ཀརྨ་ལཊ་ལ་སྔོན་འགྲོའི་རྒྱལ་ཁ་ཆེན་པོ་ཐོབ།

འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་བོད་མི་ཨ་རི་བ་ཀརྨ་ལགས་ཀྱིས་ཨ་རིའི་སྤྱི་མཐུན་ཚོགས་པའི་འོས་མི་སི་ཊེ་ཝི་ཆ་བྷོ་ཊི་ལགས་དང་རང་དབང་འོས་མི་མེའུ་ཁུ་གྷོལ་ཊི་ཆེད་མེ་ཊི་ལགས་གཉིས་ལ་འོས་འགྲན་གནང་རྒྱུ་ཡིན་འདུགཨ་མ་བོད་པ་ཡིན་པའི་ཨ་ཧྥ་ཊབ་ཀརྨ་སིན་པུ་རི་ཝལ་(Aftab Karma Singh Pureval)ལགས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་བཞེངས་ཏེ། ཨོ་ཧོའེ་མངའ་སྡེའི་དམངས་གཙོ་ཚོགས་པའི་འོས་ཤོག་ཆ་ཚང་ཐོབ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་གྱི་དངོས་གཞིའི་སྐབས་དེ་སྔོན་ཐེངས་ ༡༡ ལ་རྒྱལ་ཁ་ཐོབ་མྱོང་ཡོད་པའི་སྤྱི་མཐུན་ཚོགས་པའི་ལས་ཐོག་འོས་མི་སི་ཊེ་ཝི་ཆ་བྷོ་ཊི་(Steve Chabot)དང་། རང་དབང་འོས་མི་མེའུ་ཁུ་གྷོལ་ཊི་ཆེད་མེ་ཊི་(Mike Goldschmidt)གཉིས་ལ་འོས་འགྲན་དགོས་ཀྱི་ཡོད་འདུག

ད་ལྟ་དགུང་ལོ་ ༣༥ ཡིན་པའི་དམངས་གཙོ་ཚོགས་པའི་འོས་མི་ཀརྨ་ལགས་ཀྱིས། ང་ནི་བོད་མི་ཨ་རི་བ་ཞིག་ཨ་རིའི་གྲོས་ཚོགས་འཐུས་མིར་ལངས་བ་ཐེངས་དང་པོ་དེ་ཡིན་ལ། སྐྱབས་བཅོལ་བ་ཞིག་གི་བུ་ཡིན། ངའི་ཨ་མ་ལགས་ནི་བོད་དུ་སྐྱེས་ཤིང་ཕ་མ་དང་ལྷན་དུ་བལ་ཡུལ་ནང་བསླེབས་པ་དང་། དེའི་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བ་ཞིག་ཡིན། ཞེས་བརྗོད་འདུག

ཡང་ཁོང་གིས། ཕ་མའི་མི་རིགས་ལ་བརྟེན་ནས་ཁོང་བོད་མི་ཨ་རི་བ་དང་རྒྱ་གར་ཨ་རི་བ་ཞིག་ཡིན་པར་སྤོབས་པ་སྐྱེས་ཀྱི་ཡོད་ལ། བོད་མིའི་སྤྱི་ཚོགས་ཀྱིས་ཁོང་གྲོས་ཚོགས་འཐུས་མིར་བཞེངས་བ་ཤེས་ཏེ་ཧ་ཅང་དགའ་སྤོབས་སྐྱེས་ཀྱི་ཡོད་པ་དང་། སྤྱི་ཚོགས་བརྒྱུད་ལམ་ཁག་དུ་ཁོང་ལ་འབྲེལ་བ་ཡོད་མཁན་བོད་མི་མང་པོ་ཡོད་པ་དང་། ཁོང་ཚོ་ནི་ཨ་རིའི་རྒྱབ་ཀྱི་རླབས་ཆེན་ཀྱི་སྙིང་སྟོབས་དེ་ཡིན་ལ། ཁོང་ནི་ཁོང་གི་རིག་གཞུང་དང་མི་རིགས་བཅས་ལ་ཧ་ཅང་སྤོབས་པ་ཡོད་སྐོར་བརྗོད་འདུག

གསར་འགོད་པས་ཁོང་གི་ལས་འགན་གཙོ་བོ་གང་ཡིན་དྲིས་པར་ཁོང་གིས། ཆེས་ཐོག་མའི་འགན་ནི་ཨོ་ཧོའེ་མི་མང་གི་བདེ་དོན་ཡར་རྒྱས་གཏོང་བ་དགོས་རེད། དེ་ཡང་འཕྲོད་བསྟེན་དང་རྒྱལ་ཁྲལ། ལས་ཀ་གསར་པ་སྐྲུན་པ་དང་མི་ཚང་མ་མཐོ་སློབ་ལ་འགྲིམས་ཐུབ་པ་བཟོ་རྒྱུ་སོགས་ཡིན་པ་དང་། དེ་བཞིན་ང་རང་བོད་མི་ཨ་རི་བའི་མིག་དཔེ་ཐེངས་དང་པོ་ཞིག་ཡིན་པའི་ཆ་ནས་ལས་དོན་ལ་འབད་བརྩོན་བྱེད་ངེས་ཡིན། ཞེས་བརྗོད་འདུག

ཀརྨ་ལགས་ཀྱི་ཨ་མ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་མེ་སོར་དུ་སློབ་སྦྱོང་བྱས་ཤིང་ལྡི་ལིར་མཐོ་སློབ་སློབ་སྦྱོང་གནང་སྐབས། རྒྱ་གར་པན་ཇབ་མི་རིགས་ཡིན་པ་བྷི་རེ་ཐི་ཨ་རྗེ་ཐི་སིན་(Brig Ajit  Singh)ལགས་དང་ཐུག་ནས་གཉེན་སྒྲིག་བྱས། ཕྱིས་སུ་ཨ་རིར་གནས་སྤོར་གྱིས་ཕྱི་ལོ་ ༡༩༨༢ ལོར་ཀརྨ་ལགས་ཨོ་ཧེའོ་ཞེ་ནི་ཡ་( Xenia)གྲོང་ཁྱེར་དུ་སྐྱེས་ཡོད་པ་དང་། ཕྱི་ལོ་ ༡༩༩༤ ལོར་ཁོང་དགུང་གྲངས་ ༡༣ སྟེང་བོད་ཀྱི་རྒྱལ་ས་ལྷ་སར་ཕྱིན་ཡོད་པ་དང་། ཁོང་གིས་བོད་མི་ཚོས་རང་མི་རིགས་ཀྱི་རིག་གཞུང་བདག་ཉར་བྱེད་པ་ནི་ཧ་ཅང་དཀའ་ཁག་ཏུ་གྱུར་ཡོད་པ་དང་། ཁོང་ནི་བོད་མི་ཚོའི་མིག་དཔེར་གྱུར་ནས་འོད་སྣང་ལྡན་པའི་མ་འོངས་པ་ཞིག་ཡོད་པའི་རེ་བ་རྙེད་པའི་ཡིད་ཆེས་ཡོད། ཅེས་བརྗོད་འདུག

བསྐྱར་བཅོས།: ༢༠༡༨/༠༥/༡༧

Leave a Reply

2 thoughts on “ཀརྨ་ལཊ་ལ་སྔོན་འགྲོའི་རྒྱལ་ཁ་ཆེན་པོ་ཐོབ།

  1. སྲས་སྐུ་ངོ་།

    ཁོའི་མིང་afta འབོད་ཀྱི་ཡོད། ཀརྨ་འབོད་ཀྱི་མེད། ་ཁོའི་མདུན་དུ་ག་རེ་བྲིས་འདུག ཁོས་བོད་མིང་འཁུར་འདོད་མེད་པ་གསལ་བོ་རེད། ཁྱེད་ཚོས་ཨུ་ཚུགས་ག་རེ་བྱེད་ཀྱི་ཡོད་དམ། ཁོའི་སྤོ་སྤོ་ལགས་ཁ་ཆེ་དང་རྨོ་རྨོ་པན་ཇ་བྷེ་རེད། ཁོའི་པ་ལགས་ཁ་ཆེ་དང་ཨ་མ་རང་ཚུགས་མེད་པའི་བོད་རིགས་བུད་མེད་རྩ་རྒན་མ་ཞིག་རེད། ཁ་ཆེ་མི་རབས་གསུམ་བརྒྱུད་ཡང་ད་རུང་ཁ་ཆེ་མིང་འདོགས་སྟངས་ལ་ལྟོས།