སྐུ་ལུས་མེར་སྲེག་གནང་མཁན་དོན་འགྲུབ་ལཊ་རེད།

ལྷ་རྒྱལ་རིར་སྐུ་ལུས་མེར་སྲེག་གནང་མཁན་དེ་བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཤིང་ཚོན་སྡེ་ཚན་གྱི་ལས་བྱེད་དོན་འགྲུབ་ལགས་ཡིན་པ་ངོ་རྟགས་ཆོད་འདུག

ནོར་གླིང་དུ་གནས་སྡོད་བྱས་ཡོད་པའི་བོད་མི་ཁག་ཅིག་གིས་འདི་གའི་གསར་ཁང་ལ། ཕྱི་ཚེས་ ༢༩་ཉིན་ལྷ་རྒྱལ་རིར་སྐུ་ལུས་མེར་སྲེག་གནང་མཁན་དེ། ནོར་གླིང་ཤིང་ཚོན་སྡེ་ཚན་གྱི་ཚོན་གཏོང་བ་དོན་འགྲུབ་ལགས་ཡིན་པ་དང་། ཁོང་གིས་ཤིང་ཚོན་སྡེ་ཚན་དུ་ཡུན་རིང་ཕྱག་ལས་གནང་ཡོད་ལ། རྒྱུན་དུ་ཁེར་རྐྱང་ངང་བསྡད་དེ་མི་གཞན་ལ་འབྲེལ་འདྲིས་བྱེད་པར་དེ་ཙམ་དགའ་བོ་མེད་ནའང་། སེམས་ཤུགས་ཆེན་པོ་ཡོད་པས་བོད་དོན་སྐོར་ལ་སྐད་ཆ་བྱུང་སྐབས་ཁོང་གིས་སྐད་ཆ་མང་པོ་བཤད་ཀྱི་ཡོད་སྐོར་བརྗོད་བྱུང་།

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་ཅིག་ལ་ཁོའི་སྐོར་སྐད་ཆ་དྲིས་པར། ཁོང་རེས་གཟའ་སྤེན་པ་ནས་ཟླ་བ་བར་དགོངས་པ་ཤོག་བཏང་ཡོད་པ་དང་། མི་ཚོས་ཁོང་ཕལ་ཆེར་ཡིན་ས་རེད་ཟེར་གྱི་འདུག་ཀྱང་ཏག་ཏག་ཤེས་མ་སོང་སྐོར་བརྗོད་བྱུང་།

ཁོང་ནི་ད་ལྟ་དགུང་ལོ་ ༤༩ ཡིན་པ་དང་། ཕ་ཡུལ་རྒྱལ་རྩེ་ནས་ཡིན་འདུག

གནས་ཚུལ་ཐོན་རིམ་གཉིས་པ། ད་ལྟ་རང་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྐུ་ལུས་མེར་སྲེག་གནང་མཁན་དེ་དོན་འགྲུབ་ལགས་ཡིན་པ་ངོ་རྟགས་ཆོད་འདུག་པ་དང་། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་ཁུངས་རྣམས་མཚམས་བཞག་སྟེ། སྐུ་ཕུང་རྩིས་ལེན་དང་མཆོད་འབུལ་སྨོན་ལམ་སོགས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༣༡

Leave a Reply

4 thoughts on “སྐུ་ལུས་མེར་སྲེག་གནང་མཁན་དོན་འགྲུབ་ལཊ་རེད།

 1. སྐུ་ལུས་མེར་སྲེགས་གནང་ཡུལ་དང་། གནང་སྟངས། སྐུལ་ལོང་སོགས་ལ་གང་ཡང་ཞུ་ཡག་མེད། ཧ་ཅང་གི་བློས་གཏོང་ཆེན་པོ་དེ་འདྲ་གནང་ཐུབ་པ་གཟི་བརྗིད་རང་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་དང་། གསར་འགོད་པ་སོགས་ཐུགས་འགན་བཞེས་མཁན་ཚོས་ལྷོད་གཡེང་དང་ཐུགས་སྣང་མ་བཞག་པའི་རྣམ་པ་ཞིག་འདུག་པ་ནི་འདས་པོའི་རྒྱབ་ཁུག་ནང་འབྲེལ་ཡོད་མི་སྣ་གཉིས་ཙམ་གྱི་ཁ་པར་ཨང་གྲངས་དང་མིང་བཅས་པ་ཡོད་སྐད་འདུག་དེས་ཁ་ཕྱོགས་གསལ་པོ་བསྟན་འདུག་ཀྱང་དེ་དང་དེ་འབྲེལ་གྱི་གསལ་ཁ་མ་སྟོན་པ་དང་རྩད་གཅོད་མ་བྱས་པར་ཉིན་འགྱངས་ཞག་ཕུད་བྱས་པར་བློ་ཕམ་བྱུང་།

  དུས་མཚུངས་བོད་མིའི་སྒྲིག་འཛུགས་ཉེ་འཁོར་ནོར་གླིང་ཁུལ་ནས་ཉམས་ཐག་སྐྱབས་མེད་དགོན་མེད་རྡོ་རྗེ་ཞེས་པ་ཞིག་ཀྱང་བཀྲེས་ལྟོགས་ཀྱིས་ནད་མནར་འོག་གྲོངས་འདུག་པའི་གནས་སྟངས་ཤིག་སྐད་འཔྲིན་ནང་ཁྱབ་བཞིན་འདུག དངོས་གནས་བློ་ཕམ་རེད། སྒྲིག་འཛུགས་ཤིག་ཡོད་ཀྱང་གོ་མ་ཆོད། འཕྲོད་སྟེན་ལས་ཁུངས་ཤིག་ཡོད་ཀྱང་གོ་མ་ཆོད། ས་གནས་བདེ་དོན་ཞིག་ཡོད་ཀྱང་གོ་མ་ཆོད་དངོས་གནས་བློ་ཕམ་རང་རེད། གནས་སྟངས་དེ་འདྲ་བ་ད་དུང་ཡོང་ཉེན་སོང་ཐུགས་རྗེ་གཟིགས་ཞུ་ཡག་ཡིན།

 2. གཞུང་པ་ཚེ་དབང་བསོད་ནམས་

  རྡ་རམ་ས་ལ་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་གཏི་གནས་དང་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་ཚོགས་སྐྱིད་་འདུས་ས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་རང་དབང་ཅན་གྱི་གསར་འགོད་པས་ཚང་ག་རྒྱག་སའི་ས་གནས་དེར་མེར་བསྲེགས་བཏང་ནས་ཉིན་གསུམ་གྱི་རྗེས་ནས་མི་སུ་ཡིན་གཞི་ནས་ཧ་གོ་བ་ནི་དེ་ཙམ་གྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་གང་ཅིར་དེ་ཙམ་གྱི་དོ་སྣང་མེད་པ་ཞིག་མ་རེད་དམ་?

 3. བསོད་ནམས་གུ་རུང་།

  ད་དུང་གནས་ཚུལ་ཁ་གསལ་གཏོང་དགོས་ཞིག་འདུག ཁོང་གིས་རང་ལུས་མེར་བསྲེགས་དེ་ཤིང་ནགས་གསེང་ན་གཏང་བ་ཞིག་མིན་པར། མེར་བསྲེགས་བཏང་ནས་ཤང་ནགས་ནང་མར་ཟག་པ་རེད་འདུག དེ་མིན་མང་པོ་ཞིག་གི་བསམ་པར་ཁོས་ཤིང་ནགས་གསེང་ན་མེར་བསྲེགས་བཏང་ཡོད་པའི་སྣང་བ་འཁོར་བཞིན་འདུག

 4. བསོད་ནམས་གུ་རུང་།

  སྤྱིར་བཏང་ཁོང་གི་སྙིང་སྟོབས་དང་མི་རིགས་ཀྱི་ལ་རྒྱ་ལ་བསྔགས་བརྗོད་ལོས་ཞུ། འོན་ཀྱང་རྣམ་དཔྱོད་ཏོག་ཙམ་བེད་སྤྱོད་མ་གཏོང་བར་ཚེ་སྲོག་དོར་བ་དེ་རང་གཞན་སུ་ལའང་ཕན་ཐོགས་ཡོད་པ་ཞིག་ཏུ་མ་མཐོང་།