རྡོར་གདན་དུ་འགད་རྫས་འཇོག་མཁན་ཁ་ཆེ་བ་གཉིས་རེད་ཟེར།

རྒྱ་གར་ཉེན་རྟོག་པས་གནས་མཆོག་རྡོ་རྗེ་གདན་དུ་འགད་རྫས་བཞག་པའི་དོགས་ཡོད་ཉེས་ཅན་ ༥ འཛིན་བཟུང་བྱས་པའི་ཁྲོད་ཀྱི་བྷང་ལ་ཌི་ཤི་ནས་ཡིན་པའི་ཁ་ཆེ་བ་གཉིས་ཀྱིས་ནག་ཉེས་ངོས་ལེན་བྱས་ཡོད་པ་རེད།

ཁ་སང་རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།   ཟླ་འདིའི་ཚེས་ ༡ ཉིན་རྒྱ་གར་གྱི་མངའ་སྡེ་ནུབ་བྷང་གྷལ་ནས་དོགས་ཡོད་ཉེས་ཅན་ ༢ འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱས་སྐབས། ཁོ་གཉིས་བྷང་ལེང་ཌི་ཤིའི་(JMB)ཞེས་པའི་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་ཚོགས་པའི་ཚོགས་མི་ཡིན་པ་དང་། ད་ལན་རྡོ་རྗེ་གདན་དུ་འགད་རྫས་འཇོག་དགོས་དོན་ནི། འབར་མའི་རོ་ཧིན་གྷ་ཡའི་ཁ་ཆེ་བ་ཚོར་དྲག་གནོན་བྱས་པ་དེར་འཁོན་ལན་སློག་ཆེད་རྡོ་རྗེ་གདན་དུ་འགད་རྫས་ ༨ འཇོག་པའི་འཆར་གཞི་བསྒྲིགས་ཡོད་སྐོར་སོགས་བརྗོད་འདུག

ས་གནས་ཉེན་རྟོག་ཁང་གི་མགོ་འཁྲིད་གཞོན་པ་མོར་ལེ་དྷར་ཤར་མྰ་(Murlidhar Sharma)ལགས་ཀྱིས།  འཛིན་བཟུང་བྱས་པའི་མི་དེ་གཉིས་ཀྱི་ལག་ནས་ལྗིད་ཚད་ལ་སྤྱི་རྒྱ་ ༥༠ ཡོད་པའི་འགད་རིགས་རྫས་འགྱུར་ (Ammonium Nitrate)ཞེས་པ་དང་གློག་ཀླད་གཅིག དེ་བཞིན། འགད་གཏོར་དང་འབྲེལ་བའི་ཡོ་བྱད་གཞན་ཁག་ཅིག་ཡང་ལག་སོན་བྱུང་ཡོད།  ཅེས་བརྗོད་འདུག

འཛིན་བཟུང་བྱས་པའི་ཉེས་ཅན་གཅིག་གི་མིང་ལ་པེ་གྷམ་བྷར་ཤ་ཡེ་ཁན་(Paigamber Sheikh)ཟེར་གྱི་ཡོད་པ་དང་རང་ལོ་ ༢༤ དང་།  གཞན་དེ་ལོ་ ༣༡ དང་མིང་ལ་ཇྰ་མེ་རྰོལ་ཤ་ཡེ་ཁན་(Jamirul Sheikh)ཟེར་གྱི་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༡༩ ཉིན་གནས་མཆོག་རྡོ་རྗེ་གདན་དུ་འགད་རྫས་བཞག་པའི་གནས་ཚུལ་བྱུང་རྗེས། རྒྱ་གར་དབུས་ཉེན་རྟོག་ཁང་དང་ས་གནས་ཉེན་རྟོག་ཁང་མཉམ་འབྲེལ་གྱིས་ཞིབ་འཇུག་བྱས་ཡོད་པ་དང་།  སྔ་གཞུག་ཏུ་གནད་དོན་དེ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་མི་གྲངས་ ༥ འཛིན་བཟུང་འདྲི་གཅོད་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༠༣

Leave a Reply

3 thoughts on “རྡོར་གདན་དུ་འགད་རྫས་འཇོག་མཁན་ཁ་ཆེ་བ་གཉིས་རེད་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་

    གང་ན་ཁྲིམས་འགལ་ཡོད་ས་དེ་རུ་ངོ་རྒོལ་ཡོད་།
    གང་ན་དྲང་བདེན་མེད་ས་དེ་རུ་ངོ་རྒོལ་ཡོད་།
    གང་ན་འགོ་འདྲེན་ཡོད་ས་དེ་རུ་ངོ་རྒོལ་ཡོད་།
    གང་ན་ལྐོག་ཟ་ཡོད་ས་དེ་རུ་ངོ་རྒོལ་ཡོད་།
    གང་ན་བཙན་གཡེམ་ཡོད་ས་དེ་རུ་ངོ་རྒོལ་ཡོད་།
    གང་ན་ཕྱོགས་གཏོགས་ཡོད་ས་དེ་རུ་ངོ་རྒོལ་ཡོད་།
    གང་ན་ཤོག་སྒྲིལ་ཡོད་ས་དེ་རུ་ངོ་རྒོལ་ཡོད་།
    གང་ན་གཡོ་རྒྱུ་ཡོད་ས་དེ་རུ་ངོ་རྒོལ་ཡོད་།

  2. གསར་འགོད་པ་རྣམ་པ་ཚོར་ཞུ་རྒྱུ། རྡོར་གདན་དང་ ས་རྒྱུ་དང་། སྤྱི་ཟུར་། དོན་ཟུར་སོགས་བསྡུས་དྲགས་པས། རྣ་བར་སྙན་པོ་མི་འདུག་པ་དང་། བོད་ན་བཞུགས་མཁན་ཞིག་ཡིན་ན་དོན་ཡང་གི་མི་འདུག

  3. འཛམ་གླིང་ཐོག་རྙོག་དྲ་ཚ་ཤོས་སྤྱོད་ལམ་སྡུག་ཤོས་མང་ཆེ་བ་ཁ་ཆེའི་བ་རེད་ལབ་ན་མ་འགྲིག་པ་མེད།ཁ་ཆེ་ག་བར་ཡོད་ན་མང་ཆེ་བ་ཞི་བདེ་ལྷིང་འཇགས་མེད་པ་དེ་འདྲའི་རེད་།དཔེ་ན་སི་རིའི་ཡ།པ་ལེ་སི་ཐན་།ལི་བི་ཡ།པ་ཀི་སི་ཐན་།ཨ་ཧྥུ་རྒང་ནི་སི་ཐན་སོགས་རེད།ཁོང་ཚོའི་ཆོས་དང་ལྟ་གྲུབ་དེ་དག་ལ་སྐྱོན་ཡོད་པའི་རྟགས་རེད།