བོད་རིཊ་བུད་མེད་ཅིག་དམར་ཤོག་ཚོཊ་པའི་དྲུང་ཆེར་བསྐོས།

རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་མགོ་འཁྲིད་གཞོན་པ་བོད་རིགས་བུད་མེད་ཚའེ་ཡཱས་དབྱིང་རྒྱ་ནག་གི་སྲིད་འབྱོར་གྱི་གལ་གནད་ཅན་དུ་གྱུར་བའི་ཧྥུའུ་ཅན་ཞིང་ཆེན་སྲིད་གྲོས་ཀྱི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་འབྲེལ་མི་མང་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་དང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་འགན་འཛིན་གཞོན་པ་ཟུར་པ་བོད་རིགས་བུད་མེད་ཚའེ་ཡཱས་དབྱིང་རྒྱ་ནག་ཧྥུའུ་ཅན་ཞིང་ཆེན་སྲིད་གྲོས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད་པ་དང་། མོ་ནི་རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་ནང་གྲངས་ཉུང་མི་རིགས་ཀྱི་བུད་མེད་གོ་གནས་མཐོ་བོ་ལེན་མཁན་ཐོག་མ་དེ་ཆགས་ཡོད་འདུག

ཧྥུའུ་ཅན་ཞིང་ཆེན་ནི་དཔལ་འབྱོར་མཉམ་ལས་ཀྱི་ཕྱོགས་ནས་བཤད་ན་རྒྱ་ནག་ཤར་ལྷོའི་མཚོ་རྒྱུད་ཀྱི་ལྟེ་བ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་གི་མངའ་ཁོངས་བདག་དབང་ཤུགས་ཆེན་རྩོོད་ལེན་བྱེད་བཞིན་པའི་ཐའེ་ཝན་དང་ཧོང་ཀོང་གི་ཆབ་སྲིད་ལས་དོན་ཐོག་ལའང་ཐད་ཀར་སྟངས་འཛིན་བྱེད་པའི་བརྒྱུད་ལམ་གལ་ཆེན་ཞིག་དང་། རྒྱལ་སྤྱིའི་ཐོག་ནས་གནད་འགག་ཅན་གྱི་ཞིང་ཆེན་ཞིག་ཆགས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གྱི་ལོ་རྒྱུས་ཡིག་ཚགས་ནང་དུ། ཚའེ་ཡཱས་དབྱིང་ནི་ཧྲན་ཏུང་ཞིང་ཆེན་ཁྲང་ལི་ནས་ཡིན་པ་དང་། མོའི་ཨ་ཕ་ནི་བོད་ཁུལ་དུ་ཆེད་གཏོང་བྱས་པའི་རྒྱ་ནག་གི་དམག་སྡེ་ཨང་ ༡༨ པའི་དམག་དཔོན་ཞིག་ཡིན་པ་དང་། ཁོས་ཡུན་རིང་བོད་རང་སྐྱོང་ལྗོངས་ཀྱི་ནང་ལས་ཀ་བྱས་ནས་བོད་རིགས་བུད་མེད་ཅིག་དང་གཉེན་སྒྲིག་བྱས་ཡོད་པ་དང་། ཁོང་གཉིས་ལ་བུ་མོ་གཉིས་ཡོད་པའི་ནང་ནས་ཚའེ་ཡཱས་དབྱིང་ནི་རྒན་པ་དེ་ཡིན་འདུག ཕྱིས་སུ་ཁྱིམ་ཚང་དེ་ཧྲན་ཏུང་ཞིང་ཆེན་ཁྲང་ལིར་གནས་སྤོར་བྱས་ཡོད་འདུག

བོད་རིགས་བུད་མེད་ཚའེ་ཡཱས་དབྱིང་ཕྱི་ལོ་ ༡༩༧༥ ལོར་ལས་ཞུགས་བྱས་ཏེ། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་གྱི་སློབ་ཆུང་ཞིག་གི་དགེ་རྒན་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༧༨ ནས་ ༡༩༨༢ བར་བོད་ལྗོངས་ཞིང་འབྲོག་སློབ་གྲྭའི་ནང་དགེ་རྒན་བྱས། ཕྱི་ལོ་༡༩༨༥ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་ཁང་དང་རྒྱ་ནག་མི་མང་འགན་ལེན་ཁང་སོགས་སུ་ལས་ཀ་བྱས། ཕྱི་ལོ་ ༢༠༠༠ ལོར་རྒྱ་ནག་དབུས་དམར་ཤོག་སློབ་ཆེན་དུ་སློབ་གཉེར་བྱས་རྗེས་ཕྱིར་བོད་ལྗོངས་སུ་ལོག་སྟེ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་བྱས།

ཕྱི་ལོ་ ༢༠༠༦ ལོར་བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་ཁང་གི་འགན་འཛིན་དང་། ཕྱི་ལོ་ ༢༠༡༡ ནས་ ༢༠༡༤ བར་རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་སྒྲུབ་ཁང་གི་འགན་འཛིན་གཞོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་འགན་འཛིན་གཞོན་པ། ཕྱི་ལོ་ ༢༠༡༤ ནས་ ༢༠༡༨ བར་དུ་དབུས་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན་གཞོན་པ་དང་། གསར་འགྱུར་གཞུང་སྒྲུབ་ཁང་གི་འགན་འཛིན་གཞོན་པའི་ལས་གནས་བཟུང་ཡོད་འདུག་ལ། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ནང་གྲངས་ཉུང་མི་རིགས་ཀྱི་བུད་མེད་ཅིག་རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་ནང་གོ་གནས་མཐོ་བོར་བསླེབས་པ་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༢༣

Leave a Reply

3 thoughts on “བོད་རིཊ་བུད་མེད་ཅིག་དམར་ཤོག་ཚོཊ་པའི་དྲུང་ཆེར་བསྐོས།

  1. མོའི་ཕ་རྒྱ་མི་ཡིན་པས་མོ་རྒྱ་རིགས་སུ་བརྩི་དགོས། དེ་བོད་ཀྱི་ལུགས་སྲོལ་རེད། བོད་རྒྱ་མི་རིགས་འདྲིས་མའི་ཁྲོད་དུ་བོད་རིགས་ཡིན་ཟེར་མཁན་ཧ་ཅང་མང་། ཕལ་མོ་ཆེ་ནི་ཁེ་དབང་ཁོ་ནས་དམིགས་ནས་དེ་ལྟར་བཤད་བཞིན་ཡོད་པ་ལས་རྒྱུ་མཚན་གཞན་ཅི་ཡང་མེད།

  2. སྲས་སྐུ་ངོ་།

    ཉིས་སྟོང་ལོ་ནས་བཟུང་རྒྱ་རིགས་གཞོན་སྐྱེས་ཚོས་ནུབ་ཕྱོགས་ཀྱི་མིང་འདོགས་དར་ཁྱབ་ཆེན་པོ་བྱུང་བ། བོད་རིགས་ཚོས་བོད་མིང་་ཡོད་བཞིན་དུ་རྒྱ་མིང་་འདོགས་ཀྱི་ཡོད། ་མིང་འདོགས་པ་འདིའི་ཤུགས་སུ་རང་ཉིད་་རང་ཉིད་གནས་ཡུལ་ལ་འདོད་པ་མ་འཚིམ་པ་ཤུགས་སུ་བསྟན་ཡོད། དེ་ན་བོད་རིགས་ཨ་ཅག་འདིས་རང་གི་རིག་གཞུང་་འདོད་པ་མ་འཚིམ་པ་དང་ལས་གནས་དང་དམིགས་ཡུལ་ངེས་ཅན་ཞིག་འོག་ཏུ་རྒྱ་མིང་བཏགས་ཡོད་