ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ནང་ཚུད་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་(R.C)དྲ་ཐོག་དེབ་སྐྱེལ་online registration ངེས་པར་དུ་གནང་ཐུབ་པ་དགོས་ཀྱི་ཡོད་པ་དང་། ས་གནས་གཞན་ནས་བཟོས་པའི་སྐྱབས་བཅོལ་ལག་དེབ་ཡོད་མཁན་ཚོས་གོང་གི་དུས་བཅད་ནང་(Transfer)གཏང་ནས་ཐོ་འགོད་བྱེད་ཐུབ་པ་དགོས་ཀྱི་ཡོད་འདུག གལ་ཏེ་སྐྱབས་བཅོལ་ལག་དེབ་ད་ལྟ་དོ་བདག་སོ་སོ་གནས་སྡོད་བྱས་ཡོད་པའི་ས་ཆ་དེ་རང་ནས་བཟོས་པ་ཡིན་ཚེ། དྲ་ཐག་https://boi.gov.in/འདི་ནས་གཤམ་གྱི་ལམ་སྟོན་ལྟར་དྲ་ཐོག་དེབ་སྐྱེལ་གནང་རོགས།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།