ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་སྡུག་ཤོས།

ཨ་རིའི་ཆབ་སྲིད་ཚན་རིག་མཐུན་ཚོགས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་སྲིད་འཛིན་ཊོམ་ཕུ་ལགས་ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་ཆེས་སྡུག་ཤོས་ཆགས་ཡོད་སྐོར་བསྒྲགས་འདུག

དེ་རིང་ཨ་རིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་ཕུས་སྲིད་དབང་བཟུང་སྟེ་ལོ་གཅིག་འཁོར་རྗེས། ཨ་རིའི་ཆབ་སྲིད་ཚན་རིག་མཐུན་ཚོགས་(American Political Science Association)ཞེས་པ་ཞིག་གིས། ཨ་རིའི་སྲིད་འཛིན་རིམ་པ་དང་འཛིན་སྐྱོང་ལ་ལོ་བཞི་རེའི་མཚམས་སུ་ཞིབ་འཇུག་བྱེད་སྲོལ་ཡོད་པ་ལྟར། ཞིབ་འཇུག་དེའི་ནང་ཨ་རིའི་མཐོ་རིམ་ཆབ་སྲིད་མི་སྣ་ ༢༠༠ ལྷག་གིས་འོས་འཕངས་ཏེ་ད་ལྟའི་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཨ་རིའི་ལོ་རྒྱུས་ནང་གི་སྲིད་འཛིན་ཆེས་སྡུག་ཤོས་དེ་ཆགས་ཡོད་པའི་ཞིབ་འཇུག་གྲུབ་དོན་ཕྱིར་བསྒྲགས་བྱས་འདུག་ལ། ཨ་རིའི་ལོ་རྒྱུས་ཁྲོད་མི་མང་གིས་ཞབས་འདྲེན་པར་འབོད་པའི་སྲིད་འཛིན་སྐབས ༣༧ པ་རེ་ཆྰར་་ཌི་ནེག་སིན(Richard Nixon)་ཀྱང་སྡུག་ཡིན་པར་བརྗོད།

ཨ་རིའི་ཧོ་སི་ཊོན་གཙུག་ལག་སློབ་གཉེར་ཁང་(Houston)གི་ཉམས་ཞིབ་པ་བྷོ་རེན་ཌིན་རོ་ཊེན་ཧོ་སི་(Brandon Rottinghaus)དང་། ཨ་རིའི་བྷོ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་རྗ་སི་ཊོན་ཝོ་གྷོན(Justin Vaughn)གཉིས་ཀྱིས། ཐེངས་འདིའི་ཞིབ་འཇུག་ཁྲོད་ཉམས་ཞིབ་པ་ ༡༧༠ ལྷག་གིས་ཉམས་ཞིབ་བྱས་ཡོད་པ་དང་། དེའི་ཁྲོད་དུ་བརྒྱ་ཆ་ ༥༧.༢ དམངས་གཙོ་ཚོགས་པ་དང་བརྒྱ་ཆ་༡༢.༧ སྤྱི་མཐུན་ཚོགས་པ། དེ་བཞིན་བརྒྱ་ཆ་༢༧.༡ རང་དབང་ལྡན་པའི་ཚོགས་པ་ཡིན་སྐོར་བརྗོད་འདུག

ཐེངས་འདིའི་ཉམས་ཞིབ་གྲུབ་དོན་ཁྲོད་ཨ་རིའི་སྲིད་འཛིན ་༡༦ པ་ལིན་ཁོན་(Abraham Lincoln) ཨང་རིམ་དང་པོ་དང་། དེ་བཞིན་སྲིད་འཛིན་ཇོར་ཇི་ཝ་ཤིན་ཊོན(George Washington)དང་ཧྥི་རེན་ཁི་ལེན་ཌེ་ལྰ་ནོ(Franklin Delano Roosevelt)། སྲིད་འཛིན་ཐེ་ཌོར་རོ་སི་ཝེལ་ཊི(Theodore Roosevelt)། ཐོ་མ་སི་རྗེ་ཧྥོར་སོན་(Thomas Jefferson)། ཧ་རེ་ཊི་རོ་མྰན(Harry Truman)སོགས་རིམ་པ་བཞིན་ཨང་རིམ་དང་པོའི་རྩེ་མོའི་ནང་སླེབས་ཡོད་པ་དང་། ཆེས་སྡུག་ཤོས་ཀྱི་མཐའ་མ་ནི་ད་ལྟའི་ལས་ཐོག་སྲིད་འཛིན་ཊོམ་ཕུ་དང་ཨན་ཌོར་རྗོན་སོན(Andrew Johnson)། དེ་ནས་ཧྥི་རེན་ཁི་ལེན་པོར་ཟི(Franklin Pierce)དང་ཝེ་ལམ་ཧ་རེ་སོན(William Harrison)། སྲིད་འཛིན་བྷོ་ཁྲིན་ནེན(Buchanan)བཅས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༢༠

Leave a Reply

3 thoughts on “ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་སྡུག་ཤོས།

  1. ཕར་དྲིན་ཅན་མི་ལབ་དཀོར་འགམ་དང་་་་་་་མར་དྲིན་ཅན་མི་ལབ་སེར་ཛར་་་་་་་་ཕ་ཡུལ་གྱི་ཁ་དཔེ་ཞིག་དྲན་སོང་

  2. གངས་རིའི་མེ་ཏོག

    ད་ལྟའི་བཙན་བྱོལ་སྒྲིག་འཛུགས་ལ་མཚོན་ན་ཉམས་ཞིབ་ཟབ་མོ་ཞིག་བྱེད་མ་དགོས་པར་ཕར་བལྟས་ནའང་སུ་ཞིག་སྡུག་ཤོས་ཡིན་མིན་དེ་གསལ་བོ་གསལ་རྐྱང་རེད། གང་ལ་ཟེར་ན་ཆིག་སྒྲིལ་རྩ་བར་གྱུར་བའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་། ལས་བྱེད་ནང་ཁུལ་ཡིད་ཆེས་དང་མཐུན་ལམ། དམངས་ལ་མགོ་འཁྲིད་བྱེད་སྟངས་དང་དམངས་བརྩི་ལས་བསྐུར། ཕྱི་འབྲེལ་འཛིན་ཕྱོགས་དང་ཕྱི་བསྟུན་སྲིད་བྱུས། ཁ་བཤད་ལག་ལེན་གོ་ལྡོག་སོགས་ཕྱོགས་ངོས་མང་པོ་ཞིག་ནས་འདས་པའི་བཙན་བྱོལ་ནང་གི་སྲིད་ཁྲིར་བསྡད་པའི་གྲས་ནས་སློབ་བཟང་ལས་སྡུག་པ་ཞིག་མིག་བརྒྱར་སྤྲུལ་ནས་བཙལ་ཀྱང་རྙེད་དཀའ་བ་ཙམ་རེད། དེར་བརྟེན་གོང་གི་རྒྱུ་མཚན་དེ་དག་གཅིག་པུས་ཀྱང་སློབ་བཟང་ཡིན་པ་གསལ་བོ་གསལ་རྐྱང་རེད།

  3. པ་སངས་ལྟར་དཀར།

    གལ་སྲིད་ད་ལྟའི་ཌོམ་འདི་བློ་བཟང་སེང་གེ་ཡིན་ཚེ། ཁོང་གིས་བཙན་བྱོལ་བོད་ཀྱི་དུས་བབ་ནས་གསར་འགྱུར་འདི་བཀོད་འདུག་པ་ཐོས་འཕྲལ། བོད་མི་ཚོ་ཨ་རིའི་ནང་ཡོང་ས་མེད་པའང་བཟོ་སྲིད། ཡིན་ནའང་། ཌོམ་ཕུས་དེ་འདྲ་རང་གནང་མདོག་ཁ་པོ་མིན་པས། ཞིབ་འཇུག་ཅིག་བྱས་པ་ཡིན་ན། བློ་བཟང་སེང་གེ་ནི་ཌོམ་ཕུ་ལས་ཀྱང་སྡུག་ཤོས་ཆགས་པ་ཚང་མས་ཤེས་གསལ་རེད།