འབྲུག་རྒྱལ་པོས་རྒྱ་གར་ནང་གཟིཊ་སྐོར་གནང་།

རྒྱ་དཀར་ནག་བར་འབྲོག་ལམ་ཁུལ་གྱི་རྩོད་རྙོག་ཅུང་ཞི་འཇགས་ཕྱིན་པའི་སྐབས་འདིར་འབྲུག་རྒྱལ་པོས་རྒྱ་གར་ནང་ཉིན་གྲངས་བཞིའི་རིང་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་ཡོད་པ་རེད།

རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་རྒྱལ་མོ་རྗེ་བཙུན་པདྨ་ལགས། རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་སྐུ་འཁོར་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་དང་། ཐེངས་འདིའི་ཉིན་གྲངས་བཞིའི་རིང་གི་གཞུང་འབྲེལ་གཟུགས་སྐོར་དེ་ནི། རྒྱ་ནག་གཞུང་གིས་འབྲོག་ལམ་ཁུལ་གྱི་རྙོག་དྲ་བསླངས་རྗེས་རྒྱ་གར་དང་འབྲུག་བར་གྱི་མཇལ་མོལ་ཐེངས་དང་པོ་ཆགས་ཡོད་པ་རེད།

 སྲིད་བློན་མུ་དྷི་མཆོག་དང་མཇལ་མོལ་གནང་སྐབས། འབྲུག་རྒྱལ་པོས་རྒྱ་གར་གྱིས་འབྲུག་རྒྱལ་ཁབ་ཡར་རྒྱས་གཏོང་བར་རོགས་རམ་མུ་མཐུད་གནང་དགོས་པ་དང་། ཡང་སྒོས་དེང་སྐབས་འབྲུག་ནང་ཆུ་གློག་གི་ལས་གཞི་རྒྱ་ཆེན་པོ་འགྲོ་བཞིན་པ་དེའི་ཐོག་རོགས་རམ་གནང་དགོས་པའི་སྐོར་བཀའ་མོལ་གནང་ཡོད་འདུག

རྒྱ་གར་གཞུང་ཕྱོགས་ནས་གསལ་བསྒྲགས་གནང་བ་ལྟར་ན། ཐེངས་འདིའི་ཐུག་འཕྲད་སྐབས་ཕྱི་ལོ་༢༠༡༨ ལོར་རྒྱ་གར་དང་འབྲུག་གཉིས་བར་ཆབ་སྲིད་ཀྱི་འབྲེལ་ལམ་བཙུགས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་སྲུང་གཙི་གནང་རྒྱུ་གཏན་འཁེལ་བྱུང་ཡོད་པ་དང་། རྒྱ་གར་གྱི་སྲིད་འཛིན་རཱམ་ནཐ་གྷོ་ཝིན་(Ram Nath Govind)མཆོག་ནས་དུས་ཆེན་སྲུང་གཙིའི་ཐོག་འབྲུག་གི་རྒྱལ་པོ་དང་རྒྱལ་མོ་རྣམ་གཉིས་ངེས་ཕེབས་དགོས་པའི་མགྲོན་འབོད་གནང་བ་བཞིན་ཞལ་བཞེས་གནང་ཡོད་འདུག

 ཁ་སང་དགོང་མོར་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ནས་འབྲུག་རྒྱལ་སྐུ་འཁོར་ལ་དམིགས་བསལ་གསོལ་སྟོན་ཞིག་བཤམས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་ཚོས་དགུང་གྲངས་གཅིག་དང་ཟླ་ཤས་ལས་སོན་མེད་པའི་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ལ་དོ་སྣང་ཆེན་པོ་བྱུང་ཡོད་པ་མ་ཟད། སྲིད་བློན་མུ་དྷི་མཆོག་ནས་རྒྱལ་སྲས་ལ་མཇལ་རྟེན་དུ་FIFAཡི་རྐང་རྩེད་སྤོ་ལོ་ཞིག་དང་མིག་མང་ཞིག་གནང་ཡོད་པ་དང་། སྲིད་འཛིན་མཆོག་ནས་ཅོག་ལེ་(Chocolates)ཆེན་པོ་ཞིག་གནང་ཡོད་འདུག
སྲིད་འཛིན་མཆོག་གིས་འབྲུག་རྒྱལ་སྐུ་འཁོར་ལ་ཕེབས་བསུའི་གསུང་བཤད་གནང་སྐབས། ཉེ་ལམ་རྒྱ་དཀར་ནག་གཉིས་བར་འབྲོག་ལམ་གྱི་དཀའ་རྙོག་བྱུང་དུས་འབྲུག་གིས་རྒྱ་གར་ལ་རྒྱབ་སྐྱོར་གནང་བར་དམིགས་བསལ་གྱིས་བཀའ་དྲིན་ཆེ་ཞུས་ཡོད་པ་དང་འབྲེལ། རྒྱ་གར་དང་འབྲུག་གཉིས་ཀྱི་འབྲེལ་བ་ནི་ཐུན་མོང་མིན་པ་ཞིག་ཡོད་ལ། དམག་དོན་གྱི་འབྲེལ་བ་ནི་ཡིད་ཆེས་དང་ཕན་ཚུན་བསམ་ཤེས་གཞི་རྩར་གྱུར་བ་ཞིག་ཡིན་སྟབས། ཁྱིམ་མཚེས་རྒྱལ་ཁབ་ཚོས་མིག་དཔེར་འོས་པ་ཞིག་ཡིན་སྐོར་གསུངས་ཡོད་པ་མ་ཟད། འབྲུག་རྒྱལ་ཁབ་ཀྱིས་རང་གི་རིག་གཞུང་དང་ངོ་བོ་མ་འདོར་བའི་ཐོག་ནས་མུ་མཐུད་རྒྱལ་ཁབ་ཡར་རྒྱས་གཏོང་བཞིན་པ་དེར་བསྟོད་བསྔགས་གནང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༦ ནས་ཕྱི་ཟླ་ ༨  ཚེས་ ༢༨ བར་དུ་རྒྱ་དཀར་ནག་གཉིས་ཀྱི་བར་འབྲོག་ལམ་གྱི་རྩོད་རྙོག་ཛ་དྲག་ཆགས་ཡོད་པ་དང་། རྒྱ་གར་ཕྱོགས་ནས་རྒྱ་དམག་ཁྲིམས་འགལ་གྱིས་ས་མཚམས་འགལ་ཡོད་པ་མ་ཟད། རྩོད་རྙོག་ཅན་གྱི་ས་མཚམས་སུ་ལམ་ཁ་གསར་བཟོའི་ཆེད་འཕྲུལ་ཆས་དང་སྣུམ་འཁོར་མང་པོ་དབོར་འདྲེན་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་གནང་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་དམག་མིས་ཁྲིམས་འགལ་གྱིས་རྒྱ་ནག་གི་ས་མཚམས་སུ་བཙན་འཛུལ་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་གྱུར་ཏེ་དམག་རྒྱག་པར་གྲ་སྒྲིག་ཡོད་ཅེས་བསྒྲགས་གཏམ་སྤེལ་བའི་གནས་སྐབས་དེར་འབྲུག་རྒྱལ་ཁབ་ཀྱིས་རྒྱ་གར་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།

 གསར་འགོད་པ། ཉི་མ་ཚེ་རིང་།

 

བསྐྱར་བཅོས།: ༢༠༡༧/༡༡/༠༢

Leave a Reply

3 thoughts on “འབྲུག་རྒྱལ་པོས་རྒྱ་གར་ནང་གཟིཊ་སྐོར་གནང་།

  1. དཔལ་ལྡན་འབྲུག་པའི་རྒྱལ་པོ་ཡབ་ཡུམ་སྐུ་ཚེ་བརྟན་ཞིང་། ཐུགས་བཞེད་གེགས་མེད་ལེགས་འགྲུབ་ཀྱིས་ཁོང་རྣམ་པའི་མཛད་འཕྲིན་ཕྱོགས་བརྒྱར་ཁྱབ་པར་ཤོག

  2. རྒྱུད་གྲྭ་བློ་བཟང་དབང་འདུས།

    འབྲུག་རྒྱལ་པོ་ ཟབ་ཟབ་བྱོས། འབྲས་ལྗོངས་ཁམས་གསུམ་དབང་འདུས་མཐོང་གི་མིན་འདུག་གམ། རྒྱ་གར་གྱི་ Chocolate ཅོག་ལེཊ་དང་། འབྲུག་གི་གློག་ཁང་གཉིས་ སུ་རིན་ཐང་ཆེ་བ་རེད།