སྐྱབས་བཅོལ་ལག་དེབ་དྲ་ཐོག་ཐོ་འགོད་གནང་ཕྱོགས།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ནང་ཚུད་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་(R.C)དྲ་ཐོག་དེབ་སྐྱེལ་online registration ངེས་པར་དུ་གནང་ཐུབ་པ་དགོས་ཀྱི་ཡོད་པ་དང་། ས་གནས་གཞན་ནས་བཟོས་པའི་སྐྱབས་བཅོལ་ལག་དེབ་ཡོད་མཁན་ཚོས་གོང་གི་དུས་བཅད་ནང་(Transfer)གཏང་ནས་ཐོ་འགོད་བྱེད་ཐུབ་པ་དགོས་ཀྱི་ཡོད་འདུག གལ་ཏེ་སྐྱབས་བཅོལ་ལག་དེབ་ད་ལྟ་དོ་བདག་སོ་སོ་གནས་སྡོད་བྱས་ཡོད་པའི་ས་ཆ་དེ་རང་ནས་བཟོས་པ་ཡིན་ཚེ། དྲ་ཐག་https://boi.gov.in/འདི་ནས་གཤམ་གྱི་ལམ་སྟོན་ལྟར་དྲ་ཐོག་དེབ་སྐྱེལ་གནང་རོགས།

   

བསྐྱར་བཅོས།: ༢༠༡༨/༠༢/༠༣

Leave a Reply

6 thoughts on “སྐྱབས་བཅོལ་ལག་དེབ་དྲ་ཐོག་ཐོ་འགོད་གནང་ཕྱོགས།

  1. རྒྱ་གར་དཀའ་དྲིན་ཆེན་པོ། ཧོ་ ཧོ་ ཧོ་ 1) ང་ཚོ་དབྱིན་ཇི་མ་ཤེས་མཁན། 2) mobile screen touch མེད་མཁན། 3) དྲ་རྒྱ་མེད་ས་ལུང་པ་ཁུག་ཀྱོག ཧ་ ཧ་ དངོས་ནས་ དཀའ་ངལ་ སེལ་སོང་ང་། རྒྱ་དམར་འོག་ལ་གནས་པའི་བོད་པ་ གློག་གྱུག་གི་ ལས་ངན། རྒྱ་གར་ལ་ཡོད་པ་ བོད་པ་ RC དམ་བསྒྲགས་ཀྱི་ལས་ངན། སྔ་མོ་ DC ཞིག་གི་ རྒྱ་གར་བཀའ་དྲིན་ཆེན་པོ་མ་རེད། མི་གཅིག་ལ་རྟེན་ནས་བཞག་ཡོ་རེད་ཏོ། གསུངས་ཡོད། བསམ་ཚུལ་འདི་ བཀའ་ཤག་ལ་འཕྲོད་པ་ཤོག ཨོཾ་མ་ཎི་པདྨེ་ཧུཾ།

  2. གཞུང་པ་ཚེ་དབང་བསོད་ནམས་

    དྲ་ཐོག་ནས་དེབ་སྐྱེལ་བྱ་རྒྱུ་ལས་སླ་བོ་ཞིག་ཨ་ཡིན་ནམ་བོད་མི་ཚང་མ་མཁས་པ་ཨ་ཡིན་མི་མང་ཉམས་ཆུང་དྲ་རྒྱའི་སྒོམ་བཤིས་མེད་མཁན་ཚོར་དཀའ་ངལ་འཕྲད་ཀྱི་མ་རེད་དམ་དོན་མེད་ལས་སྙོགས་བཟོས་པ་མ་རེད་པས་།