དགའ་རོགས་བསད་དེ་ཕུང་པོ་དུམ་བུ་མང་པོར་བཏང་།

ཐའེ་ཝན་ནང་བུད་མེད་དམར་གསོད་གཏོང་བའི་དོན་རྐྱེན་མང་རུ་འགྲོ་བཞིན་ཡོད་འདུགཕྱི་ཟླ་༥ ཚེས་༣༡ ཉིན་ཐའེ་ཝན་གསར་འགྱུར་བརྒྱུད་ལམ་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཐའེ་ཝན་གྱི་སྐྱེས་པ་ཞིག་གིས་རང་གི་དགའ་རོགས་བསད་དེ།  ཕུང་པོ་དུམ་བུ་མང་པོར་བཏང་ནས་ཆེ་ཆུང་མི་འདྲ་བའི་ཁུག་མ་བརྒྱད་ཀྱི་ནང་དུ་བཅུག་སྟེ། ཉེ་འགྲམ་གྱི་མེ་ཏོག་ལྡུམ་ར་ཞིག་ནས་ས་འོག་ཏུ་སྦས་ཡོད་པ་དང་། ཕྱི་ཉིན་ཁོ་རང་གིས་རང་ཤི་བརྒྱབས་ཡོད་འདུག

ཐའེ་ཝན་གསར་ཁང་གིས་བརྗོད་ན། སྐྱེས་པ་དེའི་མིང་ལ་གྷ་རེ་ཁྲོ་(Gary Chu)དང་། ཁོ་ནི་ཐའེ་ཝན་རྒྱལ་ཡོངས་ཁུ་ཚུར་རྩེད་འགྲན་པ་ཞིག་ཡིན་པ་དང་། ཁོས་ལོ་ན་༢༧ ཡིན་པའི་དགའ་རོགས་བུ་མོའི་ཕུང་པོ་རྣམས་ཉེ་འགྲམ་གྱི་མེ་ཏོག་ལྡུམ་རའི་ས་འོག་ཏུ་བཅུག་ཡོད་པ་རྙེད་སོན་བྱུང་ཡོད་ཀྱང་། ནང་སྣོད་ད་དུང་རྙེད་མེད་སྟབས། གྷ་རེ་ཁྲོ་ཡིས་བུ་མོ་དེ་བསད་ནས་ནང་སྣོད་ཁོ་རང་གིས་ཟས་ཡོད་པའི་དོགས་གཞི་ཡོད་འདུག

བུ་མོ་དེའི་མིང་ལ་ཧང(Huang)དང་ཐའེ་ཝན་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་ཡོད་པ་དང་། མོ་དང་གྷ་རེ་ཁྲོ་གཉིས་བར་ལ་འབྲེལ་བ་བྱུང་ནས་ཟླ་བ་གཉིས་ཙམ་ལས་སོང་མེད་པ་དང་། གྷ་རེ་ཁྲོ་ཡིས་མོ་གསོད་དགོས་དོན་ཁོ་གཉིས་ཐོག་མར་དགའ་རོགས་སྒྲིག་རྒྱུའི་སྐད་ཆ་བཤད་སྐབས། ཧང་གིས་དེ་སྔོན་དགའ་རོགས་བསྒྲིགས་མྱོང་མེད་སྐོར་བཤད་ཡོད་ཀྱང་། ཁོ་གཉིས་དངོས་སུ་འབྲེལ་བ་བྱུང་སྐབས་བུ་མོ་ཧང་ཞབས་གསར་མ་མིན་པ་མ་ཟད། མོས་ནམ་རྒྱུན་དྲ་ལམ་ནས་མི་གཞན་དང་ཁ་བརྡ་བྱེད་ཀྱི་ཡོད་པས་ཡིན་སྐོར་བརྗོད་འདུགམོས་ནམ་རྒྱུན་མི་གཞན་དང་དྲ་ལམ་བརྒྱུད་འབྲེལ་བ་བྱས་པར་ཁོ་གཏན་ནས་དགའ་བོ་མེད་པ་དང་། གནད་དོན་དེའི་རྐྱེན་ཀྱིས་ཁོ་གཉིས་བར་ལ་བདུན་གཅིག་ཙམ་རིང་ལ་འབྲེལ་བའང་ཆད་ཡོད་པ་དང། སྐབས་དེར་ཧང་གི་ཕུ་བོས་མི་མང་ཁྲོད་ནས་གྷ་རེ་ཁྲོ་ཡིས་ཁོའི་ནུ་མོ་ལ་ངན་ཇུས་བྱེད་ཀྱི་ཡོད་པའི་སྡུག་དམོད་སོགས་བྱས་ཡོད་འདུག དེ་ནས་ཉིན་ཤས་ཤིག་ལ་ཧང་དང་གྷ་རེ་ཁྲོ་གཉིས་མཐོང་རྒྱུ་མེད་པར་གྱུར་བ་དང་། ཧང་གི་ཕུ་བོས་ཉེན་རྟོག་པ་འཁྲིད་དེ་གྷ་རེ་ཁྲོ་ཡི་ཁང་པའི་ནང་ཕྱིན་སྐབས་ཁང་པ་སྟོང་པར་ལྷག་ཡོད་པ་དང་། མི་ཚོས་ཁོ་དང་འབྲེལ་བ་མ་བྱུང་བར་ཉིན་ཤས་སོང་ཡོད་སྐོར་བརྗོད། དེ་ནས་ཉེས་རྟོག་པས་ཁོའི་ཁང་པའི་ཕྱི་རོལ་ན་ཡོད་པའི་བརྙན་མིག་ནང་དུ་ལྟ་སྐབས། ཕྱི་ཟླ་ ༥  ཚེས་ ༢༠ ཉིན་བུ་མོ་ཧང་ཁང་པའི་གྱང་ཁ་ནས་འཛེགས་ཏེ་གྷ་རེ་ཁྲོ་ཡི་ནང་དུ་འཛུལ་བཞིན་ཡོད་པ་མཐོང་ཡོད་པ་དང་། ཅུང་ཙམ་ནས་གྷ་རེ་ཁྲོ་ཡིས་གད་སྙིགས་ཁུག་མ་བདུན་ཙམ་ཞིག་ཁུར་ནས་ཉེ་འགྲམ་གྱི་མེ་ཏོག་ལྡུམ་རའི་ནང་ལས་ཀ་ཞིག་བྱེད་བཞིན་པ་མཐོང་ཡོད་འདུག

དེ་ནས་ཉེན་རྟོག་པས་མེ་ཏོག་ལྡུམ་ར་སྔོག་བཤེར་བྱེད་སྐབས། བུ་མོ་ཧང་གི་ཕུང་པོ་དུམ་བུ་མང་པོར་གཙབ་ནས་ཁུག་མ་བརྒྱད་ཀྱི་ནང་དུ་བཅུག་ནས་སྦས་ཡོད་པ་ཤེས་རྟོགས་བྱུང་། ཡིན་ནའང་། མོའི་ཕུང་པོའི་ཆ་ཤས་ལས་ནང་སྣོད་དག་རྙེད་སོན་བྱུང་མེད་པ་དང་། རྟོག་ཞིབ་བྱས་པ་བརྒྱུད་མིང་ལ་ཝང་(Weng)ཞེས་པ་ཞིག་གིས་ནང་སྣོད་དག་གསང་སྤྱོད་དུ་གཡུགས་ཏེ། ཆུས་དེད་པ་མིན་ན་ཁོས་ཟས་ཡོད་པར་དོགས་གཞི་ཡོད་སྐོར་བརྗོད་འདུག

ཉེན་རྟོག་པས་གྷ་རེ་ཁྲོ་ཡིས་མོ་དམར་གསོད་བཏང་ཡོད་པའི་དོགས་གཞིའི་འོག་ཁོ་རྩད་གཅོད་གཏོང་སྐབས། ཕྱི་ཉིན་དེར་གྷ་རེ་ཁྲོ་ཡིས་ཤིང་སྡོང་ཞིག་ལ་སྐེ་བཏགས་ནས་རང་ཤི་བརྒྱབས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཁོའི་འགྲམ་དུ་བཞག་པའི་ཁུག་མའི་ནང་དུ་མོས་ང་ལ་ནོར་འཁྲུལ་བྱས་སོང་ཞེས་བྲིས་པའི་ཡི་གེ་ཞིག་ཡོད་པར་བརྟེན། ཉེན་རྟོག་པས་ཁོ་ལག་དམར་ཡིན་པར་ངོས་འཛིན་བྱས་ཡོད་པ་དང་། ཁོའི་ནང་ནས་གྲི་ཞིག་ཀྱང་རྙེད་ཡོད་འདུག

ཐའེ་ཝན་ནང་ཉེ་བའི་ལོ་ཤས་ནས་བུད་མེད་དམར་གསོད་ཀྱི་དོན་རྐྱེན་བསྟུད་མར་བྱུང་གི་ཡོད་པ་དང་། ཉེ་སྔོན་ཐའེ་ཝན་གྱི་བཅུ་བདུན་བརྙན་འཕྲིན་ཐད་གཏོང་ཁང་གི་མདོ་འཛིན་པ་མཚན་མོར་རང་ཁྱིམ་དུ་ལོག་པའི་ལམ་བར་དུ། མོའི་དགའ་རོགས་རྙིིིིིིིིིང་པ་དེས་གྲིས་བརྒྱབས་དམར་གསོད་བཏང་ཡོད་པ་དང་། དེ་བཞིན་བུ་མོ་ལོ་ན་༡༩ ཡིན་པ་ཞིག་ཐའེ་ཝན་རྒྱལ་ས་ཐའེ་པེ་ནས་རང་གི་དགའ་རོགས་ཀྱིས་གྲིས་བརྒྱབས་ཏེ་བསད་ཡོད་འདུག ཕྱི་ལོ་༢༠༡༤ ལོའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་ཞིག་གི་ནང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་བུད་མེད་ཀྱི་ཐོབ་ཐང་གནས་བབ་ཧ་ཅང་སྐྱོ་བོ་ཡིན་པ་དང་། དམིགས་བསལ་གྱིས་རྒྱལ་ཁབ་ཁག་ཅིག་གི་མིང་ཐེར་འདོན་བྱས་ཡོད་པ་ལས་ཐའེ་ཝན་མཚོ་གླིང་ནང་བུད་མེད་ཐོབ་ཐང་དང་ལྷག་པར་བུད་མེད་ལ་བརྙས་བཅོས་བྱེད་ཤུགས་ཆེན་པོ་ཡིན་སྐོར་བསྒྲགས་ཡོད་འདུག

ཐའེ་ཝན་གཞུང་ཕྱོགས་ནས་བརྗོད་པའི་གནས་ཚུལ་ལྟར་ན། ཉེ་བའི་ལོ་འགའི་སྔོན་ནས་ཐའེ་ཝན་ནང་དུ་བུད་མེད་ལ་ལྟ་སྟངས་ཡག་རུ་འགྲོ་ཡི་ཡོད་པ་མ་ཟད། ལྷག་པར་དུ་ལྕམ་ཚའེ་ཡོན་ཝན་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་དེས་ཡུལ་དེའི་བུད་མེད་ལ་མཐོང་ཚུལ་ཡག་ཏུ་ཕྱིན་ཡོད་པ་དང་། སྔོན་ཆད་དང་བསྡུར་ན་གཞུང་ཕྱོགས་ཀྱི་མགོ་འཁྲིད་ཚོའི་ནང་བུད་མེད་མང་པོ་བསླེབས་ཡོད་སྐོར་བརྗོད་ཡོད་འདུག་མོད། ཉམས་ཞིབ་པ་དང་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་པ་ཚོས་ཐའེ་ཝན་ནང་དུ་བུད་མེད་ཀྱི་གནས་བབ་ཉེན་ཁའི་ནང་ལྷུང་བཞིན་ཡོད་པ་དང་། ཕྱི་ལོ་༢༠༡༣ ལོ་ནས་ཐའེ་ཝན་ནང་བུད་མེད་དམར་གསོད་དང་བཙན་གཡེམ་བྱས་པའི་དོན་རྐྱེེེན་མང་རུ་སོང་ཡོད་སྐོར་བརྗོད་འདུག

ཐའེ་ཝན་ནང་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་ཀྱི་ལས་འགུལ་དེ་ཕྱི་ལོ་༡༩༦༠་ནས་༡༩༧༠ བར་བྱུང་ཡོད་པ་དང་། ཕྱི་ལོ་༡༩༩༠་ལོར་ཐའེ་ཝན་གྱི་བུད་མེད་ཐོབ་ཐང་སྲུང་སྐྱོབ་གཏན་འབེབ་བྱས་ཏེ། ཕྱི་ལོ་༢༠༠༠ ལོ་ནས་ལག་བསྟར་བྱས་ཡོད་ན་ཡང་། སྤྱིའི་ཆ་ནས་ཐའེ་ཝན་ནང་སྲོལ་རྒྱུན་རྙིང་པའི་ལམ་ལུགས་འོག་བུད་མེད་ལ་བརྙས་བཅོས་དང་མཐོང་ཆུང་གི་རྣམ་པ་ཤུགས་ཆེན་ཡོད་འདུག

གསར་འགོད་པ།  སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༠༣

Leave a Reply

2 thoughts on “དགའ་རོགས་བསད་དེ་ཕུང་པོ་དུམ་བུ་མང་པོར་བཏང་།

  1. སོ་སོའི་དགའ་བོ་བསད་པ་ནི་དུས་རབས་ངན་པ་ཐབས་སྡུག་གི་དུས་སྐབས་ཤིག་རེད་ཨང།
    དེ་འདྲའི་བསོད་ནམས་དམན་པ་ལ་།

  2. ཧམ་སང་དགོས་ཡ་དེ་ཙམ་མི་འདུག་སྙམ།་ག་ལ་ཞུས་ན་།འཛམ་གླིང་ཐོག་ཨ་རི་ཡིན་ན་མིག་དཔེ་བལྟས་སར་ཞིག་རེད།འོན་ཀྱང།
    ཨ་རིའི་བ་སློབ་ཕྲུག་གི་སློབ་གྲྭའི་ནང་མེ་མདའ་རྒྱག་ན་མི་ག་ཚད་བསོད་ཀྱི་ཡོག་རེད།ཡུབ་རབ་ནང་འཇིགས་སྐུལ་རིང་ལུགས་ཀྱི་གྲི་དང་མེ་མདའ་གང་བྱུང་རྒྱག་ནས་མི་ག་ཚད་བད་རྨས་བྱུང་ཡོག་རེད།རྒྱ་གར་དུ་ཡིན་ན་ལོ་རེ་ནང་བུད་མེད་ལ་བཙན་གཡེན་བཏང་བ་དང་བསད་པ་སོགས་ག་ཚད་བྱུང་གི་ཡོག་རེད།