བོད་མི་ཞིག་གིས་རང་ཤི་བརྒྱབས།

དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ཀྱི་གཤམ་དུ་ཡོད་པའི་རྒྱ་གར་གྲོང་གསེབ་གྷམ་རུ་ནས་བོད་མི་ཞིག་གིས་རང་ཤི་བརྒྱབས་ཡོད་འདུག

འདི་གའི་གསར་འགོད་པར་ཁོང་གི་ངོ་ཤེས་འགས་བརྗོད་པ་ལྟར་ན། བོད་མི་དེའི་མིང་ལ་བསམ་གཏན་ཟེར་ཞིང་། ཁོང་གིས་གྷམ་རུ་ན་རྒྱ་གར་གྱི་ཁང་པ་ཞིག་གླས་ནས་བསྡད་ཡོད་པ་དང་། ཁ་སང་ཁོ་རང་གི་ནང་དུ་སྐེ་བཏགས་ཏེ་རང་ཤི་བརྒྱབས་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པར་འདས་པོ་ཁོང་གི་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་དང་། དྷ་རམ་ས་ལར་ཁོང་ལ་སྤུན་མཆེད་མེད་ཀྱང་ཁོང་དུས་རྒྱུན་ནས་ཡ་རབས་སྤྱོད་བཟང་དང་། མི་ཚང་མར་འབྲེལ་བཟང་མཐུན་སྒྲིལ་ལྡན་པ་ཞིག་ཡིན་སྟབས། དྷ་ས་ཁུལ་གྱི་ཁོང་གི་གྲོགས་པོ་གྲོགས་མོ་དང་ཁྱིམ་མཚེས་མང་པོ་མཉམ་རུབ་ཐོག་གདུང་སེམས་མཉམ་སྐྱེད་ཀྱིས་མཆོད་འབུལ་སྨོན་ལམ་བཅས་གནང་ཡོད་འདུག

འདས་པོ་བསམ་གཏན་ལགས་ནི་མེག་གྷན་ཇོ་གྷེ་ཝ་ར་ལམ་གྱི་ལྷ་ཤིང་བོད་ཀྱི་ཤིང་བཟོ་ཁང་གི་ཤིང་བཟོ་བ་ཞིག་ཡིན་པ་དང་། ཁོང་གིས་དེ་སྔོན་ཟླ་ཤས་རིང་བོད་ཀྱི་དཔེ་མཛོད་ཁང་གི་མཚན་སྲུང་བ་བྱས་མྱོང་ཡོད་འདུག་ལ། ཕྱིས་སུ་བཟའ་ཚང་གཉིས་ཁ་ཁ་ཆགས་ཏེ་ཁོ་རང་གྷམ་རུ་ལ་གནས་སྤོར་བྱས་ཡོད་འདུག  ཁོང་བཟའ་ཟླ་གཉིས་ལ་བྱིས་པ་བུ་གཉིས་ཡོད་འདུག

 

བསྐྱར་བཅོས།: ༢༠༡༨/༠༣/༡༢

Leave a Reply

3 thoughts on “བོད་མི་ཞིག་གིས་རང་ཤི་བརྒྱབས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    རྒྱུ་འབྲས་རྣམ་སྨིན་ལས་ཀྱི་བྱེད་ལས་ཙམ་།
    བླང་དོར་གནས་ལུགས་རིག་པས་རྗེས་སུ་འབྲང་།
    རྒྱུ་དང་མི་རྒྱུ་འབྲས་བུ་རྗེས་ལ་སྨིན་།
    དགེ་སྡིག་ཐམས་བཅས་སོ་སོའི་རྒྱུད་ལ་སྨིན་།

  2. གཞུང་པ་ཚེ་དབང་བསོད་ནམས་

    བོད་མིའི་ལས་དབང་རྒྱ་མིའི་བཙན་འོག་ཚུད་།
    བོད་མིའི་ལས་དབང་རང་ལུས་མེར་བསྲེགས་འོག་།
    བོད་མིའི་ལས་དབང་རང་སྐེ་ཐག་པས་བསྡམས་།
    བོད་མིའི་ལས་དབང་རྣམ་སྨིན་འོག་ཏུ་ཚུད་།

    ཆོས་ལྡན་ཞིང་དུ་སྐྱེས་པའི་བོད་རིགས་ཚོ་།
    ཆོས་ཀྱིས་སྦྱིན་རླབས་བདུད་རྩི་དཀར་པོ་ལ་།
    ཆོས་དང་མཐུན་པའི་ལག་ལེན་ཟབ་ལ་རེམ་།
    ཆོས་སྲིད་བྱ་བ་བླང་དོར་མ་འཕྱུགས་ཨ་།

  3. གཞུང་པ་ཚེ་དབང་བསོད་ནམས་

    ལུས་ཅན་རྣམས་ཀྱི་ལས་རྣམ་ནི་།
    སྐལ་བ་བརྒྱར་ཡང་ཆུད་མི་ཟ་།
    ཚོགས་ཤིང་དུས་ལ་བབས་པ་ན་།
    འབྲས་བུ་སྨིན་པ་ཉིད་དུ་འགྱུར་།