ཡང་བོད་མི་ཞིག་གིས་སྐུ་ལུས་མེར་བསྲེཊ་གནང་།

དེ་རིང་ཉིན་རྒྱབ་ཏུ་བཞུགས་སྒར་དྷ་རམ་ས་ལའི་བར་སྐོར་ལམ་དུ་བོད་མི་ཞིག་གིས་སྐུ་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ ཡས་མས་སུ་་བཞུགས་སྒར་དྷ་རམ་ས་ལའི་ལྷ་རྒྱལ་རིར་མ་བསླེབ་གོང་གི་བར་སྐོར་ལམ་གྱི་ཕ་བོང་ཆེན་པོ་ཞིག་གི་འགྲམ་དུ། བོད་མི་ཞིག་གིས་སྐུ་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཚར་ཡོད་པ་དང་།  ད་ལྟ་ཡུལ་དངོས་སུ་ཡོད་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་འདི་གའི་གསར་འགོད་པར། སྐུ་ལུས་མེར་བསྲེག་གནང་མཁན་དེའི་སྐུ་ཕུང་ཤིང་གསེབ་ཏུ་ཡོད་སྟབས་སྐུ་གཟུགས་ཆ་ཚང་ཞིག་མཐོང་མི་ཐུབ་ཀྱང་ཕལ་ཆེར་དགེ་འདུན་པ་ཞིག་ཡིན་ཞིང་། ཁོང་གིས་སྐུ་ལུས་མེར་བསྲེགས་གནང་སྐབས་བར་སྐོར་དུ་ཕེབས་མཁན་ཚོས་དངོས་སུ་མཐོང་ཡོད་སྐོར་བརྗོད་བྱུང་། གནས་ཚུལ་ཐོན་རིམ་བཞིན་འགོད་རྒྱུ་ཡིན།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༢༩

Leave a Reply

5 thoughts on “ཡང་བོད་མི་ཞིག་གིས་སྐུ་ལུས་མེར་བསྲེཊ་གནང་།

  1. བརྗོད་བྱ་དང་བརྗོད་གཞིར་གང་གི་ཐད་རང་ལུས་མེར་བསྲེགས་བཏང་གི་ཡོད་རེད།ཧ་གོ་ཡི་མི་འདུག
    ས་ཆ་དང་དུས་ཚོད་འདེམས་ཀ་གང་འདྲའི་བྱེད་ཀྱི་ཡོད་པ་རེད།གོང་གི་མེར་བསྲེགས་གནང་མཁན་དེ་མ་གྲོངས་གོང་བགྲེལ་བཤད་གསལ་པོ་ཞིག་གསུངས་མེད་ན་རྗེས་ལ་གནས་སྟངས་གང་འདྲའི་ཞིག་ཆགས་རྒྱུ་རེད།དེ་རིང་ཡང་ལྷ་རྒྱལ་རི་སྐོར་ལམ་ལ་མེར་བསྲེགས་གཏོང་ཡོད་པ་དེ་གངརེད།རྒྱ་ནག་གཞུང་ཚབ་ཁང་ལྡི་ལི་དང་མམ་བྷེལ་ལ་ཡོད་པ་ཧ་གོ་མེད་ཡིན་ན།བོད་ནང་ཡིན་ན་བཙན་འོག་ཏུ་ཡོད་ཙམ་འདེམས་ཀ་ཡོག་མ་རེད་ཟེར་ནས་བརྗོད་ཆོག
    ཚང་མ་ལ་དཔའ་བོ་རེད་འདུག་ཟེར་རྒྱུ་མི་འདུག
    སྦྱིར་རང་ལུས་མེར་བསྲེགས་གནང་བ་འགྲིག་མིན་སྐད་ཆ་གང་ཡང་ཞུ་ཡི་མེད།

  2. ༄༅། ལ་ལ་རང་དབང་མེད་པར་རང་ལུས་མེ་ལ་བསྲེགས།
    ལ་ལ་རང་དབང་ཡོད་ཀྱང་ལུས་པོ་མེ་ལ་བསྲེགས།།
    ལ་ལ་དཔའ་བོ་བརྗོད་པར་ལུས་པོ་མེ་ལ་བསྲེགས།།
    ལ་ལ་བསམ་མེད་དོན་མེ་ལུས་པོ་མེ་ལ་བསྲེགས།།
    ལུས་བསྲེག་དངོས་གནས་བྱེད་ན་ལྡི་ལེར་ཡོད་པའི་
    དར་ཆ་དམར་པོ་ཡོད་པའི་སྒོ་འགྲམ་ལ་བྱེད་དགོས།

  3. རྒྱུད་གྲྭ་བློ་བཟང་དབང་འདུས།

    👍 ཐུགས་རྗེ་གཟིགས། ང་ཚོ་ཕྱི་ལ་རང་དབང་ལུང་པ་ཡོད་མཁན་ཚོ་ལ་ཞུ་ན། སྐུ་ལུས་མེར་སྲེག་བཏང་ཡ་ང་ཚོའི་ལས་ཀ་མ་རེད། ང་ཚོ་ལས་འགན་ དེང དུས་ཀྱི་ ཤེས་ཡོན་མཐར་ཕིན་པ་སྦྱང་ནས་ མ་འོང་ བོད་རྒྱལ་ཁབ་དེ་སྲ་བརྟན་གནས་ཐུབ་ཡ་བྱ་རྒྱུ་དེ་རེད། གཞི་ལུས་སྤུན་ཟླ་ཚོ་ཁག་མེད་པ་རེད། རང་དབང་ནི་མེད། དམ དྲག་འོག་ལ་འཚོ་དགོད་ཀྱིས་ཡོད། ང་ཚོ་རྒྱ་མི་ལ་ཕར་ སྐྱོན་ཤ་གཏག་ཙུག་མ་བསྡད་པར། ཨ་ལེ་དང་པོ་ ང་ཚོ་གཞོན་སྐྱེད་ཚོ་ སོ་སོའི་ མཚན་རྟགས་དེ་བོད་ཡིག་ཐོག་ནས་སྐྱོན་རོགས་ཟེར་བྱས་འབོད་སྐུལ་ཞུ་ཡི་ཡོད་ལགས། བཀྲ་ཤིས་བདེ་ལེགས། བོད་རྒྱལ་ལོ། དབུ་མའི་ལམ་རྒྱལ་ལོ།