བོད་རིཊ་བུད་མེད་ཅིག་ཁེ་ན་ཌའི་ས་འཐུས་འོས་མིར་བདམས།

ཁེ་ན་ཌའི་ནང་གནས་སྡོད་བྱས་ཡོད་པའི་བོད་རིགས་བུད་མེད་བུ་འཁྲིད་དཀར་པོ་ལགས་ཕྱི་ལོ་ ༢༠༡༨ ལོའི་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་མིར་བདམས།

ཟླ་འདིའི་ཕྱི་ཚེས་༡༤ ཉིན་ཁེ་ན་ཌར་གནས་སྡོད་བོད་རིགས་བུད་མེད་བུ་འཁྲིད་དཀར་པོ་ཞུ་པ་ཞིག་ཁེ་ན་ཌ་ཨོན་ཊེ་རི་ཡོའི་(Ontario)མངའ་སྡེའི་དམངས་གཙོ་གསར་པའི་ཆབ་སྲིད་ཚོགས་པའི་(New Democracy Party)ཕྱི་ལོ་ ༢༠༡༨ ལོའི་གྲོས་ཚོགས་འཐུས་མིའི་འོས་མིར་བདམས་ཐོན་བྱུང་ཡོད་འདུག

བོད་རིགས་བུད་མེད་བུ་འཁྲིད་དཀར་པོ་ལགས་ནི་ཕྱི་ལོ་༢༠༠༢ ལོར་ནང་མི་དང་ལྷན་ཁེ་ན་ཌར་སྐྱབས་བཅོལ་དུ་འབྱོར་ཡོད་པ་དང་། ཁ་སང་ས་གནས་གྲོས་ཚོགས་འཐུས་མིའི་འོས་མིར་བདམས་རྗེས་མོས་རང་ཉིད་བཙན་བྱོལ་ནས་སྐྱེས་པ་དང་། བོད་མི་བཙན་བྱོལ་བའི་མི་རབས་གསུམ་པ་དེ་ཆགས་ཀྱི་ཡོད་སྟབས། ད་ཐེངས་ས་གནས་གྲོས་ཚོགས་འཐུས་མིའི་འོས་མིར་བདམས་ཐོན་བྱུང་བར་དམིགས་བསལ་གྱིས་དགའ་ཚོར་ཆེན་པོ་བྱུང་བ་དང་། མོས་མུ་མཐུད་སྤྱི་ཚོགས་ཞབས་ཞུ་ཧུར་ཐག་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

མོ་ནི་ནམ་རྒྱུན་བོད་དོན་ཐད་སེམས་ཤུགས་ཆེན་པོ་ཅན་ཞིག་དང་། མོས་ལོ་ངོ་བཅུ་ཕྲག་གཅིག་རིང་ལ་ས་ཁུལ་དེར་བོད་དོན་ལས་འགུལ་དང་མང་ཚོགས་ཀྱི་བདེ་དོན་དང་འབྲེལ་བའི་ཕྱག་ལས་མང་དག་ཅིག་གནང་ཡོད་པ་དང་། ཁེ་ན་ཌའི་ཨོན་ཊེ་རི་ཡོའི་མངའ་སྡེའི་བོད་རིགས་ཚོགས་པའི་འགན་འཛིན་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མི་སོགས་གནང་མྱོང་ཡོད་འདུག

བུ་མོ་བུ་འཁྲིད་དཀར་པོ་ལགས་ནི་དབྱིན་ཇིའི་ཁོ་ལིམ་བྷི་ཡཱ་གཙུག་ལག་སློབ་ཆེན་ནས་ཚན་རིག་ཐོག་མཐོ་རིམ་རིག་གནས་རབ་འབྱམས་ཀྱི་བསླབ་པ་མཐར་ཕྱིན་ཡོད་པ་དང་། དེའི་རྗེས་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་ནས་སྤྱི་དམངས་འཕྲོད་བསྟེན་ཐོག་གཙུག་ལག་རབ་འབྱམས་པ་མཐར་ཕྱིན་ཡོད་འདུག སྲིད་བྱུས་ཉམས་ཞིབ་ཐོག་འབུམ་རམས་པའི་སློབ་གཉེར་གནང་། ད་ལྟ་ཨོན་ཊེ་རི་ཡོའི་མངའ་སྡེ་གྲོས་ཚོགས་ཀྱི་ཊོ་རོན་ཊོ་(Toronto)གྲོང་ཁྱེར་འཐུས་མི་ལྕམ་(Cheri Dinovo) ལགས་དང་ལྷན་དུ་ཨོན་ཊེ་རིའི་ཁྲིམས་བཟོ་ལྷན་ཚོགས་ནང་དུ་ཕྱག་ལས་གནང་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༡༦

Leave a Reply

2 thoughts on “བོད་རིཊ་བུད་མེད་ཅིག་ཁེ་ན་ཌའི་ས་འཐུས་འོས་མིར་བདམས།

  1. དོན་གྲུབ་བཟང་པོ།

    བོད་རིཊ་བུད་མེད་ཅིག་ཁེ་ན་ཌའི་ས་འཐུས་འོས་མིར་བདམས ་ཐོན་བྱུང་བ་གསར་འགྱུར་ཐོག་རྒྱུད་བསྒྲགས་འདུག
    བོད་དོན་ཐོག་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་ཏོགཙམ་བྱེད་ཐུབ་ན་ཡག་པོ་འདུག

  2. ༄༅། བུ་འཁྲིད་ལགས་༢༠༡༨་ལོའི་ཀྲོ་རོན་ཀྲོ་་Torontoས་གནས་འཐུས་མིར་བདམས་ཐོན་བྱུང་བའི་སྐོར་རླུང་འཕྲིན་ཁང་ནས་
    གསར་འགྱུར་གོ་ཐོས་བྱུང་བ་མ་ཚད་ད་རིང་བོད་ཀྱི་དུས་བབ་ཐོག་གནས་ཚུལ་ཐོན་འདུག་པ་ཁྱེད་ལ་
    བཀྲིས་བདེ་ལེགས་ཞུ་གི་ཡོད།
    བོད་པའི་མིང་དེ་ཡར་ཡར་བཀྱགས་ཤོག་ཨང། ཨ་མའི་བོུ་ཁྱོད་།
    བོད་གངས་ཅན་བོུའི་སྐུ་ཚབ་ཡིན་ད།