སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ནས་ཁྲིམས་གཏུགས་ཞུས།

དེ་རིང་སྔ་དྲོར་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ནས་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་ཁྲིམས་གཏུགས་ཞུས་ཡོད་པ་རེད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཡས་མས་ཙམ་གྱི་ཐོག སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་ཞུས་ཡོད་པ་དང་། སྐབས་དེར་གསར་འགོད་པས་གྱོད་གཞི་ག་རེའི་ཐོག་ཁྲིམས་གཏུགས་གནང་གི་ཡོད་སྐོར་དྲིས་པར་ཁོང་གིས། གྱོད་གཞི་དེ་ཚོའི་སྐོར་ལ་དམིགས་བསལ་ཞུ་བའི་འདོད་པ་གང་ཡང་མེད། ཁྲིམས་ཞིབ་ཁང་ལ་བཅར་རྗེས་གཞི་ནས་གནས་ཚུལ་གསལ་པོ་ཆགས་ཡོང་གི་རེད། ཁྲིམས་ཞིབ་ཁང་ནས་ངོས་ལེན་གནང་སོང་ན་གནས་ཚུལ་ག་རེ་དང་ག་རེའི་སྒང་གྱོད་གཏུག་བྱེད་ཀྱི་ཡོད་པ་ཁ་གསལ་པོ་ཆགས་ཡོང་གི་རེད། གྱོད་གཞི་དེ་མ་ཉེས་ཁག་གཡོགས་ཀྱིས་ངས་བྱས་མེད་པ་ཞིག་ལ་བྱས་པ་རེད་གསུང་གི་ཡོད་པ་རེད། དེའི་བརྒྱུད་རིམ་ཆ་ཚང་ཞིག་ངས་ཞུ་མ་དགོས་པར་རྣམ་པ་ཚོས་མཁྱེན་གྱི་ཡོད་པ་རེད། ཁྲིམས་ཀྱི་གནད་དོན་ཆགས་ཀྱི་ཡོད་པས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་ག་རེ་གནང་བ་ཡིན་ན་དེ་གཞིར་བཟུང་འགྲོ་རྒྱུ་ཡིན། ཞེས་གསུངས་བྱུང་།

ཁྲིམས་གཏུགས་བརྒྱུད་སྤྱི་ཚོགས་ནང་འཁྲུག་ཆ་ཡོང་མིན་ཐད་ཁོང་གིས། སྤྱི་ཚོགས་ནང་གི་འཁྲུག་ཆ་ཞི་འཇམ་ཡོང་ཐབས་སུ་ཐབས་ལམ་གཉིས་ཡོད། གཅིག་དེ་འཛིན་སྐྱོང་གི་ངོས་ནས་ཐུགས་འགན་བཞེས་རྒྱུ་དང་། གཉིས་པ་དེ་ཁྲིམས་ཞིབ་ཁང་ནས་གཙང་མ་བཟོ་རྒྱུ་དེ་གཉིས་རེད་མ་གཏོགས། ང་ཚོ་ང་རང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱིས་བཙུགས་བཞག་ཡོད་པའི་དམངས་གཙོའི་ཀ་བ་གསུམ་གྱི་བརྒྱུད་རིམ་ཆ་ཚང་ཞིག་འགྲོ་དགོས་ཀྱི་ཡོད་པ་རེད། འདི་ནི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་དགོས་པའི་གནད་དོན་ཞིག་ཡིན་དུས། ཁྲིམས་ཞིབ་ཁང་ལ་འགྲོ་ཡི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་མི་མང་ནང་འཁྲུག་ཆ་ཡོང་དགོས་པའི་རྒྱུ་མཚན་ཞིག་རྩ་བ་ཉིད་ནས་ཆགས་ཡོད་པ་མེད། ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱས་རྗེས་མི་མང་ལྷིང་འཇགས་ཡོང་བར་ངས་རེ་བ་ཞུ་ཡི་ཡོད། གལ་སྲིད་ཁྲིམས་ཁང་ལ་ཡར་མ་བཅར་བ་ཡིན་ན་མ་འོངས་པར་གནས་སྟངས་ག་རེ་ཆགས་ཀྱི་ཡོད་པ་ཤེས་ཀྱིན་མེད་སྟབས། གནད་དོན་དེ་གཙང་མ་བཟོ་ཐབས་སུ་ལམ་ཁ་ཁྲིམས་ཞིབ་ཁང་མ་གཏོགས་ཡོད་པ་མ་རེད། དེར་བརྟེན། ང་རང་བོད་རིགས་དཀྱུས་མ་ཞིག་ཡིན་པའི་ཆ་ནས་ཁྲིམས་ཞིབ་ཁང་ལ་འགྲོ་ཡི་ཡོད། ཅེས་གསུངས་བྱུང་།

ཡང་ཁོང་གིས། ང་རང་ཁྲིམས་ཞིབ་ཁང་ལ་འགྲོ་བ་དེ་སོ་སོར་བདེན་པ་ཡོད་པའི་གནས་སྟངས་ཤིག་གི་འོག་ནས་འགྲོ་ཡི་ཡོད་པ་ལས། ཐག་གཅོད་ག་རེ་གནང་དང་མ་གནང་དེ་ཁྲིམས་ཞིབ་ཁང་ནས་གནང་དགོས་པ་ཞིག་ལས་དེའི་ཐོག་ལ་ངས་འདི་རེད་དང་འིད་མ་རེད་ཅེས་ཞུ་ཐུབ་ཀྱི་ཡོད་པ་མ་རེད་ལ། ཁྲིམས་ཞིབ་ཁང་གིས་ཐག་གཅོད་ག་རེ་གནང་བ་ཡིན་ནའང། ང་ཚོ་བོད་མི་སུ་ཞིག་ཡིན་རུང་དེ་ལ་ངོས་ལེན་ཞུ་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་བྱུང་།

དེ་རིང་ཉིན་གུང་ཆུ་ཚོད་ ༡ ཡོལ་ཙམ་ཞིག་ལ་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱེད་ཀྱིན་ཡོད་པའི་ཐད་བཀའ་འདྲི་ཞུས་སྐབས། ད་ལྟའི་ཆར་དམིགས་བསལ་གང་ཡང་ཞུ་རྒྱུ་མེད། མ་འོངས་པར་ཞུ་རྒྱུ་ཡིན། ཞེེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༡༨

Leave a Reply

7 thoughts on “སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ནས་ཁྲིམས་གཏུགས་ཞུས།

  1. ༄༅། ཨ་ཅོ་སྤེན་པ་ཚེ་རིང། མ་ཉེས་ཁ་རྙོག་ཡིན་ཞེས། ཁྲིམས་ལ་གཏུགས་པར་ཕེབས་སོང།
    བོད་ཀྱི་ཁྲིམས་ཞིབ་ཁང་ནས། ཁྱོད་བཤད་ར་འཕྲོད་མེད་པར། ཁྲིམས་ལ་གཏུགས་པའི་ཞུ་སྙན།
    ཕྱིར་སློག་གནང་ན་གང་བྱེད།
    ཐུགས་བློ་བདེ་བོ་གནང་དང། རྒྱ་གར་གཞུང་གི་ཁྲིམས་ཁང།
    སིམ་ལའི་གྲོང་ལ་ཡོད་རེད། འབྲེལ་ཆགས་ཨ་རིའི་ཁྲིམས་ཁང་།
    ཝ་ཞིང་ཀྲོན་ལ་ཡོད་རེད།
    བོད་ཀྱི་ཁྲིམས་ཁང་མ་གཏོགས། ཁྲིམས་གླ་ཆེ་ཙམ་ཡོད་རེད།
    ཚེ་གང་སྒྲུབ་པ་བརྒྱབ་སའི་། ལྷ་ཁང་རྩ་ཆེན་དེ་ཡི།
    ཞོགས་གཅིག་རླུང་གིས་འཁྱེར་བ། སེམས་ནང་ག་རེ་ཤར་རམ།

  2. བར་ལམ་སྤྱི་ཚོགས་ནང་རྙོག་གླེང་གང་མཚམས་སླེབས་ཡོག་རེད་།འཛིན་སྐྱོང་ངོས་ནས་ལས་བྱེད་ཤིག་འཕོ་འགྱུར་གཏོང་ཡར་སྐུ་དབང་མེད་ན་ཕྱག་ལས་ག་འདྲའི་ཞིག་གནང་དགོས་ཀྱི་རེད།སྤེན་ཚེ་རྒྱབ་སྐྱོར་བ་ཚོས་བློ་སེང་གི་གསུང་བཤད་གནང་སར་མདུན་ལ་སླེབས་ནས་འཕྲེད་དར་འཁྱེར་ནས་ངོ་རྒོལ་བྱས་པ་དེ་འཛམ་བུ་གླིང་མི་རྣམས་མཐོང་གསལ་རེད།སྐད་གྲགས་བཞག་ཚར་པ་རེད།
    ད་ཁྲིམས་ཐོག་གཙང་མ་བཟོས་རྒྱུ་ལས་ལྷག་ཡོག་མ་སོང།བོད་པའི་ཁྲིམས་ཞིབ་གི་ཐག་གཅོད་མ་ཐུབ་ན་གནས་ཡུལ་རྒྱལ་ཁབ་རྒྱ་གར་གྱི་ཁྲིམས་ཁང་ནང་གཙང་མ་བཟོས་དགོས་པ་ལས་དེ་འདྲའི་སྡོད་ན་ཡོང་ཡ་རེད་མི་འདུག་ག།བོད་ནང་མི་དེ་ཚོས་ག་རེ་ལབ་ཀྱི་ཡོག་རེད་ཟེར་ན།ཆོལ་གསུམ་མི་དམངས་ཀྱི་འདེམས་པའི་སྲིད་སྐྱོང་དང་འཛིན་སྐྱོང་བཀའ་ཤག་ལ་དབང་ཡོད་བཤད་ཆོག་ཆོག་དེ་འདྲའི་གང་་འདྲའི་རེད།རྒྱུ་དང་རྐྱེན་ག་བར་ཐུབ་སྡོད་ཀྱི་ཡོག་རེད་ཞེས་ལབ་བསྡད་འདུག
    ཕྱིར་ལོག་ལ་སྨྲ་བརྗོད་རང་དབང་ལ་སོགས་ཚིག་དེ་ཁ་ལ་ཁྱེར་གང་བྱུང་མ་བྱུང་བྱེད་དྲག་ན་ལྡོག་ཕྱོགས་ཀྱིས་འབྲས་བུ་ཐོན་པའི་རྒྱུ་ལ་ངོས་འཛིན་བྱ་བའི་ཡོད།
    དཔལ་ལྡན་ཁྲིམས་ཞིབ་ཁང་ནས་ཐུགས་ཐག་གང་གཅོད་པ་དེ་ལ་ཕྱོགས་གཉིས་ཀྱི་བརྩི་འཇོག་གནང་རོགས།

  3. གཞུང་པ་ཚེ་དབང་བསོད་ནམས་།

    ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནས་ཁྲིམས་མཐུན་དང་ལུགས་མཐུན་གྱི་ཞིབ་འཇུགས་ཚོགས་ཆུང་བཙུགས་ཡོད་ན་ད་ལྟའི་ཁྲིམས་གཏུགས་ཀྱི་གནས་ཚུལ་འདི་ལྷག་གི་མ་རེད་ད་ཆ་བོད་ནང་ཡོད་པའི་རྒྱ་ཆེ་མང་ཚོགས་དང་མ་འོངས་བོད་ཀྱིས་ལོ་རྒྱུས་ལ་འགན་འཁུར་ནས་མི་རབས་རྗེས་མ་ཚོར་འབྲེལ་བཤད་དང་དགྲ་བོ་རྒྱ་དམར་ལ་གདོང་ག་འདྲ་ཞིག་བསྟན་ཐུབ་ཀྱི་ཡོད་དམ་།

  4. སྤེན་པ་ཚེ་རིང་ལགས། ཁྱེད་རང་རེ་བ་མ་རྒྱག། བློ་བཟང་སེང་གེའི་ ལྔ་དང་ལྔ་བཅུའི་ འཆར་གཞི་བཀོད་ཚར་པ་རེད། 5 དང་ 5+10=20 བློ་བཟང་སེང་གེ། Mr Xi Jinping དངོས་སྒྲུབ་ཚེ་རིང་། Mr Wang Qishan སྐར་མ་དགེ་ལེགས། Mr Li Keqaing ཧ ཧ ཧ དམངས་གཙོའི་ཀ་བ་གསུམ་གཅིག་ལ་འགྱར་ཚར་པ་རེད། སྤེན་པ་ཚེ་རིང་ལགས། ཡིན་ནས་་་ རེ་བ་བཟང་ས་ནས་རྒྱག དཀའ་ལས་སྡུག་ས་ནས་རྒྱག གདིང་ཚོད་ཡོད་ན་་་ ཏན་ཏན་ཡོད་མ་རེད་ད།