གྲོང་ཁྱེར་སྤྱི་ཁྱབ་ཟུར་པར་ལོ་ ༡༢ ཀྱི་ཁྲིམས་ཐག་བཅད།

རྒྱ་སྒོར་ས་ཡ་ ༤༠ ཡི་ལྐོག་རྔན་བླངས་པའི་ནག་ཉེས་འོག་རྒྱ་ནག་ཐེན་ཅེན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧུང་ཞེན་ཀོ་ལ་ལོ་ ༡༢ ཡི་ཁྲིམས་ཐག་བཅད་འདུག

ཐེན་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧུང་ཞེན་ཀོ་ (Huang Xingguo) ཡིས་ས་ཁང་བདག་བཟུང་དང་གོ་གནས་བརྗེ་སྤོར་གྱི་ལྐོག་རྔན་རྒྱ་སྒོར་ས་ཡ་ ༤༠ བླངས་པའི་ནག་ཉེས་འོག ཁ་སང་རྒྱ་ནག་ནུབ་རྒྱུད་ཧུའུ་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲང་འབྲིང་རིམ་མི་མང་ཁྲིམས་ཁང་ (SIPC) ནས་ཁོ་ལ་ལོ་ ༡༢ ཁྲིམས་ཐག་བཅད་ཡོད་འདུག

ཁྲིམས་ཁང་དེའི་གསལ་བསྒྲགས་ནང་། འདས་པའི་ལོ་ངོ་ ༢༠ ནང་ཧུང་ཞེན་ཀོ་ཡིས་རང་ཉིད་ཀྱི་གོ་དབང་སྤྱད་ནས་ཁོ་རང་གི་གྲོགས་པོ་དང་ཚོང་གྲོགས་ཚོའི་ས་ཁང་བདག་བཟུང་དང་གོ་གནས་བརྗེ་སྤོར་གྱི་ལྐོག་རྔན་རྒྱ་སྒོར་ས་ཡ་ ༤༠ བླངས་ཏེ། ཐེན་ཅེན་ (Tianjin) དང་ཀྲེ་ཅང་ (Zhejiang)། ལེན་པོ་ (Ningbo)། ཐེ་ཀྲུའུ་ (Taizhou) སོགས་གྲོང་ཁྱེར་ཁག་ཅིག་ནང་གྲུ་ཁ་བཙུགས་ནས་སྒེར་ཚོང་གཉེར་ཡོད་སྐོར་བརྗོད་འདུག

ཧུང་ཞེན་ཀོ་ནི་ད་ལྟ་རང་ལོ་ ༦༣ ཡིན་པ་དང་། ཕྱི་ལོ་ ༡༩༧༣ ལོར་དམར་ཤོག་ཚོགས་ཁོངས་སུ་ཞུགས་པ་དང་། ༢༠༠༨ ལོར་ཐེན་ཅེན་གྲོང་ཁྱེར་སྤྱི་ཁྱབ་དང་། ༢༠༡༥ ནས་ ༢༠༡༦ བར་ཐེན་ཅེན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས་ཡོད་པ་རེད། ན་ནིང་ཕྱི་ཟླ་ ༡༠ ནང་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ (CCDI) གིས་ཞིབ་བཤེར་བྱེད་མགོ་བརྩམས་འདུག

རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ལྐོག་ཟ་རུལ་སུངས་ལྟ་ཞིབ་ཁང་ (Corruption Watchdog) གིས་ཧུང་ཞེན་ཀོ་ཡིས་ཏང་དང་སྲིད་གཞུང་གི་སྲིད་ཇུས་དང་ཆིག་སྒྲིལ་ལ་གཏོར་བརླག་བྱས་པའི་ནག་ཉེས་འོག་ཞིབ་བཤེར་བྱས་ཡོད་པ་དང་། ཞིབ་བཤེར་སྐབས་ཧུང་ཞེན་ཀོ་ཡིས་རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱས་ཡོད་ལུགས་བསྒྲགས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༩/༢༦

Leave a Reply

3 thoughts on “གྲོང་ཁྱེར་སྤྱི་ཁྱབ་ཟུར་པར་ལོ་ ༡༢ ཀྱི་ཁྲིམས་ཐག་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    རང་དབང་མང་གཙོ་ཁྲིམས་ཡིག་འོག་ཏུ་འཚོ་།
    གྲལ་རིམ་དམངས་གཙོ་གང་ཟག་འོག་ཏུ་འཚོ་།
    བོད་ཀྱི་མང་གཙོ་ཁྲིམས་ཡིག་དབང་བསྒྱུར་འོག་།
    རྒྱ་ནག་དམངས་གཙོ་གྲལ་རིམ་དབང་བསྒྱུར་འོག་།

  2. རྒྱུད་གྲྭ་བློ་བཟང འདུས།

    རེད། རེད། བོད་དང་ཤིན་ཅང་ རང་དབང་འཐབ་རྩོད་ལས་འགུལ་ལ། རྩི་་མེད་རྡོག་རོལ། ཁྲིམས། སྲོག་ཐོག ཚེ་བཙོན། མྱོན་བཙུགས། རྡུང་རྡེག་ཚད་ལས་བརྒལ་བ་བྱས། ཏོར་ཤིག ལྐོག་ཟ་རུལ་སུངས་ཚད་ལས་བརྒལ་བ་ཚོ་ལ་ ལོ་ ༡༢ ཧོ་ཧོ། རྒྱ་ནག་དམར་ཤོག་ མི་རིགས་འདྲ་མཉམ་བཅའ་ཁྲིམས་དེབ་དེ་ འབུས་ཙབ་རེ་ཡིན་ངེས།

  3. གཞུང་པ་ཚེ་དབང་བསོད་ནམས་ཡ

    རྒྱ་སྒོར་ས་ཡ་བཞི་བཅུ་ལྐོག་རྔན་བླངས་པར་ལོ་བཅུ་གཉིས་ལས་རྩོན་ཉེས་ཁྱེར་དགོས་མེད་ན་རྒྱ་ནག་ནང་ལྐོག་ཟ་རུལ་སྲུང་མང་དུ་འགྲོ་སྲིད་པ་ལས་ཉུང་དུ་ནམ་ཡང་གཏོང་མི་ཐུབ་པ་ད་ལྟའི་ཁྲིམས་འདིའི་ངོ་གདོང་ནས་ཤེས་ཐུབ་པ་མ་རེད་དམ་?