བོད་རིཊ་ཤིག་ཨ་རིའི་མེ་འཁོར་གྱི་བདེ་འཇཊ་འགན་འཛིན་དུ་བསྐོས།

བོད་རིགས་བུ་མོ་བསྟན་འཛིན་སྒྲོལ་དཀར་ཞུ་བ་ཞིག་ཨ་རིའི་མངའ་སྡེ་མེན་ནི་སོ་ཊའི་མེ་འཁོར་བདེ་འཇགས་འགན་འཛིན་དུ་བསྐོ་བཞག་བྱས་ཡོད་འདུག

ཨ་རིའི་དབུས་ནུབ་མངའ་སྡེ་མེན་ནི་སོ་ཊ་ (Minnesota) ཡི་གསར་ཁང་ (Star Tribune) གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཡུལ་དེའི་མེ་འཁོར་བདེ་འཇགས་འགན་འཛིན་སྐུ་ཞབས་ཊི་ཆཱི་རུ་མོ་ཧྥི་ (Tchourumoff) ཡི་ཚབ་ཏུ་བོད་རིགས་བུ་མོ་བསྟན་འཛིན་སྒྲོལ་དཀར་ཞུ་བ་ཞིག་བསྐོ་བཞག་བྱས་ཡོད་པ་དང་། དེ་ནི་མངའ་སྡེ་དེའི་སྤྱི་ཁྱབ་མཱར་ཁི་ཌེ་ཊོན་ (Mark Dayton) ལགས་ཀྱིས་བསྐོ་བཞག་གནང་བ་ཞིག་ཡིན་ཞིང་། དེ་སྔོན་བསྟན་འཛིན་སྒྲོལ་དཀར་ལགས་མངའ་སྡེའི་སྤྱི་ཁྱབ་ཀྱི་སྐྱེལ་འདྲེན་དང་ཞིང་ལས་སྲིད་ཇུས་སྐོར་གྱི་སློབ་སྟོན་པ་ཡིན་འདུག

མོའི་ད་ལྟའི་ལས་འགན་ནི་མ་འོངས་ལོ་ངོ་གཉིས་ནང་མངའ་སྡེ་དེའི་མཐའ་ཁུལ་དུ་འགྲུལ་སྐྱོད་བྱེད་བཞིན་པའི་མེ་འཁོར་གྱི་བདེ་འཇགས་འགན་སྲུང་དང་ལྕགས་ལམ་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་བཅས་ཡིན་འདུག

མངའ་སྡེའི་སྤྱི་ཁྱབ་སྐུ་ཞབས་ཌེ་ཊོན་ལགས་ཀྱིས། བསྟན་འཛིན་སྒྲོལ་དཀར་ལགས་ནས་དེ་སྔོན་མེན་ནི་སོ་ཊའི་མེ་འཁོར་བདེ་འཇགས་འགན་འཛིན་ཟུར་བ་དང་ལྷན་དུ་མེ་འཁོར་འགྲིམ་འགྲུལ་ཁེ་ལས་སྐོར་ལ་ལས་ཀ་བྱས་མྱོང་ཡོད་སྟབས། ད་ལན་མོ་མེན་ནི་སོ་ཊའི་མེ་འཁོར་བདེ་འཇགས་འགན་འཛིན་དུ་བསྐོ་བཞག་བྱས་པ་ཡིན་སྐོར་བརྗོད་འདུག

བསྟན་འཛིན་སྒྲོལ་དཀར་ལགས་ནི་རྒྱ་གར་ཤར་རྒྱུད་མངའ་སྡེ་ཨོ་རི་སའི་བོད་མིའི་གཞིས་གྲོང་ཕུན་ཚོགས་གླིང་དུ་སྐྱེས་པ་དང་། ད་ལྟ་རང་ལོ་ ༣༢ ཡིན་ཞིང་། ལོ་ ༡༧ སྟེང་ནང་མི་དང་བཅས་པ་ཨ་རིར་གནས་སྤོ་བྱས་ཡོད་པ་དང་། སྔ་རྗེས་སུ་མེན་ནི་སོ་ཊ་གཙུག་ལག་སློན་ཆེན་ (University of Minnesota) དང་ཐའོ་མ་སི་གཙུག་ལག་སློབ་ཆེན་ (University of Saint Thomas) བཅས་ནས་སློབ་མཐར་ཕྱིན་རྗེས། ཡུལ་དེའི་ཁྲིམས་བཟོའི་འབྲེལ་མཐུད་དང་སྤྱི་ཚོགས་བདེ་དོན། ཨེ་ཤ་ཡའི་བུད་མེད་མཉམ་འབྲེལ་བཅས་ཀྱི་ལས་སྒོར་ཞུགས་མྱོང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༠༤

Leave a Reply

2 thoughts on “བོད་རིཊ་ཤིག་ཨ་རིའི་མེ་འཁོར་གྱི་བདེ་འཇཊ་འགན་འཛིན་དུ་བསྐོས།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    བསྟན་འཛིན་སྒྲོལ་དཀར་ལགས། ཐོ་ཆེ་གནང་། ད་དུང་་་ གུས་པའི་སྨི་ལམ་་་་་་ བོད་མིའི་་་ Technology གསར་སྟོན། ཟླ་བའི་ནང་། ཨ་རི་འགྲོ་ཚོགས་གོང་མའི་ཚོགས་གཙོ། ཨ་རི་སྲིད་འཛིན། རྨི་ལམ་དངོས་སུ་སྒྲུབ་པར་ཤོག

  2. བསྟན་འཛིན་སྒྲོལ་དཀར་ལགས་སུ་བཀྲ་ཤིས་བདེ་ལེགས་དང། མཛད་འཕྲིན་གོང་ནས་གོང་དུ་རྒྱས་པའི་ཁ་ཞེ་གཉིས་མེད་ཀྱི་སྨོན་འདུན་ཞུ།། ད་དུང་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་གང་མང་ཐོན་རྒྱུའི་རེ་སྐུལ་ཞུ་རྒྱུ།།