འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་དཔལ་འབྱོར་ཚན་རིག་གི་དྲི་ཤོག་སྤྱི་ཚོགས་དྲ་ལམ་དུ་གྱར་བར་བརྟེན་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་ཀྱི་ཡོད་འདུགཉེ་སྔོན་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་གྲྭ་བཅུ་པའི་ཨང་རྩིས་དང་འཛིན་གྲྭ་བཅུ་གཉིས་ཀྱི་དཔལ་འབྱོར་ཚན་རིག་གི་དྲི་ཤོག་གཉིས་ཕྱིར་གྱར་བར་བརྟེན། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)ནས་ཡིག་རྒྱུགས་དེ་གཉིས་བསྐྱར་དུ་གཏོང་དགོས་པའི་བཀོད་ཁྱབ་བཏང་ཡོད་ན་ཡང་། སློབ་ཕྲུག་དང་ཕ་མ་མང་པོས་ངོ་རྒོལ་སྐྱོན་བརྗོད་བྱས་བར་བརྟེན། ཁ་སང་བསྐྱར་དུ་གསལ་བསྒྲགས་བཏང་སྟེ་འཛིན་གྲྭ་བཅུ་པའི་ཨང་རྩིས་ཡིག་རྒྱུགས་ལྡི་ལི་དང་ཧྰར་ཡ་ནྰ་གཉིས་ནས་མ་གཏོགས་བསྐྱར་དུ་གཏོང་མི་དགོས་པ་དང་། འཛིན་གྲྭ་བཅུ་གཉིས་དཔལ་འབྱོར་ཚན་རིག་གི་ཡིག་རྒྱུགས་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གཏོང་གཏན་འཁེལ་བ་བསྒྲགས་འདུག
འདི་གའི་གསར་འགོད་པས་སཾ་བྷོ་ཊ་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་སུ་དེའི་སྐོར་བཅར་འདྲི་ཞུ་སྐབས་ཁོང་གིས། ང་ཚོ་སཾ་བྷོ་ཊའི་ཁྱབ་ཁོངས་ནས་འཛིན་གྲྭ་བཅུ་གཉིས་ཡོད་མཁན་དེ་སྦོན་ཊ་གཏན་སློབ་ཆགས་ཀྱི་ཡོད་པ་རེད། སྦོན་ཊ་གཏན་སློབ་ལ་མཚོན་ན། འཛིན་གྲྭ་བཅུ་གཉིས་ཡིག་རྒྱུགས་གཏོང་མཁན་སློབ་ཕྲུག་བུ་༡༠ དང་བུ་མོ་༢༧ བཅས་ཁྱོན་ ༣༧ ཡོད། སྤྱིར་སློབ་ཕྲུག་ཚོ་ས་ཐག་རིང་པོ་ནས་ཡོང་བ་ཡིན་དུས་གུང་གསེང་ལ་འགྲོ་བའི་འཛིན་བྱང་སོགས་ཉོས་ཚར་ཡོད་སྟབས། ཡིག་རྒྱུགས་བསྐྱར་དུ་གཏོང་དགོས་པའི་གནས་ཚུལ་གོ་བ་དང་བློ་ཕམ་ཅུང་ཙམ་བྱུང་ཡོད་ན་ཡང་། སློབ་གྲྭའི་འཛིན་སྐྱོང་ངོས་ནས་སློབ་ཕྲུག་ཚོར་ཐེངས་གཉིས་ལ་སློབ་གསོ་བསྐྱོན་པ་ཡིན། ཞེས་བརྗོད་བྱུང་།
ཡང་ཁོང་གིས། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཆབ་སྲིད་སྤྱི་ཚོགས་ཚན་རིག་གི་ཡིག་རྒྱུགས་གཏོང་གི་ཡོད་པ་དང་། ཡིག་རྒྱུགས་དེ་ཚར་བ་དང་ཕྱི་ཚེས་༧ ཉིན་ནས་༢༠་བར་དུ་སློབ་ཕྲུག་ཚོའི་སེམས་ཁམས་གུ་ཡངས་ཡོང་ཆེད་གུང་གསེང་གཏོང་རྒྱུ་ཐག་གཅོད་བྱས་ཡོད། ཕྱི་ཚེས་ ༢༠ ནས་ཕྱིར་སློབ་གྲྭར་འཛོམས་སྟེ་ཚེས་༢༡ ནས་ ༢༤་བར་བསྐྱར་སྦྱོང་གི་དུས་ཚོད་དང་། ཚེས་༢༥ ནས་དཔལ་འབྱོར་ཚན་རིག་གི་བསྐྱར་རྒྱུགས་གཏོང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།
འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་དྲི་ཤོག་ཕྱིར་གྱར་བ་དང་འབྲེལ། ལྡི་ལི་ཉེན་རྟོག་པས་ལྡི་ལིའི་བྷ་ཝ་ནྰ་(Bawana)ཡི་སྒེར་གཉེར་སློབ་གྲྭ་ཞིག་གི་རང་ལོ་༢༩ ཡིན་པའི་རི་ཤྰབ(Rishabh)དང་། རང་ལོ་ ༢༦ ཡིན་པའི་རོ་ཧེ་ཊི(Rohit)། རང་ལོ་༢༦ ཡིན་པའི་ཊོ་ཁེར(Tauqeer)ཞེས་པའི་ཟུར་ཁྲིད་དགེ་རྒན་ཞིག་བཅས་དགེ་རྒན་གསུམ་འཛིན་བཟུང་བྱས་ཡོད་པ་དང་། ཉེན་རྟོག་པས་ཡིག་ཚད་གཏོང་བར་སྐར་མ་ ༤༥ ཙམ་ཡོད་སྐབས། དགེ་རྒན་དེ་གཉིས་ཀྱིས་འཛིན་གྲྭ་བཅུ་གཉིས་པའི་དཔལ་འབྱོར་ཚན་རིག་གི་དྲི་ཤོག་ལ་པར་བརྒྱབ་སྟེ། (WhatsApp)སྤྱི་ཚོགས་དྲ་ལམ་བརྒྱུད་ཟུར་ཁྲིད་དགེ་རྒན་ཊོ་ཁེར་ལ་བཏང་ཡོད་སྐོར་བརྗོད་འདུག
ཡང་ཉེན་རྟོག་པས་གྷོ་གྷུལ་འཚོལ་བཤེར་དྲ་རྒྱ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། མི་ཞིག་གིས་འཛིན་གྲྭ་བཅུ་པའི་ཨང་རྩིས་དྲི་ཤོག་(dev0532@gmail.com)ཞེས་པའི་གློག་འཕྲིན་ཁ་བྱང་ཞིག་བེད་སྤྱོད་བྱས་ཏེ། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་རྒྱུགས་ལྟ་ཞིབ་འགན་འཛིན་(Anita Karwal)ལགས་སུ་བཏང་ཡོད་སྟབས། དོགས་གཞིའི་འོག་གློག་འཕྲིན་གཏོང་མཁན་དེར་འདྲི་རྩད་བྱེད་ཀྱི་ཡོད་འདུག
འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་ཚད་གཏོང་མཁན་བོད་པའི་སློབ་གྲྭ་ཁག་ ༢༧ ཡོད་པ་དང་། རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་མ་བསླེབ་བར་དུ་ཁྱོན་སློབ་མ་ག་ཚོད་ཅིག་མཉམ་ཞུགས་བྱེད་ཀྱི་ཡོད་མེད་དང་། ལྷག་པར་དུ་དྲི་ཤོག་ཕྱིར་གྱར་བའི་དཀའ་རྙོག་འོག་བསྐྱར་དུ་ཡིག་རྒྱུགས་གཏོང་མཁན་བོད་པའི་སློབ་ཕྲུག་ག་ཚོད་ཡོད་མེད་འབྲེལ་ཡོད་ལ་སྐད་ཆ་དྲིས་ཀྱང་གསལ་པོ་མི་འདུག འཛིན་རིམ་བཅུ་པའི་ཨང་རྩིས་ཡིག་ཚད་སྤྱི་ཡོངས་ནས་གཏོང་མི་དགོས་པའི་ཐག་གཅོད་དེས་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཕྲུག་འབུམ་ ༡༤ ལྷག་དང་ཁོང་ཚོའི་ཕ་མ་རྣམས་ཀྱི་རེ་འདོད་བསྐངས་ཡོད་སྐོར་བརྗོད་ཀྱི་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
ཁ་ནང་ལ་བསྐོར་ནས་བལྟས་ན། ཡ་གིར་འཛམ་གླིང་མི་དམངས་ཀྱིས་ལག་ཟུང་ཐལ་མོ་སྦྱོར་བཞིན་པའི་རང་རེའི་མགོ་ནག་བོད་མིའི་རྩ་བའི་བླ་མ་ཡིད་བཞིན་ནོར་བུ་བཞུགས་བཞིན། མ་གི་གངས་ཅན་སྐྱིད་ཀྱི་ལས་ཁུངས་རེ་ཟུང་གི་རྐུབ་སྟེགས་འཛིན་མཁན་ལ་ལས། ཁ་ནས་སྐད་གཞན་ཞིག་བཤད། ལག་གིས་ལས་ཀ་གཞན་ཞིག་བྱེད་པ་སྟེ། ཁ་ཞེ་མི་མཚུངས་ཤིང་དྲང་ཚུགས་མེད་མཁན་ཇེ་མང་ནས་ཇེ་མང་རེད། འདི་ཚོའི་ངོ་ལྐོག་ཐེར་འདོན་བྱས་ཏེ། གངས་སྐྱིད་གཙང་ཕྱགས་ཤིག་བྱེད་རན་འདུག
འགོ་འདྲེན་རིང་ལུགས་ཀྱི་སྤྱི་ཚོགས་ནང་དྲང་བདེན་གྱི་མི་དཀོན་པོ་རེད་ཕྱོགས་གཏོགས་དང་སྐབས་ཚོལ་ལ་འགན་འཁུར་ནས་སྤྱི་ཚོགས་ཀྱི་འཚོ་བ་འགན་སྲུངས་བྱེད་པའི་ལམ་ལུགས་འདི་དེང་དུས་མི་གི་སྤྱི་ཚོགས་ནང་གསར་གཏོད་ཆེ་ཤོས་དེ་ཡིན་པ་ངོས་འཛིན་ཞུ་གི་ཡོད་།
ད་སྤྱི་ཚོགས་ག་པ་ཡིན་ཀྱང་དྲང་བདེན་མེད་པ་ཐག་ཆོད་
བླ་མ་དཀོན་མཆོག་གི་གང་གཟིགས་མ་རྟོགས་དུས་ཚོད་འདིར་འབྱོར་མེད་གྲལ་རིམ་ཡར་ལངས་ཐུབ་རྒྱུ་ཤིན་ཏུ་ནས་ཁག་པོ་རེད་འདུག་