སྐྱབས་བཅོལ་ལག་དེབ་དྲ་ཐོག་ཐོ་འགོད་གནང་ཕྱོགས།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ནང་ཚུད་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་(R.C)དྲ་ཐོག་དེབ་སྐྱེལ་online registration ངེས་པར་དུ་གནང་ཐུབ་པ་དགོས་ཀྱི་ཡོད་པ་དང་། ས་གནས་གཞན་ནས་བཟོས་པའི་སྐྱབས་བཅོལ་ལག་དེབ་ཡོད་མཁན་ཚོས་གོང་གི་དུས་བཅད་ནང་(Transfer)གཏང་ནས་ཐོ་འགོད་བྱེད་ཐུབ་པ་དགོས་ཀྱི་ཡོད་འདུག གལ་ཏེ་སྐྱབས་བཅོལ་ལག་དེབ་ད་ལྟ་དོ་བདག་སོ་སོ་གནས་སྡོད་བྱས་ཡོད་པའི་ས་ཆ་དེ་རང་ནས་བཟོས་པ་ཡིན་ཚེ། དྲ་ཐག་https://boi.gov.in/འདི་ནས་གཤམ་གྱི་ལམ་སྟོན་ལྟར་དྲ་ཐོག་དེབ་སྐྱེལ་གནང་རོགས།

   

བསྐྱར་བཅོས།: ༢༠༡༨/༠༢/༠༣

Leave a Reply

6 thoughts on “སྐྱབས་བཅོལ་ལག་དེབ་དྲ་ཐོག་ཐོ་འགོད་གནང་ཕྱོགས།

  1. དྲ་ཐོག་དེབ་བསྐྱེལ་ལས་སླ་པོ་རེད། དེས་ལས་ཀ་གསར་པ་བཏོན་པ་རེད། ཚོང་ལས་འདྲ་པོ་རེད། སེམས་ཁྲལ་མ་གནང། གཞིས་ཆགས་ནང་གི་དབྱིན་ཇི་མ་ཤེས་མཁན་དག་ལ་གུས་པས་སྒོར་༡༠༠རེ་བྱས་ཏེ་འགེངས་ཤོག་བཀང་ཆོག་་་་ཧཧཧཧ་ཧཧཧཧཧཧ་་་་ཀླད་པ་དེ་མཁྲེགས་པ་ལ་ཨང

  2. གཞུང་པ་ཚེ་དབང་བསོད་ནམས་

    RC གསར་པ་དེ་དེབ་གཟུགས (Book) ྐམེད་པ་སྐྱེས་ཚེས་ལག་ཁྱེར་ལྟ་བུ་ཤོག་ལྷེ་གཅིག་འདུག་པ་བདག་ཉར་བྱ་རྒྱུར་དཀའ་ངལ་འཕྲད་སྲིད་པ་མ་ཟད་བོད་མིར་ཆེ་མཐོང་ཡང་མེད་པའི་ཚོར་སྣང་བྱུང་ན་འབྲེལ་ཡོད་ཕྱི་དྲིལ་ལྷན་ཁང་དང་བཀའ་ཤག་ནས་རྒྱ་གར་དབུས་ས་གཉིས་ཀྱི་སྤ་སེའི་ལས་ཁུང་ལ་འབྲེལ་བ་ཞུས་ནས་དེབ་གཟུགས་ (Book ) གནང་རོགས་ཞུ་
    དགོས་།