རི་ཉིལ་ཏེ་མི་དགུ་ས་འོག་ཏུ་མནན།

ཁ་སང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༤།༣༠ ཡས་མས་སུ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་ཁོངས་རྭ་རྒྱའི་སུ་རིག་ཆེན་སྡེ་བའི་གཤགས་ལུང་ལ་རི་ཉིལ་དོན་རྐྱེན་བྱུང་སྟེ་ཁྱིམ་ཚང་གསུམ་གྱི་མི་དགུ་ས་ཡོག་ཏུ་མནན་ཡོད་པ་དང་། ས་གནས་སེར་སྐྱ་མི་མང་དང་མྱུར་སྐྱོབ་མི་སྣས་ཛ་དྲག་མྱུར་སྐྱོབ་བྱས་ཏེ་ད་ལྟའི་ཆར་མི་གསུམ་ས་འོག་ནས་བླངས་ཏེ། མི་གཉིས་སྨན་ཁང་དུ་བསྐྱལ་ཡོད་པ་དང་། མི་གཅིག་གི་ཚེ་སྲོག་ལ་ཉེན་ཁ་ཡོད་འདུག

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་རང་བྱུང་གནོད་འཚེས་གཞུང་ལམ་ S101 ཞེས་པ་འགག་པ་མ་ཟད། འགྲམ་གྱི་རྒྱུག་ཆུའང་འགག་ཡོད་འདུག རི་ཉིལ་དོན་རྐྱེན་བྱུང་སྐབས་མི་དང་ནོར་ལུག་མང་པོ་ཉེ་འགྲམ་དུ་ཡོད་པ་དང་། ས་གནས་འབྲེལ་ཡོད་ཅིག་གིས་མི་ཤི་བའི་གྲངས་འབོར་འཕར་བཞིན་ཡོད་སྐོར་ཡང་བརྗོད་འདུག

 

 

 

 

 

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༧/༠༨/༣༡

Leave a Reply