འཛམ་གླིང་གི་བདེ་སྐྱིད་ཆེས་ལྡན་པའི་རྒྱལ་ཁབ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་ལྟར་ན་འཛམ་གླིིིང་གི་བདེ་སྐྱིད་ཆེས་ལྡན་པའི་རྒྱལ་ཁབ་ནིི་ཧྥེན་ལན་ཌི་ཡིན་འདུགམཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་གི་བདེ་སྐྱིད་ཆེས་ཆེ་ཤོས་དང་སྡུག་ཤོས་ཀྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་བཞིན་པ་ལྟར། ད་ལོའི་ཞིབ་འཇུག་སྙན་ཐོའི་ནང་སའི་གོ་ལའི་སྟེང་གི་བདེ་སྐྱིད་ཆེས་ལྡན་པའི་ས་ཆ་དེ་ཧྥེན་ལན་ཌི(Finland)ཡིན་པ་དང་གཉིས་པ་ནོར་ཝེ(Norway) གསུམ་པ་ཌན་མག་(Denmark) བཞི་པ་ཨ་སི་ལན་ཌི(Iceland)།  ལྔ་པ་སུད་སི(Switzerland)བཅས་ཡིན་པ་དང་། བདེ་སྐྱིད་ཆེས་མེད་པའི་རྒྱལ་ཁབ་ལྔ་ནི་མྰ་ལེ་ཝྰ(Malawi)དང་ཧེ་ཊེ(Haiti)  ལེ་བྷེ་ར(Liberia) སེ་རི་ཡ(Syria) ར་ཝན་ཌྰ(Rwanda)བཅས་ཡིན་སྐོར་བརྗོད་འདུག

ཞིབ་འཇུག་སྙན་ཐོ་དེ་རྒྱལ་སྤྱིའི་རྒྱལ་ཁབ་༡༥༠ ལྷག་ནས་བདེ་སྐྱིད་ཆེས་ཆེ་བའི་རྒྱལ་ཁབ་༡༠ དང་བདེ་སྐྱིད་ཆེས་མེད་པའི་རྒྱལ་ཁབ་༡༠ བཅས་བཏོན་ཡོད་པ་དང་། ཞིབ་འཇུག་བྱེད་སྟངས་རྒྱལ་ཁབ་དེ་དག་གི་མི་མང་ལ་དྲི་བའི་ལམ་ནས་ཚད་གཞི་གཅིག་ལེན་གྱི་ཡོད་པ་དང་། དེ་བཞིན་རྒྱལ་ཁབ་དེར་དམག་འཁྲུག་ཡོད་མེད། དཔལ་འབྱོར་གྱི་དཀའ་ངལ་ཡོད་མེད་སོགས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་འདུག

ཞིབ་འཇུག་སྙན་ཐོར་གསལ་བ་ལྟར་ན་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་དེ་དག་ནང་གི་སྐྱབས་བཅོལ་བ་ཚོ་ཡང་ཆེས་བདེ་སྐྱིད་ལྡན་པའི་སྐྱབས་བཅོལ་བ་ཆགས་ཀྱི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རེའི་ཞིབ་འཇུག་སྙན་ཐོའི་ནང་གི་བདེ་སྐྱིད་ཆེས་མེད་པའི་ས་ཆ་ཁག་ནི་ཨ་ཧྥི་རི་ཁ་གླིང་དང་དཀྱིལ་ཤར་ཨེ་ཤ་ཡའི་ནང་ཡིན་པ་དང་། དེ་ནི་གཙོ་བོ་དམག་འཁྲུག་དང་ཟས་གོས་སོགས་ཀྱི་མཐུན་རྐྱེན་ཞན་པ་བརྗོད་ཡོད་པ་རེད།

ནོར་ཝེའི་གྲོང་ཁྱེར་ཆེས་ཆེ་ཤོས་(Espoo)རུ་ཡོད་པའི་ཨ་རིའི་དགེ་རྒན་ཆེན་མོ་(Brianna Owens)ཡིས། ང་རང་གིས་བསམ་ན་སྤྱི་ཚོགས་འདིའི་ནང་དུ་ཡོད་ཚད་མི་མང་གི་ལེགས་འགྲུབ་ཆེད་ཁོ་ནར་གཏོང་གི་ཡོད་པ་དང་། མཐའ་ན་མི་མང་ཕན་ཚུན་འགྲུལ་སྐྱོད་དང་སྐྱེལ་འདྲེན་སོགས་དངོས་ནས་ཡག་པོ་རེད་འདུག ཅེས་བརྗོད་འདུག

ཞིབ་མཇུག་སྙན་ཐོའི་ནང་ལོ་སྔོན་མར་མི་མང་གི་བདེ་སྐྱིད་ཚད་གཞི་དམའ་མོ་ཡོད་པ་ཨ་རི་ ༡༩ དང་དབྱིན་ཇི ༡༨ ལ་འཕར་ཡོད་པ་དང་། ལོ་སྔོན་མར་བདེ་སྐྱིད་ཀྱི་ཚད་གཞི་༢༠ ནས་ཡོད་པའི་ཝེ་ནེ་ཛོ་ལ་(Venezuela)ད་ལོར་ཨང་༡༠༢ལ་ཟགས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༡༧

Leave a Reply