིང་མ་ཕེབས་པ་དེར་ཝར་ནའི་དགེ་རྒན་སློབ་ཕྲུག་ཚང་མར་བསམ་ཚུལ་ཤུགས་ཆེན་པོ་ཡོད་པའི་དབང་གིས་ད་རེས་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་བཏང་བ་རེད་ཟེར།

    1. གཡང་མོ་སྐྱིད།

      བསྟན་འཛིན་ལགས། མ་ཤེས་པ་དང་མ་མཐོང་བའི་གནས་དོན་ལ་དཔྱད་དགོས་པ་ལས། གང་འདོད་དང་གང་བསམ་བཤད་ན་སེམས་ཅན་དང་ཆ་འདྲ་མ་རེད་དམ།