རྒྱ་ནག་རྒྱལ་ཡོངས་རྒྱུག་འགྲན་ཁྲོད་ཨང་དང་པོ་གཉིས་བླངས།

ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་སྐབས་གསུམ་པའི་གཞོན་ནུའི་ཡ་གླིང་ཨོ་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་འགྲན་སྡུར་ཁྲོད་བོད་རིགས་བུ་མོ་འདུར་རྒྱུག་པ་པདྨ་ཆོས་སྒྲོན་ལགས་དང་སྟོབས་རྒྱལ་ལགས་གཉིས་ཀྱིས་ཨང་དང་པོ་བླངས་ཡོད་འདུག

བོད་ནང་གི་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ནས་ཉིན་གྲངས་ ༡༥ རིང་རྒྱ་ནག་ཅང་ཞི་ཞིང་ཆེན་ཧྲང་རའོ་གྲོང་འཁྱེར་དུ། ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་སྐབས་གསུམ་པའི་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་འགྲན་སྡུར་བསྡུས་ཡོད་པ་དང་། ཐེངས་འདིའི་འདེམས་སྒྲུག་འགྲན་སྡུར་ཁྲོད་བོད་ཁུལ་ནས་གཞོན་ནུ་ཕོ་མོ་ ༡༤ མཉམ་ཞུགས་བྱས་ཡོད་པ་དང་།

ཕྱི་ཚེས་ ༡༤ ཉིན་བོད་རིགས་བུ་མོ་འདུར་རྒྱུག་པ་པདྨ་ཆོས་སྒྲོན་ལགས་ཀྱིས། བུད་མེད་དར་མའི་སྤྱི་ལེ་ ༡༠ ཡི་འགྲན་སྡུར་ཁྲོད་སྐར་མ་ ༤༦ དང་སྐར་ཆ་ ༤༠ ཡི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་ཐོབ་ཡོད་པ་དང་། གཞན། འདུར་རྒྱུག་པ་སྐལ་བཟང་ཨང་བཞི་པ་དང་། འདུར་རྒྱུག་པ་ཡེ་ཤེས་ཚེ་དབང་ཨང་བརྒྱད་པ་ཡིན་འདུག

ཁ་སང་ཕྱི་ཚེས་ ༡༦ཉིན། ཀེའུ་ཀྲུའུ་གྲོང་ཁྱེར་དུ་བསྡུས་པའི་ ༢༠༡༨ལོའི་རྒྱ་ནག་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སྡུར་ཁྲོད། རྨིད་ ༥༠༠༠ གི་སྐྱེས་པའི་རྒྱུག་འགྲན་ནང་བོད་རིགས་ལུས་རྩལ་བ་སྟོབས་རྒྱལ་ལགས་ཀྱིས་སྐར་མ་༡༤དང་༠༠སྐར་ཆ༡༣ཡི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་ཐོབ་ཡོད་པ་དང་།  ཐེངས་འདིའི་གྲུབ་འབྲས་ཀྱིས་ཁོང་ད་ལོའི་ཕྱི་ཟླ་༦ནང་སྐོང་འཚོགས་བྱ་རྒྱུ་ཡིན་པའི་༢༠༡༨ལོའི་ཡ་གླིང་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱང་རྒྱུགས་འགྲན་བསྡུར་ཁྲོད་ཞུགས་པའི་ཆོག་མཆན་ཐོབ་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོའི་ལྷོ་ཨ་མི་རི་ཁའི་བྷར་རྫིལ་(Brazil)དབྱར་དུས་ཨོ་རྩལ་འགྲན་ཚོགས་ཐོག ལོན་ཊོན་ཨོ་རྩལ་འགྲན་ཚོགས་ཐོག་དངུལ་གྱི་རྟགས་པ་ཐོབ་པའི་བོད་རིགས་བུ་མོ་འདུར་རྒྱུག་པ་ཆོས་དབྱིངས་སྐྱིད་ལགས་དང་། འདུར་རྒྱུག་པ་སྟོབས་རྒྱས་ལགས་གཉིས་མཉམ་ཞུགས་བྱས་ཏེ། བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་ཁྲོད་ཆོས་དབྱིངས་སྐྱིད་ལགས་ཨང་རིམ་ལྔ་པ་དང་བུའི་རྨིད་ ༥༠༠༠ གི་རྒྱུགས་འགྲན་ནང་སྟོབས་རྒྱས་ལགས་ཨང་ ༩༡ ཡིན་པ་རེད།

བསྐྱར་བཅོས།: ༢༠༡༨/༠༤/༡༨

Leave a Reply

2 thoughts on “རྒྱ་ནག་རྒྱལ་ཡོངས་རྒྱུག་འགྲན་ཁྲོད་ཨང་དང་པོ་གཉིས་བླངས།

  1. དུས་བབས་ཚང་གིས་ཁོང་གི་སྐྱེས་ཡུལ་མ་བཀོད་པ་དེ་ནོར་འཁྲུལ་མིན་མོད་དངོས་ཡོད་གང་ཡིན་ཚང་མ་ཁ་གསལ་པོ་དུས་བབས་ཚང་གིས་འགོད་ཀྱི་རེད་སྙམས་ནས་ཡིད་ཆེས་དང་རེ་བ་བྱས་པ་དེ་རང་གི་ནོར་འཁྲུལ་རེད་དོ

  2. བསམ་པ་རྣམ་དག

    དེ་སྔོན་ཆོས་དབྱིངས་སྐྱིད་ཀྱི་མིང་དང་མཉམ་དུ་སྐྱེས་ཡུལ་གང་ནས་ཡིན་མིན་སོགས་འཁོད་ཐུབ་པ་ཇི་བཞིན་པདྨ་ཆོས་སྒྲོན་གང་ནས་ཡིན་མིན་སོགས་འཁོད་མི་ཐུབ་པ་དུས་བབས་ཚང་ལ་ནུས་པ་མེད་པ་ཡིན་གྱི་མ་རེད།