ཨ་རིའི་རོགས་དངུལ་ལ་རྒྱ་ནག་གིས་སྐྱོན་བརྗོད་བྱས།

རྒྱ་ནག་གཞུང་གིས་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན། སྤྱི་ཚོགས་སྲ་བརྟན་སོགས་ཀྱི་ཆེད་ཨ་རིའི་གཞུང་ནས་རོགས་དངུལ་ཨ་སྒོར་ས་ཡ་ ༡༧ གནང་གཏན་འཁེལ་བ་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་གཏོང་འདོད་མེད་པ་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་ཨ་རིའི་གྲོས་ཚོགས་ནས་རྩིས་ལོ་ ༢༠༡༨ ལོར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་ཤེས་ཡོན་དང་འཕྲོད་བསྟེན། སྤྱི་ཚོགས་སྲ་བརྟན་སོགས་ཀྱི་ཆེད་རོགས་དངུལ་ཨ་སྒོར་ས་ཡ་ ༡༧ གནང་གཏན་འཁེལ་བར་བརྟེན། ཁ་སང་རྒྱ་ནག་གི་གྲངས་ཉུང་མི་རིགས་དང་ཆོས་རིག་ལས་དོན་ཁང་གི་མགོ་འཁྲིད་ཀྲུའུ་ཝེ་ཆིན་ཟེར་བ་དེས། ཨ་རིས་བོད་ཀྱི་ཁ་བྲལ་ཕྱོགས་ཁག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་པ་ནི།  ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་གཏོང་འདོད་མེད་པ་མ་ཟད། རྒྱ་ནག་ཡར་རྒྱས་འགྲོ་བཞིན་པ་དེ་བས་ཀྱང་མཐོང་འདོད་མེད་པ་བསྟན་ཡོད།  ཅེས་བརྗོད་ཡོད།

ཡང་རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ཆེད་མཁས་པ་ལེན་ཞང་མེན་(Lian Xiangmin)ཟེར་བ་ཞིག་གིས།  ཨ་རིས་བོད་ཀྱི་ཁ་བྲལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱས་པ་ནི་ཧང་སང་དགོས་པའི་གནད་དོན་ཞིག་མ་རེད།  ཨ་རི་ནི་ཕྱི་ལོ་ ༡༩༥༠ ནང་ནས་བཟུང་བཙན་བྱོལ་བོད་གཞུང་ཟེར་བ་དེ་ལ་རྒྱབ་སྐྱོར་བྱེད་མཁན་ལྟེ་བ་ཞིག་རེད། ཅེས་དང་། ཕྱི་ལོ་ ༡༩༨༠ ནང་ནས་བཟུང་ཨ་རིས་བཙན་བྱོལ་བོད་གཞུང་ཟེར་བ་དེ་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་མགོ་བརྩམས་ཡོད་པ་དང་། སྲིད་འཛིན་བྷུ་ཤིའི་སྐབས་སུ་བོད་རྒྱ་གྲོས་མོལ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༨ ལོ་ནི་ད་བར་ཨ་རིས་བོད་པར་རོགས་དངུལ་སྤྲད་པ་མང་ཤོས་ཆགས་ཡོད། ན་ནིང་ཕྱི་ཟླ་ ༥ བའི་ནང་སྲིད་འཛིན་ཌོ་ནལ་ཊོམ་ཕུས་རོགས་དངུལ་དེ་མཚམས་འཇོག་བྱེད་རྩིས་བྱས་ཡོད་ཀྱང་ཁོའི་བསམ་བློར་འགྱུར་བ་བྱུང་ཡོད་པ་དང་། ད་རེས་ཨ་རིའི་གཞུང་ནས་རྒྱ་ནག་ནང་གནས་པའི་བོད་མི་ཚོར་རོགས་དངུལ་སྤྲད་པ་དེས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་རེད། ཅེས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་རོགས་དངུལ་བླངས་ཏེ་རྒྱ་ནག་གི་ནང་སྲིད་ལ་རྙོག་དྲ་བཟོ་བའི་ལག་ཆར་འགྱུར་གྱི་ཡོད་ཀྱང་། དོན་དངོས་ཐོག་བོད་ནང་གི་བརྟན་ལྷིང་ལ་ཤུགས་རྐྱེན་རྩ་བ་ནས་སྤྲོད་མི་ཐུབ་སྐོར་སོགས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༥ པའི་ནང་སྲིད་འཛིན་ཊོམ་ཕུའི་གཞུང་ནས་ཨ་རིའི་གྲོས་ཚོགས་ལ་རྩིས་ལོ་ ༢༠༡༨ ལོའི་སྔོན་རྩིས་འཆར་འབུལ་ཞུ་སྐབས། ལོ་ལྟར་ཨ་རིའི་གཞུང་ནས་ཕྱིའི་རྒྱལ་ཁབ་ཁག་མང་པོ་ཞིག་གི་ནང་རོགས་དངུལ་འཕོན་ཆེན་གཏོང་བཞིན་པ་མང་པོ་ཞིག་ལ་གཅོག་ཆ་དང་། བོད་མིའི་རོགས་དངུལ་ཚུད་པའི་རོགས་དངུལ་ཁག་ཅིག་རྩ་བ་ནས་མཚམས་འཇོག་དགོས་པའི་འཆར་འབུལ་ཞུས་ཡོད་ཀྱང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་མང་པོར་ཞུ་སྐུལ་ཞུས་པ་བརྒྱུད་འདི་ལོར་སྔར་གྱི་རོགས་དངུལ་ཐོག་རྒྱ་སྒོར་ས་ཡ་ ༣ འཕར་མ་གནང་གཏན་འཁེལ་ཡོད་འདུག

འདི་ལོར་བོད་ནང་གི་བོད་མི་ཚོར་ཆོས་དང་རིག་གཞུང་། སློབ་གསོ་དང་འཕྲོད་བསྟེན། དེ་བཞིན།  ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་ཨ་སྒོར་ས་ཡ་ ༨ དང་། རྒྱ་གར་དང་བལ་ཡུལ་གྱི་བོད་མི་སྐྱབས་བཅོལ་བར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་སྤྱི་ཚོགས་སྲ་བརྟན། ན་གཞོན་མགོ་འཁྲིད་གསར་པ་སྐྱེད་བསྲིང་སོགས་ཀྱི་ཆེད་ཨ་སྒོར་ས་ཡ་ ༦ དང་། དེ་ནས་དམིགས་བསལ་རྩིས་ཐོ་ཞིག་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་མ་ལག་དང་བཅས་པའི་ལས་དོན་ཁག་སྲ་བརྟན་དང་ཚགས་ཚུད་ཡོང་སླད་ཨ་སྒོར་ས་ཡ་ ༣ བཅས་ཁྱོན་བསྡོམས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་རོགས་དངུལ་ཨ་སྒོར་ས་ཡ་ ༡༧ གནང་གཏན་འཁེལ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༣/༢༦

Leave a Reply

6 thoughts on “ཨ་རིའི་རོགས་དངུལ་ལ་རྒྱ་ནག་གིས་སྐྱོན་བརྗོད་བྱས།

  1. སྲས་སྐུ་ངོ་།

    ཡར་བསྒྲགས་མར་བསྒྲགས་བྱས་ན་དེ་རེད། རྗེས་མ་གཞུང་གང་རུང་གིས་རོགས་དངུལ་བོད་གཞུང་ལ་སྤྲོད་པར་དཀའ་ངལ་ཆགས་ཀྱི་རེད། དེ་ནི་བཀའ་ཤག་ཚོགས་གཙོ་སངས་རྒྱས་ལགས་ཀྱི་གྲུབ་འབྲས་ཤིག་ཆགས་ཀྱི་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་།

    ལོ་རབས་ལྔ་བཅུའི་ནང་ང་ཚོའི་སྤྱི་ཚོགས་ནང་གཞས་ཚིག་འདི་འདྲ་ཞིག་དར་འདུག་།
    རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད་།
    དངུལ་ད་ཡང་ཆར་པ་བབ་བབ་རེད་།

    དུས་དེང་སང་ང་ཚོའི་སྤྱི་ཚོགས་ནང་གཞས་ཚིག་འདི་འདྲ་འདུག་།
    ཨ་རི་དྲིན་ཆེན་ཨ་ཞང་རེད་།
    དངུལ་ཌོ་ལར་གཙང་ཆུ་རྒྱུགས་རྒྱགས་རེད་།

  3. མགོ་འཁྲིད་་་ཀྲུའུ་ཝེ་ཆིན་ ཟེར་བ་དེས་ལ་་་ ཀ་ཡི་ ཡ་གཏགས་ ག་ལ་བརྒྱབ། པ་ནི་གཅིག་པོ་ བསམ་བློ་གཏོང་། ཟ་ལ་ ན་རོ་འབྱོན་པ་ནི་ གྲོགས་མཆོག་ མཆོག་ལ་ ཕུལ་བ་ཡིན། བོདདེ་རྒྱ་ཡི་ཆ་ཤས་ཡིན་ན་ རྒྱ་དེ་བོད་ཀྱི་ཆ་ཤས་ཡིན་པ་ངོས་འཛིན་བྱེད་ཀྱིས་ཡོད་ཀྱི་རེད་པ། if Tibet is Part of China ! China is Part of Tibet ? Isn’t ?