ཞོགས་ལྗང་ལགས་ཀྱི་དཔེ་དེབ་འགྲེམས་སྟོན་གནང་།

འཇར་མན་གྱི་དཔེ་དེབ་འགྲེམ་སྟོན་ཁང་ཞིག་གིས་འཇར་མན་གྱི་སྐད་ཡིག་ནང་བསྒྱུར་བའི་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་དཔེ་དེབ་ཅིག་འགྲེམས་སྟོན་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་ཞོགས་ལྗང་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་པ་དང་བསྟུན། འཇར་མན་གྱི་གྲོང་ཁྱེར་ལེབ་ཛིག་( Leipzig) ནང་ཉིན་གྲངས་ ༤ རིང་ཡོ་རོབ་རང་བཞིན་གྱི་དཔེ་ཚོགས་འགྲེམས་སྟོན་ཞིག་གི་ཐོག བོད་རིགས་བུད་མེད་མིག་དམར་སྒྲོལ་མ་ལགས་ནས་བོད་ཡིག་ནས་འཇར་མན་གྱི་སྐད་ཡིག་ནང་བསྒྱུར་བའི་ཞོགས་ལྗང་ལགས་ཀྱི་བརྩམས་ཆོས་༼རང་དབང་གི་དོན་དུ་ང་ལ་བློ་འགྱོད་མེད༽ཅེས་པའི་རྩོམ་ཡིག་གི་གཙོས་ཁོང་གི་རྩོམ་ཡིག་ཁག་ཅིག་འགྲེམས་སྟོན་གནང་འདུག

འགྲེམས་སྟོན་ཐོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་སྐོར་ལ་ངོ་སྤྲོད་དང་། ནོར་འཛིན་ལྷ་མོ་ལགས་ནས་འགྲེམས་སྟོན་གོ་སྒྲིག་གནང་ཡོད་འདུག་ལ། འགྲེམས་སྟོན་དེའི་སྟེང་འཇར་མན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས། དེ་བཞིན་ཡུ་རོབ་ཀྱི་རྩོམ་པ་པོ་དང་སྒྱུ་རྩལ་བ་སོགས་གནད་ཡོད་མི་སྣ་མང་པོ་འཛོམས་ཡོད་འདུག

འཇར་མན་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་རེ་གྷོ་ལ་ཝེན་སིག་(Regula Venske )ལགས་དང་རྒྱུན་ལས་ཊན་ཇ་ཁིན་ཁེལ་(Tanja Kinkel)གཉིས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་ཐུག་འཕྲད་ཀྱིས་ཞོགས་ལྗང་ལགས་ཀྱི་དེབ་ལ་ཞིབ་གཟིགས་གནང་ཡོད་འདུག་ལ། འགྲེམས་སྟོན་ཐོག་འཇར་མན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཀྱང་བཙོན་འོག་རྩོམ་པ་པོ་གསུམ་གྱི་དཔེ་དེབ་འགྲེམས་སྟོན་གནང་ཡོད་འདུག

བོད་ཀྱི་རྩོམ་པ་པོ་ཞོགས་ལྗང་ལགས་ཀློད་གློལ་ཡོང་ཆེད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཚོགས་སྡེ་ཁག་མང་པོས་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་ཡོད་པ་དང་། ད་རེས་ཀྱི་འགྲེམས་སྟོན་དེ་ཡང་ཞོགས་ལྗང་ལགས་ཀློད་གློལ་ཐོབ་པ་དང་མཉམ་དུ་བོད་ཀྱི་རྩོམ་པ་པོ་དང་ཆབ་སྲིད་བཙོན་པ་མང་པོ་ཞིག་ཀློད་གློལ་ཡོང་དགོས་པའི་འབོད་བརྡ་བསྟན་པ་ཞིག་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༢༡

Leave a Reply

2 thoughts on “ཞོགས་ལྗང་ལགས་ཀྱི་དཔེ་དེབ་འགྲེམས་སྟོན་གནང་།

  1. སྲས་སྐུ་ངོ་།

    འདི་ལྟར་བྱས་ན་ཞོགས་ལྗང་ལ་དངོས་ཤུགསབརྒྱུད་གསུམ་ནས་གནོན་ཤུགས་ཇི་ལྟར་སླེབ་མིན་སྐོར་ལ་བསམ་བློ་གཏོང་མྱོང་ངམ།

  2. ཞོགས་ལྗང་ལགས་བཙོན་ཁང་ནས་སྒོར་ཐོན་ཏེ་ད་དུང་ཟླ་བ་གཅིག་ཟིན་གྱི་མེད་ཁར། ཁྱེད་ཚོ་ཚང་མ་ཁྱི་སྤྱང་ངན་འབྲེལ་བྱས་ཏེ་ཕྱི་ཡུལ་ནས་ཁ་ཚོན་མཐོན་པོ་དང་མགོ་བོ་འདེགས་འདེགས་བྱས་ཏེ་རང་དབང་ཐོབ་པའི་བཙོན་ཟུར་འདི་ད་དུང་བདེ་བར་སྡོད་ན་མི་འོས་སམ། བོད་ནང་གི་བདེ་སྐྱིད་དང་འདྲ་མཉམ་མེད་པའི་སྲིད་ཇུས་ཚང་མ་ཕྱི་ཡུལ་གྱི་མགོ་སྟོང་ཁག་གིས་གོ་སྒྲིག་བྱས་ཏེ་ད་ལྟའི་མཇུག་འབྲས་འདི་ཐོན་པ་རེད། ད་ནི་རོ་ལངས་མ་རྒྱབ་ན་ཡག་ས་རེད། ད་དུང་འདི་ལྟར་མུ་འཐུད་དུ་སོང་ན་ཕན་ཚུན་གཉིས་ཀྱི་གྱོང་གུད་དང་ནང་སྒོས་སུ་བོད་མི་མང་གི་གྱོང་གུད་ལས་མ་འདས་སོང་། །