རང་ལུས་མེར་སྲེག་གནང་མཁན་དཀོན་པེ་རེད་འདུག

དེ་རིང་ཕྱི་དྲོ་བོད་ནང་གི་ཆུ་ཚོད་བཞི་བ་ལྔ་པ་ཙམ་ལ་རྔ་བ་ཀིརྟི་དགོན་གྱི་སྒོ་ཆེན་མདུན་དུ། བོད་མི་ཞིག་གིས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་གནང་འདུག

གནས་ཚུལ་ཐོན་རིམ་གཉིས་པ། བོད་ནང་དུ་ཡོད་པའི་མི་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རང་ལུས་མེར་སྲེག་གནང་མཁན་དེ་རྔ་བ་རྫོོོང་རྨེའུ་རུ་མ་ཡུལ་ཚོའིི་མི་སྐྱ་ཞིག་ཡིན་པ་དང་། བལྟས་ཚོད་ལ་རང་ལོ་ ༢༠ ལྷག་ཡིན་ཞིང་། མིང་ལ་དཀོན་པེ་ཞུ་ཡི་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༧/༡༢/༢༦

Leave a Reply

3 thoughts on “རང་ལུས་མེར་སྲེག་གནང་མཁན་དཀོན་པེ་རེད་འདུག

  1. འཛུམ་ཤུལ་ཐབས་མཁས།

    ཚེ་སྲོག་གི་འབོད་སྐུལ་ཨང་༡༥༢་པ།

    མཉམ་འབྲེལ་རྒྱལ་ཚོགས་དྲང་བདེན་ཕྱོགས་ན་རླུང་རྟའི་མགོ་བོ་སྒུར་བའི་དུས།།
    སྲིད་སྐྱོང་བློ་སེང་རིགས་ཞིན་དཔའ་བོའི་མེ་སྲེག་ཁྲོད་ན་གླུ་དང་ཞབས་བྲོ་འཁྲབ་པའི་དུས།།
    ཚོར་བ་མེད་པའི་མི་ཡི་ཚོགས་ལ་དྲང་བདེན་འོད་སྣང་ངོ་སྤྲོད་ཆེད།།
    གངས་ལྗོངས་དཔའ་བོའི་གཞན་ལ་འཚེ་མེད་ཞི་བའི་འབོད་སྐུལ་སུ་ཡིས་ཆེད།།

    བཙལ་བྱོལ་ནང་གི་སྐུ་སྟེགས་ཆེད་དུ་མཁས་དབང་ང་ཡིན་ཁོ་ཡིན་མང་།།
    རང་གི་སྤུན་ཟླ་མར་ལ་འཐེན་ན་སྲིད་སྐྱོང་རྒྱབ་ན་བཀའ་བློན་མང་།།
    ཨ་རིའི་རོགས་སྐྱོར་དངུལ་ལོར་རྩོད་དུས་དཔའ་དང་དཔུང་པ་ངོམ་རྒྱུ་མོད།།
    རང་རིགས་སྤུན་ཟླའི་ཚེ་སྲོག་འཕྲོག་དུས་ཁྱི་རྐུན་དེ་ཚོ་གང་དུ་ཡོད།།

    1. བོད་ལ་དཔའ་བོས་མེ་ལྕེ་སྒྲོན་དུས་་་སྤེན་ཚེ་ཕག་པ་ངོ་ལོག་པ་ཚོ་ཨ་རི་ན་དགའ་བའི་གཞས་འཁྲབ་པ་ཅི་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    གཞིས་བཞུགས་དཔའ་བོའི་རྒྱལ་ཞེན་བློས་གཏོང་འདི་།
    སྐལ་པ་ནམ་གནས་བོད་ཀྱི་ལོ་རྒྱུས་འཁོད་།
    བཙན་བྱོལ་ང་ཚོའི་ནང་འཁྲུགས་ཞབས་འདྲེན་དེ་།
    སྐལ་པ་ནམ་གནས་བོད་ཀྱི་ལོ་རྒྱུས་འཁོད་།