མཚན་གཅིག་ལ་གློག་འོད་ ༡༧༦༠༠༠ འཁྱུག

མདང་དགོང་ཨོ་སི་ཊོ་ལི་ཡའི་ནང་དྲག་ཆར་བབས་ཏེ་བསྟུན་མར་གློག་ཐེངས་འབུམ་གཅིག་ལྷག་འཁྱུག་སྟེ་ཁྱིམ་ཚང་སྟོང་ཕྲག་མང་པོའི་གློག་འཕྲོ་བརླག་ཏུ་ཕྱིན་ཡོད་པ་རེད།བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  མདང་དགོངས་མཚན་མོའི་ཆུ་ཚོད་བདུན་པ་ཡས་མས་ཤིག་ནས་ཆུ་ཚོད་གསུམ་རིང་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁཱེན་སི་ལན་ཌིའི་ནང་དུ། འབྲུག་སྒྲ་གྲགས་ཏེ་ཆར་བ་དྲག་པོ་བབས་ཡོད་པ་མ་ཟད།  མཚན་གང་ལ་གློག་འོད་མི་འདྲ་བ་ ༡༧༦༠༠༠ ལྷག་འཁྱུག་ཡོད་འདུག

ཁཱེན་སི་ལན་ཌིའི་གནམ་གཤིས་བརྟག་དཔྱད་ཁང་གི་སྔོན་བརྡ་ལྟར་ན། ཨོ་སི་ཊོ་ལི་ཡའི་ནང་དོ་ནུབ་སླར་ཡང་རླུང་འཚུབ་དང་། ཆར་བ་དྲག་པོ་འབབ་པའི་ཉེན་བརྡ་བཏང་ཡོད་པ་དང་། མདང་དགོང་གི་རླུང་འཚུབ་དང་གློག་འཁྱུག་གིས་ཁང་པ་ཁག་ཅིག་ལ་གཏོར་བཤིག་དང་། ཁྱིམ་ཚང་སྟོང་ཕྲག་མང་པོར་མཚན་གང་གློག་མེད་པ་བཟོས་ཡོད་འདུག་ལ།  རྒྱུན་ལྡན་མིན་པའི་གློག་འོད་འཁྱུག་སྐབས་ཆེད་ལས་པར་པ་སོགས་ཀྱིས་ཡུལ་དངོས་ཀྱི་པར་མང་པོ་དྲ་ལམ་དུ་བཀྲམ་སྟེ་མི་མང་ཧ་ལས་སུ་བཅུག་ཡོད་པ་རེད།

ཁཱེན་སི་ལན་ཌིའི་གྲོང་ཁྱེར་བྷི་རེ་སི་བྷ་ནེའི་པར་བ་སི་ཊི་ཧྥི་ཌོ་ལེ་(Steph Doyle)ལགས་ཀྱིས། མདང་དགོང་གི་རླུང་འཚུབ་དེ་ནི་རྒྱུན་ལྡན་གྱི་རླུང་འཚུབ་ཅིག་རེད་མིན་འདུག  རླུང་འཚབ་བྱུང་སྐབས་འབྲུག་སྒྲ་གྲགས་ཏེ་གློག་འོད་འཁྱུག་པ་དང་། གནམ་མཁའ་ཡོངས་རྫོགས་འོད་སྣང་གིས་བཀང་བ་མ་ཟད། གློག་འོད་མ་ཡལ་གོང་ཡང་བསྐྱར་འབྲུག་སྒྲ་གྲགས་ཏེ་གློག་འོད་ཀྱིས་ནམ་མཁའ་ཡོངས་སུ་ཁེངས་འགྲོ་ཡི་འདུག ཅེས་བརྗོད་འདུག

གྲོང་ཁྱེར་བྷི་རེ་སི་བྷ་ནེའི་ས་གནས་གློག་བཟོ་ཁང་གིས། མདང་དགོང་རླུང་འཚབ་ཀྱི་རྐྱེན་པས་ཁྱིམ་ཚང་ ༤༠༠༠ ལྷག་ལ་མཚན་གང་གློག་མེད་པ་ཆགས་ཡོད་པ་དང་། མདང་དགོང་མཚན་སྟོད་ཆུ་ཚོད་ ༣ གྱི་རྗེས་སུ་གློག་འཁྱུག་པ་མཚམས་ཆད་ཡོད་ཀྱང་། དེ་རིང་སྔ་དྲོར་བསྐྱར་དུ་འབྲུག་སྒྲ་གྲགས་ཏེ་ཆུ་ཚོད་གཅིག་ལྷག་རིང་ལ་གློག་འོད་འཁྱུག་ཡོད་སྐོར་བརྗོད་འདུག

ས་གནས་གློག་བཟོ་ཁང་གི་མགྲིན་ཚབ་པ་ཌན་ནེ་ཊོ་ནལ་ཌི་(Danny Donald)ལགས་ཀྱིས།  ང་ཚོས་མདང་དགོང་མཚན་གང་གློག་མེད་པའི་ཁྱིམ་ཚང་ཁག་ལ་གློག་བཟོས་ཏེ་བསྡད་པ་ཡིན་ལ། ང་ཚོས་ལས་མི་གསར་པ་ ༣༠ བསྡུས་ཏེ་ཁྱོན་གློག་བཟོ་བ་ ༧༠ གྱིས་གང་མགྱོགས་གློག་བཟོ་ཚར་བ་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད།

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༣༠

Leave a Reply

One thought on “མཚན་གཅིག་ལ་གློག་འོད་ ༡༧༦༠༠༠ འཁྱུག

  1. བསོད་ནམས་རྡོ་རྗེ།

    བྲེལ་བ་ཚ་དྲགས་པའམ་སྐྱར་བཅོས་མ་བྱས་པས་ཡིན་ནམ། དག་ཆ་དེ་ཚོ་གང་དྲག སྐུ་མཁྱེན། གཟབ་གཟབ་གནད་རོགས། སེམས་ཁྲལ་འདུག