སྐར་ཕྲན་ཆེན་པོ་ཞིག་གིས་སའི་གོ་ལ་གཏོར་ཉེན་འདུག

ནཱ་སཱ་གནམ་རིག་བརྟག་དཔྱད་པས་མི་འགྱངས་བར་སའི་གོ་ལ་ཧྲིལ་པོ་གཏོར་བའི་ནུས་པ་ཅན་གྱི་སྐར་ཕྲན་ཆེན་པོ་ཞིག་འཐོར་ཉེན་ཡོད་སྐོར་བསྒྲགས་འདུག

ཟླ་འདིའི་ཚེས་༡༨ཉིན་རྒྱ་གར་དུས་བབ་ཀྱི་འཕྲུལ་རིག་(Technology)ཚན་པའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་༩ པའི་ཚེས་༡ ནས་སའི་གོ་ལའི་སྟེང་དུ་རིང་ཚད་ལ་ཀི་ལོ་སྨི་ཊིར་ ༤ ཙམ་ཡོད་པའི་སྐར་ཕྲན་ཞིག་འཐོར་རྒྱུ་ཡིན་པའི་སྔོན་དཔག་བྱེད་བཞིན་ཡོད་འདུག

ནཱ་སཱ་གནམ་རིག་བརྟག་དཔྱད་ཁང་གིས་བརྗོད་ན། སྤྱིར་སྐར་ཕྲན་རིགས་ནི་དུས་ངེས་མེད་དུ་སྒྲ་དང་བཅས་འཐོར་གྱི་ཡོད་ན་ཡང་། སའི་གོ་ལའི་ཉེ་སར་ལྷུང་ཐུབ་ཀྱི་མེད་པ་རེད། ནཱ་སཱ་(NASA)གནམ་རིག་རྟག་དཔྱད་པས་མངོན་དཔག་བྱས་པ་ལྟར་ན། ད་ལན་གྱི་འཐོར་གྲབས་ཡོད་པའི་སྐར་ཕྲན་དེའི་མིང་ལ་ཧྥི་ལོ་རན་སི་(Florence)དང་སྤྱིའི་རིང་ཚད་ཆ་ཚང་ལ་ཀེ་ལོ་སྨི་ཊིར་༤.༤ ཡིན་པ་དང་། ༢༠༡༣ལོར་(Chelyabinsk)ཞེས་པའི་རིང་ཚད་ལ་སྨི་ཊིར་ ༢༠ ཙམ་ལས་མེད་པའི་སྐར་ཕྲན་ཞིག་ལྷུང་སྟེ་སའི་གོ་ལར་གཏོར་བཅོམ་ཆེན་པོ་བཏང་ཡོད་པ་དང་། ཧྥི་ལོ་རན་སི་སྐར་ཕྲན་དེ་འཛམ་གླིང་ལ་ཤུགས་ཆེར་ཕོག་པ་ཡིན་ན་གཏོར་བཤིག་ཆེན་པོ་གཏོང་བའི་ནུས་པ་ཡོད་སྐོར་བརྗོད་འདུག

ནཱ་སཱ་གནམ་རིག་རྟག་དཔྱད་པ་ཚོས་སའི་གོ་ལའི་ཉེ་འཁོར་དུ་སྐར་ཕྲན་རིགས་ཀྱི་དངོས་གཟུགས་འདྲ་མིན་༨༨༠ ལྷག་ཡོད་པ་དང་། ད་ལྟའི་འཐོར་ལ་ཉེ་བའི་སྐར་ཕྲན་དེ་སའི་གོ་ལ་དང་བར་ཐག་ཀེ་ལོ་སྨི་ཊིར་ས་ཡ་ ༧ ་ལས་མེད་པར་བཅར་ནས་ཡོད་པ་དང་། དེ་མིན་པའི་སྐར་ཕྲན་རིགས་ཀྱིས་མ་འོངས་ལོ་ ༥༠༠ རིང་ལ་སའི་གོ་ལའི་སྟེང་གདོང་ཐུག་བརྒྱག་མི་ཐུབ་པ་བརྗོད་འདུག་ལ། སྤྱིར་སའི་གོ་ལའི་ཉེ་འཁོར་གྱི་སྐར་ཕྲན་རིང་ཚད་ཀི་ལོ་སྨི་ཊིར་ ༡ ལས་ཆེ་བ་ཡོད་པ་ནས་འཛམ་གླིང་ཡོངས་རྫོགས་རྩ་མེད་གཏོང་བའི་ནུས་པ་ཡོད་འདུག

ནཱ་སཱ་སའི་གོ་ལའི་ཉེ་འཁོར་བྱ་དངོས་རྟག་དཔྱད་ལྟེ་གནས་ཁང་(CNEOS)གི་འགན་འཛིན་(Paul Chodas)ཡིས། སྔོན་ཆད་ཤེས་རྟོགས་བྱུང་བའི་སྐར་ཕྲན་མང་པོ་ཞིག་སའི་གོ་ལའི་སྟེང་འཐོར་ཡོད་ན་ཡང་། དེ་དག་ནི་འཐོར་ཉེན་ཡོད་པའི་ཧྥི་ལོ་རན་སི་སྐར་ཕྲན་དང་བསྡུར་ན་ཧ་ཅང་ཆུང་ཆུང་ཡིན་པ་དང་། ཧྥི་ལོ་རན་སི་སྐར་ཕྲན་ནི་ནཱ་སཱ་གནམ་རིག་བརྟག་དཔྱད་ཁང་གི་སའི་གོ་ལའི་ཉེ་འཁོར་བྱ་དངོས་ཉུལ་ཞིབ་མགོ་ཚུགས་པ་ནས་སའི་གོ་ལའི་སྟེང་འཐོར་བའི་སྐར་ཕྲན་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

སྐར་ཕྲན་དེ་སའི་གོ་ལའི་སྟེང་ཟླ་༩ པའི་ཚེས་༡ནས་ལྷུང་འགོ་ཚུགས་ཀྱི་ཡོད་པ་དང་། ཕྲ་མཐོང་རྒྱང་ཤེལ་ནས་བལྟས་པ་ཡིན་ན་ཟླ་༨ པའི་ཟླ་མཇུག་ནས་ཟླ་༩པའི་ཚེས་འགོ་བར་གྱི་དགོང་མོ་ཁ་ཤས་ལ་མཐོང་ཐུབ་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༢༣

Leave a Reply

2 thoughts on “སྐར་ཕྲན་ཆེན་པོ་ཞིག་གིས་སའི་གོ་ལ་གཏོར་ཉེན་འདུག

  1. ༄༅། འདིར་བརྗོད་འདོད་པ་ནི། བོད་རང་བཙན་ཚོགས་པ་ཞེས་པ་ཚོགས་འདུ་ཚོགས་འདུག་པ་ཚོགས་འདུའི་ནང་
    གཏམ་བཤད་པ་ཚོ་ནས་་་གསར་པ་དོན་དང་ལྡན་པ་བཤད་རྒྱུ་གཅིག་ཀྱང་མི་འདུག། ཚིག་གསུམ་རང་འདུག་པ་ནི།
    བྱེད་དགོས་པ་རེད། ང་ཚོའི་ཐོབ་ཐང་རེད། བརྗེད་རྒྱུ་ཡོད་པ་མ་རེད་་་་ཅེས་འདི་ལས་ལྷག་པ་གང་ཡང་བཤད་རྒྱུ་མི་འདུག།
    ཚོགས་འདུ་དེའི་ནང་སྤྱི་འཐུས་ཀྱང་འབྱོར་འདུག་ དགེ་འདུན་པའང་འདུག་
    འདིའི་ག་རེ་ཆགས་ཀྱི་རེད་ཟེར་ན། ར་ལངས་ཆ་ལངས་ལྟ་བུ་ལྟ་བ་གང་ཡང་མེད་པ། གཡས་ནས་ཟེར་ན་་་འོ་རེད་ཟེར། གཡོན་ནས་ཟེར་ན་འོ་རེད་ཟེར་ནས་འགྲོ་མཁན་རྐྱང་རྐྱང་རེད། ང་ཚོའི་དགྲ་བོ་ལ་ངོ་ཚ།
    བྱས་རྗེས་གང་བཞག་རྒྱུ་ཡོད།

  2. གཞུང་པ་ཚེ་དབང་བསོད་ནམས་

    ཚན་རིག་ཚོར་ནུས་པ་ཡོད་ན་སྐར་ཕྲན་དེ་དག་གླིང་གཞན་ལ་ཁ་རྒྱུར་དང་ཕོ་ཁྱོ་ག་རེད་དེ་མིན་འཛམ་གླིང་གི་མི་མང་ལ་བཞེད་སྣང་མ་བསྐུལ་ན་ཡག་ལེ་རེད་དོ་།