ཞོགས་ལྗང་ལགས་ཀློད་འདུག

དེ་རིང་སྔ་དྲོར་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་ཞོགས་ལྗང་ངམ་འབྲུག་ལོ་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་ཐོབ་ཡོད་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་ཅིག་གིས་བརྗོད་པ་ལྟར་ན། དེ་རིང་སྔ་དྲོར་ཁོང་ཀློད་གྲོལ་བཏང་རྗེས། ཉེན་རྟོག་ཁང་རིམ་པ་ཞིག་བརྒྱུད་རྗེས་ད་ལྟ་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོའི་ནང་དུ་བསླེབས་ཟིན་ཡོད་པ་དང་། ཁོང་གི་ཨ་ཞང་ལགས་ཀྱིས་ཁོང་ལ་གྱོན་གོས་སོགས་སྐྱེལ་དུ་ཕྱིན་ཏེ་དངོས་སུ་ཐུག་བཅུག་ཡོད་པ་དང་། མུན་རུབ་ཚར་དུས་རང་ཁྱིམ་དུ་ལོག་རྒྱུ་དང་། ཁོང་གི་ཁྱིམ་དུ་བོད་ཁུལ་གྱི་ས་གནས་མང་པོ་ནས་ཆེད་དུ་བཅར་བའི་འཚམས་འདྲི་ཞུ་མཁན་མང་པོ་བསླེབས་ཡོད་སྐོར་བརྗོད་བྱུང་།

རྩོམ་པ་པོ་ཞོགས་ལྗང་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༩ ཉིན་མཚོ་སྔོན་ཞིང་ཆེན་རེབ་གོང་ཁུལ་ཐོག་ནས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན། ཁོང་གི་ཁྱིམ་མི་གཉེན་ཉེ་སོགས་གང་ཡང་མེད་པར་ཐུན་རིན་མི་མང་ཁྲིམས་ཁང་ནས་ཞོགས་ལྗང་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་མི་རིགས་ཁ་བྲལ་གྱི་ཟིང་ཆ་བསླངས་པ་དང་། ཕྱི་གྱར་ཁ་བྲལ་བར་ལྐོག་འབྲེལ་བྱས་པ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་བརྗོད་བྱ་སྤེལ་བ་སོགས་ནག་ཉེས་ ༤ བགྲང་སྟེ་ལོ་ ༣ གྱི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༡༩

Leave a Reply

One thought on “ཞོགས་ལྗང་ལགས་ཀློད་འདུག